བསོད་ནམས་ཚེ་རིང་གི་ལྷུག་རྩོམ<<སྐྱས་ལམ>>པར་སྐྲུན་བྱས།

ཟླ9པའི་ཚེས13ཉིན། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་དང་མཚོ་སྔོན་དགེ་འོས་སློབ་ཆེན་རིག་གནས་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་རྩོམ་རིག་དང་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་གིས་གཙོ་སྒྲུབ་བྱས་པའི་བསོད་ནམས་ཚེ་རིང་གི་ལྷུག་རྩོམ་ཕྱོགས་སྒྲིག<<སྐྱས་ལམ>>པར་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་འཚོགས། ལན་ཀྲོའུ་སློབ་ཆེན་དང་ནུབ་བྱང་དགེ་འོས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ནས་ཡོང་བའི་དགེ་རྒན་ཆེན་མོ་དང་སློབ་མ། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་མང་པོ་བཞུགས་མོལ་ཚོགས་འདུར་ཞུགས། 

<<སྐྱས་ལམ>>ནི་ལུའུ་ཞུན་རྩོམ་རིག་བྱ་དགའ་སྐབས་བརྒྱད་པ་ཐོབ་མཁན་དང་སོག་རིགས་ན་གཞོན་རྩོམ་པ་པོ་བསོད་ནམས་ཚེ་རིང་གི་ལྷུག་རྩོམ་ཕྱོགས་བསྒྲིགས་ཐོག་མ་དེ་ཡིན་པ་དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད། དེབ་དེ་ནི་དེང་རབས་སོག་རིགས་འབྲོག་པའི་འཚོ་བའི་འཕོ་འགྱུར་སྐོར་གྱི་ལྷུག་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན་ལ་རྩྭ་ཐང་དང་འབྲོག་པའི་སྙན་ངག་གི་ཉམས་ལྡན་པའི་འབྲི་སྟངས་ཤིག་ཀྱང་ཡིན། བསོད་ནམས་ཚེ་རིང་གིས་འཆར་ཡན་གྱི་སྨྱུག་རྩལ་ལ་བརྟེན་ནས་འབྲོག་པའི་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཁྲོད་ཀྱི་འཚོ་བའི་པར་རིས་རགས་བྲིས་བྱས་པ་དང་། འབྲོག་པའི་རིག་གནས་དེ་འགྱུར་ལྡོག་མགྱོགས་པའི་འཛམ་གླིང་ཁྲོད་རྒྱུན་འཛིན་དང་འགྲན་སློང་མངོན་པར་བྱས་ཡོད་ལ། དེའི་ནང་འབྲོག་པའི་རིག་གནས་ལ་འཕྲད་པའི་དེང་རབས་རང་བཞིན་གྱི་གནད་དོན་ལ་མཐིལ་རྟོགས་གཏིང་ཟབ་མི་ཉུང་བ་བྱས་ཡོད། དཔེ་དེབ་ནང་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་བརྩེ་སེམས་ཟབ་མོས་ཕྱིར་ལྟ་བྱས་ཡོད་ལ། དེང་རབས་ཚན་རྩལ་དང་སློབ་གསོ་སོགས་ཇི་ལྟར་བྱས་ནས་འབྲོག་པའི་འཚོ་བར་འགྱུར་ལྡོག་གཏོང་རྒྱུར་ལྟ་ཞིབ་ཞིབ་མོ་ཡང་བྱས་ཡོད། བསོད་ནམས་ཚེ་རིང་གིས་ཚོར་བ་སྐྱེན་པའི་གསལ་རྟོགས་ནུས་པར་བརྟེན་ནས་འབྲོག་པའམ་འབྲོག་ལས་རིག་གནས་དེ་ཇི་ལྟར་བྱས་ནས་དེང་རབས་སྤྱི་ཚོགས་ཁྲོད་དོ་སྙོམས་དང་མཉམ་འདྲེས་ཡོང་ཐབས་འཚོལ་ཞིབ་བྱས་ཏེ་ཀློག་པ་པོར་གདོད་མ་ཡིན་ལ་དྲོ་སྐྱིད་ལྡན་པ། དོན་དངོས་ཀྱིས་ཕྱུག་པ། མཛའ་བརྩེ་ལྡན་ཞིང་བབ་ཆགས་ཡིན་པའི་འབྲོག་པའི་རིག་གནས་ཀྱི་དེང་རབས་རི་མོ་ཞིག་མངོན་པར་བྱས་ཡོད། 

བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་ཆེད་མཁས་པ་དང་། མཁས་དབང་། དཔྱད་གཏམ་པ་བཅས་ཀྱིས་ལྷུག་རྩོམ་ཕྱོགས་བསྡུས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཚང་མས་གང་བསམ་ལྷུག་གླེང་གིས་བསོད་ནམས་ཚེ་རིང་གི་ལྷུག་རྩོམ<<སྐྱས་ལམ>>ལས་མངོན་པ་ནི་འབྲོག་པའི་སྐྱས་ལམ་དང་ལྷུག་རྩོམ་གྱི་ལམ་བུ་མཉམ་སྐྱེས་མཉམ་དར་ཡིན་པ་དང་། མཐོ་སྒང་འབྲོག་པའམ་འབྲོག་ལས་རིག་གནས་དང་འབྲོག་པའི་སྙིང་སྟོབས་གསོན་ཉམས་ལྡན་པའི་ངང་བྲིས་པ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号