མདའ་བཞི་རྫོང་གིས་བྱེད་ཐབས་ཆུང་ངུ་དྲུག་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་བ་བསྐྲུན།
ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས“འགལ་བ་གོང་གཏུག་མི་བྱེད་པ་དང་དུས་བདེར་དོན་དག་མི་འབྱུང་བ། ཞབས་ཞུའི་ཐད་ལས་གནས་སྟོང་པར་མི་ལུས་པ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་རྫོང་ཡོངས་སུ“ཆུང་གྲས་དྲུག”གི་ལས་དོན་སྒྲུབ་ཐབས་ཁྱབ་གདལ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡུལ་མིའི“རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང”བཅས་མཉམ་འདྲེས་ཡོང་བ་སྐུལ་འདེད་བྱས།
གཅིག་ནས་མངོན་མེད་རྐྱེན་ངན་ཆུང་ངུ་སེལ་བར་“སྔོན་ལ་ཤེས་རྟོགས་ཐུབ་པ”་འབུར་ཐོན་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱིས་སྣེ་ཁྲིད་པ་དང་། གྲོང་ཚོའི(སྡེ་ཁུལ)མགོ་ཁྲིད་ཀྱིས་འགན་འཁུར་བ་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ཁྲིམས་འཛིན་སྤྱི་བདེ་སོགས་སྡེ་ཚན་མང་པོས་གཞོགས་འདེགས་བྱེད་པའི་མཐུན་སྦྱོར་མཉམ་སྒུལ་གྲལ་བཤེར་གྱི་ལམ་སྲོལ་བཙུགས་ཏེ། ཁྱིམ་ཚང་དང་གྲོང་ཚོ། སྡེ་ཁུལ། མངགས་གཏོང་ཁང་།ཁྲིམས་འཛིན་ཁང་། ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་བཅས“ཕྱོགས་ལྔ་གཞི་གཅིག”གི་རིམ་བཤེར་གཙང་སེལ་བྱ་ཐབས་ལག་ལེན་བསྟར་ཡོད། ཕྱོགས་མང་པོ་ནས་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་འཐབ་ཕྱོགས་དང་པོར་སྐྱོད་པ་དང་གཞི་རིམ་དུ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ། རྒྱུན་གཏན་ངང་ཉིན་རེར་ཞིབ་བཤེར་ཐེངས་གཅིག་རེ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས་མང་ཚོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་ཡོད་པ་བྱས་ཏེ། དུས་ངེས་མེད་དུ་འབྱུང་སྲིད་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔ་མོ་ནས་སེལ་ཐུབ་པར་འགན་ལེན་བྱས།
མདའ་བཞི་རྫོང་གིས་“སོ་དམག་”གི་ལམ་སྲོལ་བཙུགས་ནས་འཕྲུལ་རྟའི་སྐོར་ཞིབ་རུ་ཁག་དང་རྟ་ཐོག་སྐོར་ཞིབ་རུ་ཁག་སོགས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་མཉམ་འགོག་མཉམ་བཅོས་དཔུང་ཁག་དང་སྐད་གཉིས་ཤེས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དམའ་མོ་རོང་ས་དང་མཐོན་པོ་འབྲོག་ས།མི་རིགས་རིག་གནས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་བསྐྱོད་དེ་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གཙང་བཤེར་བྱས་པ་རེད། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་དམིགས་ཏེ་སྔ་མོ་ནས་་གྲོང་སྲོལ་དམངས་ཆིངས་བཟོས་ཏེ་སྔ་མོ་ནས་དོན་འཁྱོལ་དང་འཐུས་ཚང་བཅས་བྱས་པས་བོད་འབྲེལ་ས་ཁུལ་གྱི་མི་རིགས་ཀྱི་སྐོར་དང་ཆོས་ལུགས་སྐོར་གྱི་རྙོག་འཛིང་ཆེ་བའི་འགལ་བ་དང་རྩོད་གཞི་ཉུང་དུ་ཕྱིན་པར་ཕན་ནུས་བསྐྲུན་ཡོད། ཉེ་བའི་ལོ་ཤས་རིང་།རྫོང་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཏེ་འབྱུང་རྩ་ནས་འགལ་བ་དང་རྩོད་གཞི་ཚབས་ཆེན་ཐོན་ཚད་ཇེ་ཉུང་དུ་ཕྱིན་ཡོད།
གཉིས་ནས་རྩོད་གཞི་ཆུང་ངུ་འདུམ་འགྲིག་བྱེད་སྐབས་མྱུར་མོར་ཐག་གཅོད་བྱེད་པ་འབུར་ཐོན་བྱས་ཡོད་དེ། དུས་ཐོག་ཏུ་ཐག་གཅོད་དང་དོན་དག་བྱུང་ས་ནས་ཐག་གཅོད་བྱེད་པའི”ལས་ཀའི་བླང་བྱ་གཞིར་བཟུང་ནས་སྔ་མོ་ནས་གཙང་བཤེར་དང་སྔ་མོ་ནས་འགལ་བ་དང་རྩོད་གཞི་ཤེས་རྟོགས་ཐུབ་པའི་རྨང་གཞིའི་ཐོག། ཉིན་རེར་ཞིབ་དཔྱད་དང་ཉིན་རེར་ཐག་གཅོད་བྱེད་པའི་བྱ་ཐབས་སྤྱད་དེ“མྱུར་མོའི”ཕན་འབྲས་ཐོན་པ་བྱས་ནས་གནད་དོན་གྱི་འབྱུང་རྩར་ཞིབ་དཔྱད་གཏིང་ཟབ་དང་ཐག་གཅོད་བྱ་ཐབས་གནད་ལ་འཁེལ་བ་བཟོས་ཏེ། ཡུལ་ཚོ་དང་གྲོང་ཚོ་རིམ་པ་གཉིས་ཀྱི་མི་དམངས་འདུམ་འགྲིག་པ་དང་། གྲོང་ཚོའི་ཉེན་རྟོག་པ། དྲ་མིག་ཅན་གྱི་ལས་དོན་པ། གྲོང་ཚོའི་འགན་ལེན་མགོ་ཁྲིད་བཅས་འཕྲལ་མར་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་ཡུལ་དངོས་སུ་སོང་ནས་འདུམ་འགྲིག་བྱས་པས་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱ་རྒྱུར་དུས་ཚོད་རིང་པོ་མི་དགོས་པ་འགན་ལེན་བྱས་ཡོད།
གསུམ་ནས་ཁོར་ཡུག་ཆུང་ངུ་ཇེ་ལེགས་སུ་བཏང་སྟེ“མཉམ་འདྲེས”ཡོང་བ་མངོན་གསལ་དོད་པོ་བྱས་ཏེ། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་ཁྱིམ་མཚེས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་རྒྱུན་ལྡན་གྱི་འཚོ་བའི་ནང་མཉམ་འདྲེས་ཡོང་བར་བྱས་ཏེ། རྩྭ་ཕྱུགས་དོ་སྙོམས་མེད་པ་དང་། ས་རྩོད་ཆུ་རྩོད་བྱེད་པ། རང་དགར་བཟོ་སྐྲུན་བྱེད་པ་སོགས་སྣོད་བཅུད་བཅོས་སྒྲིག་དང་ཁྱིམ་མཚེས་བར་གྱི་རྩོད་གཞི་ཐག་གཅོད་བྱ་རྒྱུ་དེ་ཁོར་ཡུག་བཅོས་སྒྲིག་དང་སྲུང་སྐྱོང་གི་སྤྱིའི་བླང་བྱ་དང་མཐུན་པར་བྱས་ཡོད། སྤྱི་པའི་ཕྱུགས་་ལམ་སྒེར་འཛིན་བྱས་ཏེ་འབྲོག་པའི་རི་སྤོ་རྒྱུར་འགོག་རྐྱེན་བཟོས་ནས་འགལ་བ་དང་རྩོད་གཞི་ཐོན་སླ་བའི་གནད་དོན་ལ་དམིགས་ཏེ་ཆེད་དོན་དཔུང་ཁག་རྩ་འཛུགས་བྱས་ཏེ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་དང་། སྤྱི་པའི་ཕྱུགས་ལམ་གྱི་ཚད་གཞི་དང་ལམ་ཐིག་ལ་འཆར་འགོད་ནན་ཏན་བྱས་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་གཙང་བཤེར་བྱས་ཤིང་། མིག་སྔར་རིམ་རྩིས་བྱས་ན་སྤྱི་པའི་ཕྱུགས་ལམ་སྤྱི་ལེ་15.3ཕྱིར་སྤྲད་ནས་མང་ཚོགས་ཀྱི་ཕྱུགས་ལམ་བདེ་འཇགས་ཡོང་བར་འགན་ལེན་བྱས།
བཞི་ནས་གནད་དོན་ཆུང་ངུ་ཐག་གཅོད་བྱེད་པར“དོན་དངོས་”འབུར་ཐོན་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད་དེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། “གནད་དོན་གཅིག་དབྱེ་ཞིབ་”བྱེད་པར་བརྟེན་ནས་“གནད་དོན་རིགས་གཅིག་ཐག་གཅོད་”བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། འགལ་བ་དང་མངོན་མེད་རྐྱེན་ངན་གྱི་གནད་དོན་གསལ་རྟོགས་དང་རང་འགུལ་ངང་བཙལ་ཞིབ་བྱེད་པ། ཡུན་རིང་གོ་ཆོད་པ་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། གསེར་ཐང་ཡུལ་ཚོས་གྲོང་གསེབ་ཁག་གཅིག་གི་ཆུ་གློག་ལམ་གསུམ་གྱི་ཉམས་གསོའི་དུས་ཚོད་དལ་བ་དང་“ཞིང་གསུམ”ཞབས་ཞུའི་ཡུལ་དངོས་སུ་མཛུབ་ཁྲིད་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོང་ཚོ་ཁག་གི“དམས་ཁྲོད་ཀྱི་ཤེས་ཡོན་པ”་གཅིག་སྡུད་ཀྱིས“འཇོན་ཐང་ཅན་གྱི་ཚོགས་འདུ”བསྡུ་བ་དང་གྲོང་ཚོ་མཉམ་སྡེབ་ཀྱིས་འབྲེལ་ཡོད་འགྲོ་གྲོན་གཏོང་འགན་ཁུར་ཏེ། འཇོན་ཐང་ཅན་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་མང་ཚོགས་ལ་ཆུ་གློག་ཉམས་གསོ་དང་། ཞིང་ལས་འདེབས་འཛུགས་སོགས་ཀྱི་བྱ་བ་ཆེ་མ་ཆུང་གསུམ་ཐག་གཅོད་བྱས་ནས་མང་ཚོགས་ལ་ངེས་པ་དོན་གྱིསཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག་ཡོད། ཡུལ་ཚོ་དང་་གྲོང་རྡལ་ཁག་གི་བསྡོམས་རྩིས་ལྟར་ན། རང་རེའི་རྫོང་གིས་ལོ་རེའི་ཆ་སྙོམས་དུ་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཆུང་གྲས600ལྷག་ཙམ་ཐག་གཅོད་བྱས་པ་དང་མང་ཚོགས་ཀྱིས་ལས་རིགས་སྡེ་ཚན་ལ་ཞུ་གཏུག་རྒྱག་ཚད་མངོན་གསལ་དོད་པོས་ཇེ་ཉུང་དུ་ཕྱིན་ནས་རྫོང་ཡོངས་ཀྱི་འགལ་བ་དང་རྩོད་གཞི་ཐོན་པའི་ཉེན་ཁ་ཇེ་ཉུང་དུ་ཕྱིན་ཡོད།
