«བཀའ་གདམས་པའི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག»ཅེས་པ་པར་དུ་སྐྲུན།

ཉེ་ལམ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གྲ་བཞི་མིག་དམར་ཚེ་རིང་ལགས་ཀྱིས་བརྩམས་པའི«བཀའ་གདམས་པའི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།

ནང་དོན་ངོ་སྤྲོད།

དཔེ་དེབ་འདིའི་ནང་དུ་བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་བཀའ་གདམས་པའི་ལོ་རྒྱུས་ཡིག་ཆ་རྣམས་ཆོས་འབྱུང་དང་། རྣམ་ཐར། གནས་བཤད། གདན་རབས། དཀར་ཆག བསྟན་རྩིས། གསན་ཡིག་བཅས་སུ་དབྱེ་སྟེ། ཁྱོན་ཡིག་ཆ་ཉི་ཤུ་ལྷག་ཙམ་གྱི་མཛད་པ་པོའི་ལོ་རྒྱུས་དང་། དཔར་གཞིའི་ཁྱད་ཆོས། ནང་དོན་དང་སྒྲིག་གཞི། མཛད་པ་པོས་དཔྱད་གཞིར་བཟུང་བའི་ཡིག་ཆ། ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་བཅས་ཀྱི་སྐོར་ལ་ཞིབ་འཇུག་བྱས་ཡོད།

དཀར་ཆག

རྩོམ་པ་པོ་ངོ་སྤྲོད།

གྲ་བཞི་མིག་དམར་ཚེ་རིང་། ཕ་ཡུལ་བོད་ལྗོངས་ལྷ་ས། འབུམ་རམས་པ། ཞིབ་འཇུག་པ་ཆེན་མོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང«བོད་ལྗོངས་ཞིབ་འཇུག»རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་དང་། «བོད་ལྗོངས་ཞིབ་འཇུག»རྒྱ་ཡིག་དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པ་ཡིན། ཁོང་གིས་ད་བར་དུ་བོད་རིག་པའི་ཞིབ་འཇུག་གི་ཆེད་དེབ་དྲུག་དང་དཔྱད་རྩོམ་བཞི་བཅུ་ལྷག་ཙམ་སྤེལ་མྱོང་བ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号