འབྲོང་བུ་རྡོ་རྗེ་རིན་ཆེན་གྱི་དཔྱད་རྩོམ་ཕྱོཊ་བསྒྲིཊ་པར་དུ་བསྐྲུན།

དུས་རབས་ཕྱེད་ལྷག་རིང་གི་གཞུང་ལུགས་ཀྱི་འགྲེལ་བརྗོད་དང་རྩོད་སྤོང་བརྒྱུད་པའི་མཐར། བོད་ཀྱི་རྩོམ་རིག་གི་རྣམ་གཞག་ལ་རང་རྐྱ་འཕེར་བའི་ལྟ་བ་གསར་བ་བརྙེས་ཐུབ་པ་བྱུང་ཞིང་། རྩོམ་རིག་བརྩམས་ཆོས་ཀྱི་གསར་རྩོམ་དང་སྣོལ་སྤེལ། རྗོད་སྟངས་ཐད་དུ་སྔ་ན་མེད་པའི་གྲུབ་འབྲས་ཆེན་པོ་བླངས། སྐབས་དེ་ཤེད་དུ་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་རྩོམ་རིག་གི་ཚེ་སྲོག་སྐྱོང་བའི་སྨྱུག་ཐོགས་པ་རྣལ་མ་མང་པོ་དུས་ཀྱི་འགྲོས་དང་བསྟུན་ཏེ་བརྒྱུད་མར་ཐོན་ལ། ཁོ་ཚོས་རང་གི་སྨྱུག་རྩེ་རྣོན་པོ་དུས་རབས་ཀྱི་གཤིན་སར་གཏད་ཅིང་འཚོ་བའི་སྐྱིད་སྡུག་ཅི་རིགས་མགྲིན་པའི་རྒྱན་དུ་སྤེལ་ཡོད་པ་རེད།

དེབ་འདིར་དུས་རབས་གསར་བའི་ནང་བྱུང་བའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཅུ་ལྷག་གི་འཐུས་ཚབ་བརྩམས་ཆོས་མཐའ་དག་ཁོལ་དུ་ཕྱུང་སྟེ། རྣམ་པ་ནས་ནང་དོན་བར་དུ་གཞུང་ལུགས་ཀྱི་ཚངས་ཐིག་ལ་བརྟེན་ཏེ་ཚགས་ཞིབ་མོས་དབྱེ་ཞིབ་དང་ཞིབ་འཇུག་བགྱིས་ཡོད་པ་དང་། སྒོས་སུ་བརྩམས་ཆོས་དུ་མའི་རྩོམ་རིག་གི་རྒྱུ་ཆའི་ཐད་ཀྱི་རང་བྱུང་དུས་ཚོད་དང་རྒྱུ་འབྲས་ཀྱི་འབྲེལ་བའི་བཀོད་སྒྲིག་གི་གཏམ་རྒྱུད་དང་།  སྒྱུ་རྩལ་གྱི་སྒྲིག་སྦྱོར་ལ་ཚད་མཐོན་པོས་གདེང་འཇོག་གནད་དུ་ཐིངས་པ་མཛད་ཡོད།

དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གི་དཔུང་སྡེའི་ཟིལ་ཤུགས་ཉམས་སུ་མྱོང་འདོད་ན་དཔྱད་རྩོམ་འདིར་གཟིགས་དང་། འདིས་ཁྱེད་ལ་སྒྱུ་རྩལ་གྱི་འཇིག་རྟེན་གཞན་ཞིག་གི་གསང་བ་བརྟོལ་རོགས་བྱེད་སྲིད།  

དུས་རབས་གསར་བའི་བོད་ཀྱི་རྩོམ་པ་པོའི་འཚོ་བའི་རྒྱང་གླུ་ལ་གསན་འདོད་ན་དཔྱད་རྩོམ་འདི་ཀློགས་དང་། འདིས་ཁྱེད་ལ་རྩོམ་རིག་གི་གར་སྟེགས་ཡངས་པོ་ནས་སྒྱུ་རྩལ་གྱི་བྲོ་བས་ཕྱུག་པའི་འགྱུར་ཁུགས་སྙན་མོ་ཞིག་འདེགས་ངེས་ཡིན།

འབྲོང་བུ་རྡོ་རྗེ་རིན་ཆེན།

འབྲོང་བུ་རྡོ་རྗེ་རིན་ཆེན། མཚོ་སྔོན་གཅན་ཚ་རྫོང་ཀླེ་ཆེན་སྡེ་བར་སྐྱེས།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། བརྩམས་ཆོས་རེ་འགའ་ཕྱི་གླིང་གི་ཡི་གེར་བསྒྱུར་ནས་བཀྲམ་ཡོད། སྙན་ངག《བཀྲ་ཤིས་རྟགས་བརྒྱད་དང་སྦྱར་བའི་བསྔགས་ཚིག》ལ 《སྦྲང་ཆར》གྱི་ཕུལ་བྱུང་རྩོམ་ཡིག་བྱ་དགའ་ཨང་གསུམ་པ་དང་། བརྩམས་སྒྲུང《གཞིས་བྱེས་ལྷན་འཛོམས》ལ《སྦྲང་ཆར》རྩོམ་སྒྲིག་པུས་བསྡུས་པའི“མི་རིགས་མཐུན་སྒྲིལ་དང་ཡར་ཐོན”གྱི་བྱ་དགའ་ཨང་དང་པོ། དཔྱད་རྩོམ《སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར》ལ་སྐབས་བརྒྱད་པའི“སྦྲང་ཆར་དཔྱད་བརྗོད་བྱ་དགའ”བཅས་ཐོབ་མྱོང་ཞིང་། བརྩམས་དེབ་ལ་ལོ་རྒྱུས་སྒྲུང་རིང《གངས་ཅན་བོད་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག》དང《དུར་ཐང》《རྩོམ་ལ་འཇུག་པའི་སྒོ》སོགས་ཡོད། གཞན་ཡང་ཨའེ་ལུན•ཕུའི་བརྩམས་སྒྲུང་ཕྱོགས་བསྒྲིགས《བྱི་ལ་ནག་པོ》དང་། ཞུས་ཀྲུང་ལིན་གྱི《ལྷ་རུ་བསྐོས་པའི་སྒྲུང》སོགས་ཀྱིས་མཚོན་པའི་རྒྱབ་ཁབ་ཕྱི་ནང་གི་གྲགས་རྩོམ་དེབ་འགའ་ཡང་བོད་ཡིག་ཏུ་བསྒྱུར་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号