ལྔ་ནས་གྱོད་གཞི་ཆུང་གྲས་ཐག་གཅོད་བྱེད་པར“བརྟན་པོ”ཡོང་བ་འབུར་ཐོན་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུ་དང་ཨུ་ཡོན། གྲོང་ཚོའི་ཏང་ཀྲི་པུ་ཧྲུའུ་ཅི་གཞོན་པའི་ལས་ཀའི་ལམ་སྲོལ་ཁྱབ་གདལ་གཏོང་བ་དང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ནུས་པ་འདོན་སྤེལ་བྱེད་པ། གཏན་འཁེལ་ལྔ་དང་འགན་ལེན་གསུམ”གྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ནས་གྲོང་ཚོའི་འགན་ལེན་མགོ་ཁྲིད་དང་། གྲོང་ཚོའི་ལས་བྱེད་པ། དྲ་མིག་ཅན་གྱི་དོ་དམ་པ། ཁྱིམ་སྦྲེལ་ཏང་ཡོན་བཅས་ཀྱིས་འཕྲེད་ཕྱོགས་མཉམ་འབྲེལ་འདུམ་འགྲིག་དང་། རྫོང་དང་ཡུལ་ཚོ་། གྲོང་ཚོ་བཅས་ཀྱིས་གཞུང་ཕྱོགས་མཐུན་སྦྱོར་འདུམ་འགྲིག་དང་ཐག་གཅོད་བརྟན་པོ་བྱས་པས། “གྱོད་དོན་ཆུང་གྲས”“གཏུག་བཤེར་ཆེན་པོར”འགྱུར་བར་གཏན་འགོག་བྱས་ཡོད་པ་རེད ལོ་གཉིས་རིང་ཡུལ་ཚོ་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ལས་བྱེད་པས་བརྟན་བརླིང་ངང་གྱོད་གཞི་འགན་ལེན་དང་གྱོད་གཞི་ཆུང་གྲས300ལྷག་ཙམ་ཐག་གཅོད་བྱས་པ་རེད།
དྲུག་ནས་དགོས་མཁོ་ཆུང་ངུ་སྐོང་སྐབས“གནད་དུ་ཁེལ་བ”མངོན་གསལ་དོད་པོ་ཡོང་བ་བྱས་ཡོད་པ་སྟེ། གྲོང་ཚོ་རིམ་པའི་བེད་མེད་དུ་ལུས་པའི་གཞུང་དོན་ཁང་སྤྱད་དེ་ཉིན་མོའི་ལྟ་རྟོག་ཁང་འཛུགས་པ་དང་ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་ཆེན་སློབ་མར་གུང་གསེང་གི་སློབ་ཁང་ཆུང་ཆུང་འཛུགས་རྒྱུར་སྐུལ་སློང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་གཞན་དུ་ལས་ཀ་འཚོལ་དུ་འགྲོ་བའི་ཁྱིམ་ཚང་གི་སེམས་ཁྲལ་ཆུང་དུ་བཏང་ནས་ཁྱིམ་ཚང་གི་འགལ་བ་དང་རྩོད་གཞི་ཉུང་དུ་ཕྱིན་ཡོད། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་གནས་གཏན་འཁེལ་གྱིས་སྐད་གཉིས་སྲིད་ཇུས་ཀྱི་དྲིལ་སྒྲོག་བྱ་ཐབས་སྤེལ་ནས་དམངས་ཕན་ཞབས་ཞུའི་སྐད་འཕྲིན་ཚོགས་པའི་ནང་བཏོན་པའི་རེ་ཞུར་རིགས་དབྱེ་དང་དགོས་མཁོར་དམིགས་ནས་ཐོ་འགོད། ཏང་ཡོན་གྱིས་རང་འགུལ་ངང་ཤོག་བྱང་ལེན་པ་བཅས་ཀྱི་བྱ་ཐབས་གཞིར་བཟུང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注