《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ》པར་སྐྲུན་འགྲེམས་སྤེལ་བྱས་པ།

ཉེ་ལམ། མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད་ལས། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དཀོན་མཆོག་འཇིགས་མེད་དབང་པོ་མཆོག་ནི་ཡུལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་ཡིན་ལ། ཁོང་གི་གསུང་འབུམ་ལ་ཁྱོན་བསྡོམས་པོད་བཅུ་གཉིས་བཞུགས།  པོད་དང་པོ་ནས་བཞི་པའི་བར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། ཀུན་མཁྱེན་འཇིགས་མེད་དབང་པོ། པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་ཀྱི་རྣམ་ཐར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་དང་། པོད་ལྔ་པ་ནས་བཅུ་གཉིས་པའི་བར་དམ་པ་གང་གི་གསུང་ལས་སྨིན་པའི་ཞལ་གདམས་དང་ཆབ་ཤོག བཤད་པ། བཅའ་ཡིག་སོགས་གསུང་ཐོར་བུའི་སྐོར་དང་། ཚད་མ་དང་དབུ་མ། ཕར་ཕྱིན། མཛོད་དང་འདུལ་བ་སོགས་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔའི་ལྟ་བའི་གནད་རྣམས་གཅིག་ཏུ་བསྡུས་ཏེ་བསྟན་ཡོད་པར་མ་ཟད། སྔགས་ཕྱོགས་རྒྱུད་སྡེ་བཞིའི་དགོངས་དོན་གྱི་བཅུད་རྣམས་བོད་སྔ་རབས་དང་ཕྱི་རབས་ཀྱི་བསྟན་བཅོས་ཚད་ལྡན་དག་ཕན་ཚུན་གོ་བསྡུར་ཏེ་དྲངས་ཡོད་པས། བློ་མཆོག་དམན་བར་གསུམ་སུ་ལ་མཚོན་ནའང་ལྟ་བདེ་ཞིང་ངེས་སླ་བའི་ཁྱད་ཆོས་ལྡན།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ་ནི་མདོར་ན། མདོ་སྔགས་རིག་གནས་སྤྱི་དང་སྒོས་སུ་ནང་དོན་རིག་པ་དང་། བོད་ཀྱི་ཆོས་འབྱུང་རྣམ་ཐར་སོགས་ལ་འཇུག་འདོད་པ་རྣམས་ལ་མཚོན་ན་ཤིན་ཏུ་རྩ་ཆེ་བའི་དཔྱད་གཞི་གལ་ཆེན་ཡིན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号