གཞི་རིམ་སློབ་གསོའི་ཁྲོད་དུ་དཔེ་ཆོས་ཇི་ལྟར་སྤྱོད་ཚུལ་སྐོར་ཅུང་ཙམ་གླེང་བ།
བོད་ལྗོངས་སློབ་གྲྭ་ཆེན་མོ། བཀྲ་ཤིས་སྒྲོལ་མ།
འདི་ཡང་གཞི་རིམ་སློབ་གསོའི་ལས་རིམ་ཁྲོད་ཀྱི་དཔེ་ཆོས་རྩོམ་རིག་ཅེས་བྱ་བ་འདི་ཉིད་ནི་དོན་མི་གོ་བ་དང་། གོ་བ་དག་ཀྱང་གཏིང་ཚུགས་པའི་ངེས་ཤེས་བསྐྱེད་པ་དང་། ངོ་མཚར་ཞིང་དགོད་བྲོ་ལ་ཐོས་བསམ་གྱི་གནས་སྐབས་མི་འདྲ་བ་དག་ལྐོག་གྱུར་གྱིས་གསལ་ནུས་པ་ནི་དཔེ་ཆོས་ཀྱི་སྒྱུ་འཕྲུལ་ཡིན་པའི་ཕྱིར་ན། སློབ་བུ་སྐྱོང་བའི་བཤེས་གཉེན་རྣམས་ལ་མེད་དུ་མི་རུང་བའི་སྒྱུ་རྩལ་ཞིག་གོ དེས་ན། འདིར་དཔེ་ཆོས་ཀྱི་ངོ་བོ་དང་འབྱུང་ཚུལ། སློབ་གསོ་སློབ་ཁྲིད་ཁྲོད་དེ་ཇི་ལྟར་སྤྱོད་ཚུལ་སོགས་ཅུང་ཙམ་གླེང་བར་འདོད་དོ། །དང་པོ། དཔེ་ཆོས་ཀྱི་ངོ་བོ།དཔེ་ཆོས་ཞེས་པ་ནི་དོན་གྱི་གོ་བ་གསལ་སྐྱོར་དུ་མཁོ་བའི་དཔེ་ཙམ་པོ་བ་དག་གི་སྒྱུ་རྩལ་མཐོར་འདེགས་བྱས་པའི་འབྲས་བུ་ཞིག་ཏུ་སྣང་སྟེ། རྗེ་ཤར་གདོང་ཚང་གིས“དཔེའི་སྒོ་ནས་དོན་སྟོན་པ་ལ་དགོས་པ་ཆེན་པོ་ཡོད། དེའི་ཕྱིར་ན་དཔེ་དེ་ལ་གསལ་བྱེད་ཀྱི་དཔེ”ཞེས་བྱ་བ་ཡིན། དཔེ་དེ་ཡང་དོན་གསལ་བའི་ཆ་ནས་དཔེ་ཞེས་བྱ་བ་ལྟར་ན། འདི་ནི་མངོན་ལྐོག་གི་ཤེས་བྱ་གང་རུང་གི་དོན་གསལ་སྐྱོར་དུ་མཁོ་བའི་སྒྱུ་རྩལ་ཞིག་ཏུ་འདོད་ན་རྩོད་པ་མེད་དོ་སྙམ། འོ་ན་འདི་ལྟའི་དཔེ་ཆོས་འདི་ཇི་ལྟར་གྲུབ་བམ་ཞེ་ན། འདི་ནི། ལྕེ་སྒོམ་པས“དགེ་བཤེས་དེས་མདོ་རྒྱུད་བསྟན་བཅོས་རྣམས་གཟིགས་པ་དང་། དགེ་བཤེས་སྟོན་པ་ལས་གསན་པ། འཇིག་རྟེན་ལས་གསན་ཞིང་དགོངས་པ་རྣམས་གང་ཟག་གཞན་དང་གཞན་ལ་དུས་དང་དུས་གཞན་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའོ། །”ཞེས་གསུངས་པ་ལ་གཞིགས་ན། དགེ་བཤེས་པོ་ཏོ་བ་འདི་ཉིད་གངས་ཅན་དཔེ་ཆོས་ཀྱི་མེས་པོར་གྱུར་པ་ནི། གཅིག་ནས་ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