རྒྱལ་རོང་གི་རི་ཆུའི་རིག་གནས་དཔེ་ཚོགས།

ཉེ་ཆར། རྔ་བ་ཁུལ་བོད་ཀྱི་ལོ་རྒྱུས་རིག་གནས་གནའ་གཞུང་ཞིབ་འཇུག་མཐུན་ཚོགས་ཀྱིས་བསྒྲིགས་པའི༼རྒྱལ་རོང་གི་རི་ཆུའི་རིག་གནས་དཔེ་ཚོགས༽ཁྲོད་ཀྱི་པོད་གསུམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

«རྒྱལ་མོ་རོང་གི་ལམ་ཡིག»

དེབ་འདིར་རྩོམ་པ་པོས་ལོ་ངོ་གསུམ་གྱི་རིང་དུ་རྒྱལ་རོང་གི་རི་ཆུ་ནགས་གསུམ་ལ་ཡུལ་དངོས་རྟོག་ཞིབ་དུ་བསྐྱོད་པའི་མཐོང་ཐོས་མྱོང་གསུམ་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་པ་བརྒྱུད་དེ། རྒྱལ་རོང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ས་བབ་གནས་ཡུལ་དང་། རི་ཆུའི་རིག་གནས་ཤིག་མངོན་པར་བྱས་ཡོད། དེ་བཞིན་དུ་བཀའ་ཤོག་དང་རྡོ་རིང་གི་ཡི་གེ གནའ་ཤུལ་སོགས་དངོས་པོའི་རིག་གནས་དང་ངག་རྒྱུན་རིག་གནས་ལ་རྒྱུས་ལོན་ཞིབ་འཇུག་མཛད་དེ། རྒྱལ་རོང་མེས་པོའི་ལོ་རྒྱུས་དང་རང་བྱུང་ཁམས་ལ་བཟུང་བའི་ལྟ་བ། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སོགས་ཕན་ཚུན་གཞི་གཅིག་ཏུ་འབྲེལ་བའི་བསམ་བློ་མངོན་པར་བྱས་ཡོད། དེབ་ཧྲིལ་བོར་བརྗོད་བྱ་ཕུན་སུམ་ཚོགས་ལ། ཚིག་གི་སྦྱོར་བ་ལེགས། དེ་ནི་རྒྱལ་རོང་གི་རི་ཆུའི་རིག་གནས་ལ་རྒྱུས་ལོན་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་ནོ། །

«རྒྱལ་རོང་གི་གནའ་མཁར་ཤེས་རིག»

དེབ་འདིར་ཡུལ་དངོས་རྟོག་དཔྱོད་དང་རྒྱའི་ཡིག་ཚང་། ཐུའུ་བསིའི་ཡིག་ཚགས། ནུབ་ཕྱོགས་པ་སི་ཁྲོན་ནུབ་བྱང་དུ་ཉུལ་བའི་ལོ་ངོ་བརྒྱ་ཕྲག་གི་དབྱིན་ཡིག་ལྗོངས་རྒྱུའི་ཟིན་ཐོ། ནུབ་ཕྱོགས་པས་དུས་རབས་གཅིག་གི་སྔ་རོལ་ལ་བླངས་པའི་གནའ་མཁར་གྱི་འདྲ་པར་སོགས་དཔྱད་གཞི་འབོར་ཆེན་ལ་བརྟེན་ནས། གནའ་མཁར་གྱི་བྱུང་བའི་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ལྗོངས་གསལ་བརྗོད་དང་། གནའ་མཁར་གྱི་ལོ་རྒྱུས་དང་གནས་སྟངས་གསལ་སྟོན། གནའ་མཁར་གྱི་རིག་གནས་བསྟན་དོན་གསལ་འགྲེལ། གནའ་མཁར་གྱི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལ་དབྱེ་ཞིབ་སོགས་བྱས་ཏེ། རྒྱལ་རོང་ས་ཆའི་གནའ་མཁར་གྱི་བརྗོད་དོན་དབྱེ་ཞིབ་ལ་དབུ་ཁྱུད་བཀོད་ཡོད་དོ། །

«ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཡིག་དང་ཡུལ་ལྷའི་བསང་མཆོད་རིན་ཆེན་ཕྲེང་བ།»

«ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཡིག་དང་ཡུལ་ལྷའི་བསང་མཆོད་རིན་ཆེན་ཕྲེང་བ།»ཡི་ནང་གཙོ་བོ་ཤར་རྒྱལ་མོ་ཚ་བ་རོང་གི་རྒྱལ་མོ་དམུ་རྡོ་དང་ཐུགས་རྗེ་ཆེན་པོ། འབྲོང་རི་སྨུག་པོ། བཻ་རོའི་སྒྲུབ་ཕུབ་བཅས་གནས་ཡིག་གལ་ཆེན་ཚན་པ37དང་། ཡུལ་ལྷའི་བསང་མཚོད་ནང་རྒྱལ་མོ་རོང་དུ་སྐད་གྲགས་ཆེ་བའི་གཞི་བདག་དག་གི་བསང་ཡིག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚན་པ47བཀོད་ཡོད། སོ་སོའི་གནས་ཀྱི་ཆགས་ཡུལ་དང་རྩོམ་པ་པོའི་ངོ་སྤྲོད་གསལ་པོར་བསྟན་ཡོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号