དེབ་གསར། «མཚོ་སྔོན་པོའི་རླབས་སྒྲ།»

ཉེ་ཆར། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི"མཚོ་ལྷོ་ཁུལ་གྱི་ལོ་ལྔའི་རྩོམ་ཡིག་གཅེས་བཏུས།"(༢༠༡༩—༢༠༢༣) «མཚོ་སྔོན་པོའི་རླབས་སྒྲ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

དེབ་འདི་འདྲ་ཞིག་པར་དུ་བསྐྲུན་པ་འདིས། མཚོ་ལྷོ་ཁུལ་གྱི་ལོ་ལྔའི་གསར་རྩོམ་བརྩམས་ཆོས་ལ་ཕྱིར་རྟོག་དང་སྤྱི་བསྡོམས་ཐེངས་ཤིག་སྟེ། སྒྲུང་གཏམ་དང་། ལྷུག་རྩོམ། སྙན་ངག་སོགས་རྩོམ་ལུས་མི་འདྲ་བ་དུ་མ་འདུས་པས་མཉམ་རོལ་དང་ཉར་ཚགས་ཀྱི་རིན་ཐང་ཆེས་ཆེར་ལྡན་ལ། བྱེ་བྲག་ཏུ་རང་རེའི་ཤེས་ལྡན་པའི་སྡེ་ཡི་དཔུང་ཤུགས་མཚོན་ཞིང་གསར་རྩོམ་གྱི་མོས་པ་མངའ་བ་ཀུན་ལ་ཡར་སྐུལ་གྱི་ནུས་པ་ཞིག་ཏུའང་ངེས། རྟོག་པ་འཆར་ཡན་གྱིས་བཏེགས་ཤིང་། སྒྲིག་གཞི་ཚགས་དམ་གྱིས་མཛེས་པ། བརྩེ་དུང་ལ་ཟབ་བརླིང་མངའ་བ། དཔེ་རྣམས་ངོ་འཕྲོད་ཅིང་ལྷག་པར་འབྱོར་བ། ངོ་གདོང་རབ་རིབ་ཀྱིས་མ་གཡོགས་པ། ཁྱད་ཆོས་ཀྱི་རྐང་ཚུགས་པ་སོགས་ཀྱི་ལམ་ནས་ཚེ་སྲོག་དང་མི་གཤིས། རྣམ་ཤེས་གསུམ་གྱི་འཇིག་རྟེན་ལེགས་པར་མཚོན་འདུག་ཅིང་། རང་བྱུང་གི་བཀོད་པ་དང་མི་ཆོས་ཀྱི་མཛེས་ལྗོངས་ལ་མྱོང་བ་ཟབ་མོ་དང་ཞིབ་རྟོག་རྣོན་པོས་སྒྱུ་རྩལ་གྱི་སྣང་བརྙན་སྟོང་ཕྲག་བཞེངས་ཏེ། རྩོམ་རིག་སྒྱུ་རྩལ་གྱི་བར་སྟོང་ཆེ་རུ་ཕྱེ་འདུག་པ་དང་། དུས་རབས་ཀྱི་རང་མདངས་མངོན་པར་གསལ་ཞིང་། དངོས་ཡོད་ཀྱི་འཚོ་བས་མཐའ་ནས་བརྒྱན་ལ། ལོ་རྒྱུས་ཀྱི་རིག་པ་བཅུད་དུ་འཚེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号