་དཔེ་ཀློག་རྒྱ་ཆེར་བགྱིས་པ་དང་། གཞན་དགེ་བཤེས་སྟོན་པ་ལ་སོགས་པ་ནས་རྒྱ་གར་གྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས་དང་ཤེས་རབ་བརྒྱ་པ་སོགས་གཞན་གཞུང་ལ་གསན་བསམ་རྒྱ་ཆེར་མཛད་པ། དེ་བཞིན་གུང་ཐང་ཚང་གིས“སྣང་བ་དཔེ་རུ་ཤར་བ་ཡི། །རྣལ་འབྱོར་དེ་ལ་གདམས་པ་མང་། ། ”ཞེས་གསུངས་པ་ལྟར་དགེ་བཤེས་པོ་ཏོ་བ་འདི་ཉིད་ནི་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་ལ་རྟོག་དཔྱོད་བྱེད་པའི་གོམས་གཤིས་ཆུང་དུས་ནས་བཞག་ཅིང་། ངག་སྦྱོར་རིག་གནས་ཆེས་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ནང་དུ་འཚར་ལོངས་བྱུང་བ་བཅས་ནི་དཔེ་ཆོས་རྩོམ་རིག་གི་གྲུབ་རྐྱེན་དུ་འདོད་པ་ཡིན།གཉིས་པ། གངས་ཅན་ལྗོངས་སུ་དཔེ་ཆོས་རྩོམ་རིག་གི་བྱུང་ཚུལ།བོད་གངས་ཅན་ལྗོངས་ལ་དཔེ་ཆོས་ཞེས་པའི་ཐ་སྙད་འདི་ནི་ཐོག་མར་དུས་རབས་བཅུ་གཅིག་པའི་དུས་མཇུག་ནས་བཟུང་སྟེ་བྱུང་བར་སྣང་ཞིང་། དེའི་ཡར་སྔོན་ལ་དཔེ་ཆོས་ཞེས་པའི་ཐ་སྙད་དེ་མེད་པའམ་གལ་ཏེ་ཡོད་དུ་མཆིས་ཀྱང་གུས་པས་ཡིག་ཐོག་གི་དཔྱད་གཞི་མ་མཇལ། དཔེ་ཆོས་ཞེས་པའི་ཐ་སྙད་དེ་དཔེ་དང་དཔེ་ཆོས་ཞེས་པ་གཉིས་པོའི་བསྡུས་མིང་བེད་སྤྱོད་པ་དང་། མིང་དེ་གཉིས་བསྡུས་པ་ལས་བྱུང་བའི་མིང་དེ་བེད་སྤྱོད་པ་དང་། མིང་དེ་གཉིས་བསྡུས་པ་ལས་དོན་ཁྱད་པར་ཅན་ཞིག་གོ་རྒྱུ་བྱུང་བ་ཡང་ཡིན། བསྡུ་བྱའི་མིང་ཚིག་འདི་དག་ཀྱང་དུས་རབས་བཅུ་གཅིག་པའི་སྐབས་སུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ལྕེ་སྒོམ་པས“དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་སློབ་ཁྲིད་གནང་བའི་སྐབས་སུ་སློབ་མ་རྣམས་ཀྱིས་མི་གོ་བར་དོགས་ནས་འཆད་འཁྲིད་ཐུན་མོང་མ་ཡིན་པའི་ཐབས་རྩལ་ལམ་དཔེ་ཆོས་ལ་བརྟེན་ནས་དཔེའི་སྒོ་ནས་དོན་རྟོགས་པར་འགྱུར་ཏེ་ཞེས་པ་དང་། ཡང་བཤེས་གཉེན་འདིའི་སྔོན་གྱི་གླེགས་བམ་ཞིག་རལ་ཏུ་སོང་བ་དག་ཕྱོགས་གཅིག་ཏུ་བསྡེབས་ནས《དཔེ་ཆོས་རིན་ཆེན་སྤུངས་པ》”མཛད་པ་འདི་ལས་དཔེ་ཆོས་རྩོམ་རིག་གི་མྱུ་གུ་ཐོག་མར་གངས་ཅན་གྱི་ལྗོངས་འདིར་བུད་པར་འདོད།གསུམ་པ། སློབ་ཁྲིད་ཁྲོད་ལག་ལེན་བྱ་ཚུལ།དཔེ་ཆོས་འདི་ཉིད་སློབ་གསོ་སློབ་ཁྲིད་ཁྲོད་དུ་གནས་བབས་མཐོན་པོར་སླེབས་པ་ནི། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་བསླབ་གཞིའི་ནང་དོན་ལ་གཟིགས་ན་ཤེས་པར་འགྱུར་ལ་དེ་འདྲའི་སྒྱུ་རྩལ་གྱི་ནུས་པས། སློབ་གསོ་སློབ་ཁྲིད་སྐབས་ནུས་པ་ཆེན་པོ་ཐོན་པ་ཡང་བདེན་པར་མཆིས་པས། དེའི་ནུས་པ་ད་དུང་ཇི་ལྟར་ཇེ་མཐོར་གཏང་དགོས་སམ་ཞེ་ན།1.བརྙན་རིས་ལ་ཕབ་ལེན་བྱ་ཚུལ།ནང་སའི་དཔེ་ཆོས་དང་། དབྱི་སོའི་དཔེ་ཆོས(伊索寓言)དག་ནི་དེང་རབས་ཚན་རིག་གི་ཐབས་ལམ་ལ་བརྟེན་ནས་སློབ་མ་ཚོར་དཔེ་ཁྲིད་བྱེད་ཀྱིན་ཡོད། དེའི་ནང་ནས་གཙོ་ཆེ་བ་ནི་བརྙན་རིས་ལ་ཕབ་ལེན་བྱ་ཚུལ་འདི་འགངས་ཆེན་དུ་སྣང་ངོ་། ། འདི་ཡང་གློག་ཆས་དང་ཁ་པར་ལ་ཆེས་གཡེངས་པའི་སྐབས་འདི་ལྟ་བུ་ཞིག་ལ་ང་ཚོས་མི་རྣམས་ཀྱི་སེམས་ཀྱི་བགྲོད་ཚུལ་དང་མཐུན་པའི་སྒོ་ནས་གང་སར་ལེགས་བཅོས་བྱ་དགོས་པ་ནི་གལ་ཆེ་སྟེ། དཔེ་ཆོས་ཡང་སྔར་ལྟར་དགེ་རྒན་གྱིས་བསྙད་པ་དང་སློབ་མས་ཉན་པ་ཙམ་མ་ཡིན་པར་བརྙན་ཕབ་བགྱིས་ཏེ། དྲ་བ་དང་ཁ་པར་སོགས་ནས་སློབ་མའི་མིག་མདུན་དུ་བཤམས་ཐུབ་པ་བྱ་རྒྱུ་གལ་ཆེ། དེ་ཡང་སྒྲུང་ལ་སོགས་པའི་བྱུང་རིམ་ཉག་ཉོག་དང་གོ་རྒྱུ་མེད་པ་དེ་འདྲ་མ་ཡིན་པར་སྟབས་བདེ་ལ་བརྗོད་སྙིང་འབུར་ཐོན་ཡོང་བ་བྱ་དགོས་ཤིང་། དེ་ཡང་སློབ་མའི་ན་ཚོད་དང་བསྟུན་ནས་འགུལ་རིས་སོགས་རྣམ་པ་ཅི་ཡང་ཡིན་དགོས། གལ་ཏེ་འདི་ལྟར་གྱི་སློབ་གཉེར་ཐུབ་ཚེ་སློབ་མའི་སློབ་ཁྲིད་བར་གསེང་གི་དུས་ཚོད་དག་སྤུས་ཚད་མེད་པའི་བརྙན་ཐུང་གིས་ཟིན་པ་ཙམ་མ་ཡིན་པར། དོན་ལྡན་གྱི་སློབ་གཉེར་ཡང་ཡོང་ཐུབ་པ་ཡིན།2.འཁྲབ་སྟོན་གྱི་རྒྱུ་ཆར་བཀོལ་བ།སློབ་གསོ་པུའུ་དང་སྤྱི་ཚོགས་ལས་རིམ་ཁག་ནས་སློབ་མའི་སློབ་ཁྲིད་བར་གསེང་གི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་རྒྱུ་དང་སློབ་མའི་རྡོག་ཁྲེས་ཇེ་ཡང་དུ་གཏོང་བའི་སྐབས་འདིར། འཁྲབ་སྟོན་གྱི་རྣམ་པས་སློབ་ཚན་གྱི་ནང་དོན་བརྒྱུད་སྤེལ་བྱ་རྒྱུ་གལ་ཆེ་བ་ཡིན། འདི་ལ་ཐོག་མར་གཏམ་བསྡུས་ཤིང་རྩེད་མཚར་གྱི་རང་བཞིན་ལྡན་པ་ཞིག་དགོས་པ་ན། མིང་བསྡུས་ལ་དོན་སྟོན་ཚབས་ཆེ་བའི་ཁྱད་ཆོས་དག་ནི་དཔེ་ཆོས་ལ་མཆིས་ན། དཔེ་ཆོས་འཁྲབ་སྟོན་གྱི་རྒྱུ་ཆར་འགོད་རྒྱུ་འདི་གལ་ཆེ་བ་ཡིན་ནོ། ། དཔེར་ན། དུས་བདེ་ཞི་འཇགས་ཡོང་བའི་རྣམ་པ་མཚོན་པ་ལ་རྒན་མོ་གསེར་ཁུར་ལྟ་བུར་འཇོག་པ་དང་། ཡང་བློ་གཉིས་ཀྱིས་དོན་མི་སྒྲུབ་པའི་དཔེ་ལ། བྱ་འཛིན་ཉ་འཛིན་སོགས་སྤྱད་ན་འཁྲབ་སྟོན་གྱི་ནུས་པ་ཇེ་མཐོར་སྤེལ་ཐུབ་པར་མ་ཟད། གཏམ་རིང་བ་དང་བརྗོད་དོན་གསལ་སྟོན་མི་ཐུབ་པ་དང་ངག་ལྡབ་ལྡིབ་སྨྲ་བ་སོགས་ཀྱི་གེགས་སེལ་ཐུབ་ལ་སློབ་མ་རང་ཉིད་ལ་ཡང་མ་འོངས་པའི་ལོ་ཟླའི་ནང་སྐད་ཆའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཕན་ཡོན་ཆེན་པོ་ལྡན་ཞིང་། དཔེ་ཆོས་ཀྱི་སློབ་ཚན་ཞེས་པ་དམིགས་བཀར་དུ་བྱས་ནས་ངལ་བ་བྱ་མི་དགོས་པར་དཔེ་ཆོས་རྩོམ་རིག་ཁྱབ་གདལ་གྱི་རྒྱུ་རུ་འགྲོ་བ་ཡིན།3.གླེགས་བམ་ཕྱོགས་གཅིག་ཏུ་བསྐྱིལ་བ།མིག་སྔའི་ཆར་རང་རེར་དཔེ་ཆོས་རིན་ཆེན་སྤུངས་པ་ཙམ་ལས་གཞན་དཔེ་ཆོས་ཀྱི་རྣམ་པ་ཐམས་ཅད་གཞི་གཅིག་ཏུ་བསྐྱིལ་བའི་གླེགས་བམ་གྱི་བམ་ཁ་དེ་ཙམ་མི་མཐུག་པས། རྣམ་པ་ཀུན་ཏུ་སློབ་མ་རྣམས་ཀྱིས་ལྟ་ཀློག་སོགས་བགྱི་བར་ངལ་བ་མི་དམན་པ་བསྐྲུན་ཡོད། དེང་གི་ཆར་སློབ་གཞིའི་ནང་རེ་གཉིས་བསྡུ་སྒྲིག་བྱས་པ་དག་ནི། དོན་གཅིག་ལ་འགྲེལ་ཚུལ་གཅིག་མཚུངས་མ་ཡིན་པ་དཔེར་ན། མཐོ་འབྲིང་བོད་ཡིག་སློབ་གཞིའི་ནང“སྒྱེའུ་ནང་སྙུང་བུ”ཞེས་བྱ་བའི་དོན་མངོན་ཆུང་ཡ་རབས་སུ་འགྲེལ་བ་དང་། དཔེ་ཆོས་བརྡ་བཀྲོལ་སོགས་སུ“ཁ་འཇམ་གཏིང་གནག”ཏུ་འགྲེལ་བ་སོགས་འགྲེལ་ཚུལ་མི་འདྲ་བར་གསུངས་པ་དང་། ཡང“ལ་ཉག་མཛོ་གཟེངས”ཀྱི་དོན་ནི། འདྲ་འདྲའི་དཀྱིལ་ནས་མི་འདྲ་བ་ཡིན་བཞིན་དུ། སློབ་གཞིའི་ནང“ངན་པ་མཉམ་ཕུང”དུ་འགྲེལ་བ་སོགས་དཔེས་མཚོན་པ་ཙམ་ཡིན་གྱིས་འདི་དང་འདྲ་བ་ད་དུང་མང་དག་མཆིས་པ་དག་གིས་སློབ་མ་རྣམས་ཐེ་ཚོམ་གྱི་གནས་སུ་གྱར་དུ་བཅུག་པ་སོགས་ཀྱི་ཆ་མང་དུ་མཆིས་པས། འདིར་ནི་གཞི་རིམ་སློབ་གསོ་སློབ་ཁྲིད་ཀྱི་གནས་སྐབས་སུ་དགེ་རྒན་དང་མཁས་པ་རྣམས་ཀྱིས་དཔེ་ཆོས་རྣམས་ཕྱོགས་གཅིག་ཏུ་བསྐྱིལ་བའི་གླེགས་བམ་མཛད་པ་དང་དེའི་དོན་འགྲེལ་ཚུལ་གཅིག་གྱུར་ཡོང་བ་སོགས་ཀྱི་གནད་ལ་འབད་པ་མཛད་ནས་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཕན་པ་འདུག་ལ་དཔེ་ཆོས་རྩོམ་རིག་གཞི་རིམ་སློབ་གསོའི་ཁྲོད་དུ་ལག་ལེན་འདེབས་པ་ལ་ཡང་ནུས་པ་ཆེན་པོ་ལྡན་པ་ཡིན། །
འདི་ཡང་གཞི་རིམ་སློབ་གསོའི་ལས་རིམ་ཁྲོད་ཀྱི་དཔེ་ཆོས་རྩོམ་རིག་ཅེས་བྱ་བ་འདི་ཉིད་ནི་དོན་མི་གོ་བ་དང་། གོ་བ་དག་ཀྱང་གཏིང་ཚུགས་པའི་ངེས་ཤེས་བསྐྱེད་པ་དང་། ངོ་མཚར་ཞིང་དགོད་བྲོ་ལ་ཐོས་བསམ་གྱི་གནས་སྐབས་མི་འདྲ་བ་དག་ལྐོག་གྱུར་གྱིས་གསལ་ནུས་པ་ནི་དཔེ་ཆོས་ཀྱི་སྒྱུ་འཕྲུལ་ཡིན་པའི་ཕྱིར་ན། སློབ་བུ་སྐྱོང་བའི་བཤེས་གཉེན་རྣམས་ལ་མེད་དུ་མི་རུང་བའི་སྒྱུ་རྩལ་ཞིག་གོ དེས་ན། འདིར་དཔེ་ཆོས་ཀྱི་ངོ་བོ་དང་འབྱུང་ཚུལ། སློབ་གསོ་སློབ་ཁྲིད་ཁྲོད་དེ་ཇི་ལྟར་སྤྱོད་ཚུལ་སོགས་ཅུང་ཙམ་གླེང་བར་འདོད་དོ། །
དང་པོ། དཔེ་ཆོས་ཀྱི་ངོ་བོ།
དཔེ་ཆོས་ཞེས་པ་ནི་དོན་གྱི་གོ་བ་གསལ་སྐྱོར་དུ་མཁོ་བའི་དཔེ་ཙམ་པོ་བ་དག་གི་སྒྱུ་རྩལ་མཐོར་འདེགས་བྱས་པའི་འབྲས་བུ་ཞིག་ཏུ་སྣང་སྟེ། རྗེ་ཤར་གདོང་ཚང་གིས“དཔེའི་སྒོ་ནས་དོན་སྟོན་པ་ལ་དགོས་པ་ཆེན་པོ་ཡོད། དེའི་ཕྱིར་ན་དཔེ་དེ་ལ་གསལ་བྱེད་ཀྱི་དཔེ”ཞེས་བྱ་བ་ཡིན། དཔེ་དེ་ཡང་དོན་གསལ་བའི་ཆ་ནས་དཔེ་ཞེས་བྱ་བ་ལྟར་ན། འདི་ནི་མངོན་ལྐོག་གི་ཤེས་བྱ་གང་རུང་གི་དོན་གསལ་སྐྱོར་དུ་མཁོ་བའི་སྒྱུ་རྩལ་ཞིག་ཏུ་འདོད་ན་རྩོད་པ་མེད་དོ་སྙམ། འོ་ན་འདི་ལྟའི་དཔེ་ཆོས་འདི་ཇི་ལྟར་གྲུབ་བམ་ཞེ་ན། འདི་ནི། ལྕེ་སྒོམ་པས“དགེ་བཤེས་དེས་མདོ་རྒྱུད་བསྟན་བཅོས་རྣམས་གཟིགས་པ་དང་། དགེ་བཤེས་སྟོན་པ་ལས་གསན་པ། འཇིག་རྟེན་ལས་གསན་ཞིང་དགོངས་པ་རྣམས་གང་ཟག་གཞན་དང་གཞན་ལ་དུས་དང་དུས་གཞན་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའོ། །”ཞེས་གསུངས་པ་ལ་གཞིགས་ན། དགེ་བཤེས་པོ་ཏོ་བ་འདི་ཉིད་གངས་ཅན་དཔེ་ཆོས་ཀྱི་མེས་པོར་གྱུར་པ་ནི། གཅིག་ནས་ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་དཔེ་ཀློག་རྒྱ་ཆེར་བགྱིས་པ་དང་། གཞན་དགེ་བཤེས་སྟོན་པ་ལ་སོགས་པ་ནས་རྒྱ་གར་གྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས་དང་ཤེས་རབ་བརྒྱ་པ་སོགས་གཞན་གཞུང་ལ་གསན་བསམ་རྒྱ་ཆེར་མཛད་པ། དེ་བཞིན་གུང་ཐང་ཚང་གིས“སྣང་བ་དཔེ་རུ་ཤར་བ་ཡི། །རྣལ་འབྱོར་དེ་ལ་གདམས་པ་མང་། ། ”ཞེས་གསུངས་པ་ལྟར་དགེ་བཤེས་པོ་ཏོ་བ་འདི་ཉིད་ནི་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་ལ་རྟོག་དཔྱོད་བྱེད་པའི་གོམས་གཤིས་ཆུང་དུས་ནས་བཞག་ཅིང་། ངག་སྦྱོར་རིག་གནས་ཆེས་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ནང་དུ་འཚར་ལོངས་བྱུང་བ་བཅས་ནི་དཔེ་ཆོས་རྩོམ་རིག་གི་གྲུབ་རྐྱེན་དུ་འདོད་པ་ཡིན།
གཉིས་པ། གངས་ཅན་ལྗོངས་སུ་དཔེ་ཆོས་རྩོམ་རིག་གི་བྱུང་ཚུལ།
