༄༅། །དེབ་གསར། «ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་གནའ་བོའི་དམངས་ཁྲོད་རྩོམ་རིག»
ཉེ་ཆར། རྒྱལ་སྤྱིའི་བོད་རིག་པ་བF.W.ཐཱོ་མ་སྀ་ཡིས་བརྩམས་ཤིང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་གཡུ་རྔོག་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར་མཆན་བཏབ་པའི«ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་གནའ་བོའི་དམངས་ཁྲོད་རྩོམ་རིག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། F.W.ཐཱོ་མ་སྀ་ཡི་མཚན་ཡོངས་ལ་ཧྥི་རེ་རྡེ་རི་ཀྀ·ཝི་ལིམ·ཐཱོ་མ་སྀ(Frederick WilliamThomas)ཞུ་ཞིང་། སྤྱི་ལོ1867ལོར་འཁྲུངས་པ་དང་སྤྱི་ལོ1956ལོར་གྲོངས། དབྱིན་ཇིའི་ཤར་ཕྱོགས་ཞིབ་འཇུག་པ་གྲགས་ཅན་དང་། བོད་ཀྱི་ཡིག་རྙིང་སྐོར་ལ་གཞན་དྲིངས་མི་འཇོག་པའི་མཁས་པ་ཆེན་པོ་ཡིན། ཁོང་བོད་སྐད་དང་ལེགས་སྦྱར་སྐད། རྒྱ་སྐད་གསུམ་ལ་མཁས་པར་མ་ཟད། ཨེ་ཤ་ཡའི་སྐད་རིགས་གཞན་ལའང་རྒྱུས་ཤིན་ཏུ་ཆེ་ཞིང་། སྐད་ཡིག་སློབ་པ་ལ་ཤེས་རབ་བླ་ལྷག་ཏུ་ཆེ་བར་གྲགས།
དེབ་འདིར་བསྡུས་པ་ནི་སྀ་ཏེན་གྱིས་ཁྱེར་ཞིང་རྒྱ་གར་དོན་གཅོད་ཁང་གི་དཔེ་མཛོད་དུ་ཉར་བའི་བོད་ཡིག་ཤོག་དྲིལ་ཨང་རྟགསCh. 82, IVདང་། Ch.75, IV,fr.1དང་། Ch. 73, XV,4དང་། Ch. 85,1X,4དང་། Ch.fr.1དང་། Vol.55,fol.6བཅས་ཡིན་འདུག་ཅིང་། ཕྱིས་སུ་ཡིག་ཆ་འདི་དག་ལ་དབྱིན་ཉར་ཨང་རྟགས་བཀོད་པ་ནི(IOL Tib J 731, IOL Tib J 732, IOL Tib J 733, ITJ_0734, ITJ_0730, IOL Tib J 738)བཅས་ཡིན།
དེབ་འདིར་ཐཱོ་མཱ་སྀས་ཡུལ་ཁམས་ཆགས་སྟངས་དང་སྐད་བརྡའི་ཁྱད་ཆོས་ཅུང་ཞིབ་རྒྱས་སུ་གླེང་རྗེས། ཡིག་ཆ་རེ་རེ་བཞིན་ཕྱོགས་དྲུག་ཏུ་བཀར་ཡོད་དེ། འདིར་ཡིག་ཆ་ཁག་གི་ཨང་རྟགས་གསལ་བོར་བཀོད་ན་གཤམ་ལྟར་ཏེ།གླེང་གཞི། དོན་ཚན་དང་པོ། ཡུལ་ཁམས་ཆགས་སྟངས། དོན་ཚན་གཉིས་པ། སྐད་བརྡའི་ཁྱད་ཆོས།ལེའུ་དང་པོ། ཚེ་དུས་བཟང་པོའི་མཇུག་དང་རྟ་རྐྱང་དབྱེ་རབས་སོགས།(IOL Tib J 731) དང་པོ། ཆོ་སྨོས་ཕའི་ལེའུ། གཉིས་པ། རྟ་རྐྱང་དབྱེ་བའི་རབས། གསུམ་པ། སྟེན་རྒན་ཉར་པའི་མདད་དང་གྱིམ་པོ་ཉན་ཅིག་གི་མནའ་མ།ལེའུ་གཉིས་པ། གྱིམ་པོ་ཉན་ཅིག་གི་མནའ་མའི་རབས།(IOL Tib J 732)ལེའུ་གསུམ་པ། ཚེ་དུས་བཟང་པོའི་དུས་མཇུག(IOL Tib J 733)ལེའུ་བཞི་པ། ཚེ་དུས་ངན་པ་བབས་ཚུལ་དང་། སྐྱི་ཡུལ་དང་དེའི་ཆོས་ལུགས།(ITJ_0734)ལེའུ་ལྔ་པ། སུམ་པའི་མ་ཤགས་ཆེན་མོ།(IOL Tib J 730)ལེའུ་དྲུག་པ། མོ་ཡིག་འགའ(ITJ_0738)
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注