བོད་གངས་ཅན་ལྗོངས་ལ་དཔེ་ཆོས་ཞེས་པའི་ཐ་སྙད་འདི་ནི་ཐོག་མར་དུས་རབས་བཅུ་གཅིག་པའི་དུས་མཇུག་ནས་བཟུང་སྟེ་བྱུང་བར་སྣང་ཞིང་། དེའི་ཡར་སྔོན་ལ་དཔེ་ཆོས་ཞེས་པའི་ཐ་སྙད་དེ་མེད་པའམ་གལ་ཏེ་ཡོད་དུ་མཆིས་ཀྱང་གུས་པས་ཡིག་ཐོག་གི་དཔྱད་གཞི་མ་མཇལ། དཔེ་ཆོས་ཞེས་པའི་ཐ་སྙད་དེ་དཔེ་དང་དཔེ་ཆོས་ཞེས་པ་གཉིས་པོའི་བསྡུས་མིང་བེད་སྤྱོད་པ་དང་། མིང་དེ་གཉིས་བསྡུས་པ་ལས་བྱུང་བའི་མིང་དེ་བེད་སྤྱོད་པ་དང་། མིང་དེ་གཉིས་བསྡུས་པ་ལས་དོན་ཁྱད་པར་ཅན་ཞིག་གོ་རྒྱུ་བྱུང་བ་ཡང་ཡིན། བསྡུ་བྱའི་མིང་ཚིག་འདི་དག་ཀྱང་དུས་རབས་བཅུ་གཅིག་པའི་སྐབས་སུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ལྕེ་སྒོམ་པས“དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་སློབ་ཁྲིད་གནང་བའི་སྐབས་སུ་སློབ་མ་རྣམས་ཀྱིས་མི་གོ་བར་དོགས་ནས་འཆད་འཁྲིད་ཐུན་མོང་མ་ཡིན་པའི་ཐབས་རྩལ་ལམ་དཔེ་ཆོས་ལ་བརྟེན་ནས་དཔེའི་སྒོ་ནས་དོན་རྟོགས་པར་འགྱུར་ཏེ་ཞེས་པ་དང་། ཡང་བཤེས་གཉེན་འདིའི་སྔོན་གྱི་གླེགས་བམ་ཞིག་རལ་ཏུ་སོང་བ་དག་ཕྱོགས་གཅིག་ཏུ་བསྡེབས་ནས《དཔེ་ཆོས་རིན་ཆེན་སྤུངས་པ》”མཛད་པ་འདི་ལས་དཔེ་ཆོས་རྩོམ་རིག་གི་མྱུ་གུ་ཐོག་མར་གངས་ཅན་གྱི་ལྗོངས་འདིར་བུད་པར་འདོད།
གསུམ་པ། སློབ་ཁྲིད་ཁྲོད་ལག་ལེན་བྱ་ཚུལ།
དཔེ་ཆོས་འདི་ཉིད་སློབ་གསོ་སློབ་ཁྲིད་ཁྲོད་དུ་གནས་བབས་མཐོན་པོར་སླེབས་པ་ནི། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་བསླབ་གཞིའི་ནང་དོན་ལ་གཟིགས་ན་ཤེས་པར་འགྱུར་ལ་དེ་འདྲའི་སྒྱུ་རྩལ་གྱི་ནུས་པས། སློབ་གསོ་སློབ་ཁྲིད་སྐབས་ནུས་པ་ཆེན་པོ་ཐོན་པ་ཡང་བདེན་པར་མཆིས་པས། དེའི་ནུས་པ་ད་དུང་ཇི་ལྟར་ཇེ་མཐོར་གཏང་དགོས་སམ་ཞེ་ན།
1.བརྙན་རིས་ལ་ཕབ་ལེན་བྱ་ཚུལ།
ནང་སའི་དཔེ་ཆོས་དང་། དབྱི་སོའི་དཔེ་ཆོས(伊索寓言)དག་ནི་དེང་རབས་ཚན་རིག་གི་ཐབས་ལམ་ལ་བརྟེན་ནས་སློབ་མ་ཚོར་དཔེ་ཁྲིད་བྱེད་ཀྱིན་ཡོད། དེའི་ནང་ནས་གཙོ་ཆེ་བ་ནི་བརྙན་རིས་ལ་ཕབ་ལེན་བྱ་ཚུལ་འདི་འགངས་ཆེན་དུ་སྣང་ངོ་། ། འདི་ཡང་གློག་ཆས་དང་ཁ་པར་ལ་ཆེས་གཡེངས་པའི་སྐབས་འདི་ལྟ་བུ་ཞིག་ལ་ང་ཚོས་མི་རྣམས་ཀྱི་སེམས་ཀྱི་བགྲོད་ཚུལ་དང་མཐུན་པའི་སྒོ་ནས་གང་སར་ལེགས་བཅོས་བྱ་དགོས་པ་ནི་གལ་ཆེ་སྟེ། དཔེ་ཆོས་ཡང་སྔར་ལྟར་དགེ་རྒན་གྱིས་བསྙད་པ་དང་སློབ་མས་ཉན་པ་ཙམ་མ་ཡིན་པར་བརྙན་ཕབ་བགྱིས་ཏེ། དྲ་བ་དང་ཁ་པར་སོགས་ནས་སློབ་མའི་མིག་མདུན་དུ་བཤམས་ཐུབ་པ་བྱ་རྒྱུ་གལ་ཆེ། དེ་ཡང་སྒྲུང་ལ་སོགས་པའི་བྱུང་རིམ་ཉག་ཉོག་དང་གོ་རྒྱུ་མེད་པ་དེ་འདྲ་མ་ཡིན་པར་སྟབས་བདེ་ལ་བརྗོད་སྙིང་འབུར་ཐོན་ཡོང་བ་བྱ་དགོས་ཤིང་། དེ་ཡང་སློབ་མའི་ན་ཚོད་དང་བསྟུན་ནས་འགུལ་རིས་སོགས་རྣམ་པ་ཅི་ཡང་ཡིན་དགོས། གལ་ཏེ་འདི་ལྟར་གྱི་སློབ་གཉེར་ཐུབ་ཚེ་སློབ་མའི་སློབ་ཁྲིད་བར་གསེང་གི་དུས་ཚོད་དག་སྤུས་ཚད་མེད་པའི་བརྙན་ཐུང་གིས་ཟིན་པ་ཙམ་མ་ཡིན་པར། དོན་ལྡན་གྱི་སློབ་གཉེར་ཡང་ཡོང་ཐུབ་པ་ཡིན།
2.འཁྲབ་སྟོན་གྱི་རྒྱུ་ཆར་བཀོལ་བ།
སློབ་གསོ་པུའུ་དང་སྤྱི་ཚོགས་ལས་རིམ་ཁག་ནས་སློབ་མའི་སློབ་ཁྲིད་བར་གསེང་གི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་རྒྱུ་དང་སློབ་མའི་རྡོག་ཁྲེས་ཇེ་ཡང་དུ་གཏོང་བའི་སྐབས་འདིར། འཁྲབ་སྟོན་གྱི་རྣམ་པས་སློབ་ཚན་གྱི་ནང་དོན་བརྒྱུད་སྤེལ་བྱ་རྒྱུ་གལ་ཆེ་བ་ཡིན། འདི་ལ་ཐོག་མར་གཏམ་བསྡུས་ཤིང་རྩེད་མཚར་གྱི་རང་བཞིན་ལྡན་པ་ཞིག་དགོས་པ་ན། མིང་བསྡུས་ལ་དོན་སྟོན་ཚབས་ཆེ་བའི་ཁྱད་ཆོས་དག་ནི་དཔེ་ཆོས་ལ་མཆིས་ན། དཔེ་ཆོས་འཁྲབ་སྟོན་གྱི་རྒྱུ་ཆར་འགོད་རྒྱུ་འདི་གལ་ཆེ་བ་ཡིན་ནོ། ། དཔེར་ན། དུས་བདེ་ཞི་འཇགས་ཡོང་བའི་རྣམ་པ་མཚོན་པ་ལ་རྒན་མོ་གསེར་ཁུར་ལྟ་བུར་འཇོག་པ་དང་། ཡང་བློ་གཉིས་ཀྱིས་དོན་མི་སྒྲུབ་པའི་དཔེ་ལ། བྱ་འཛིན་ཉ་འཛིན་སོགས་སྤྱད་ན་འཁྲབ་སྟོན་གྱི་ནུས་པ་ཇེ་མཐོར་སྤེལ་ཐུབ་པར་མ་ཟད། གཏམ་རིང་བ་དང་བརྗོད་དོན་གསལ་སྟོན་མི་ཐུབ་པ་དང་ངག་ལྡབ་ལྡིབ་སྨྲ་བ་སོགས་ཀྱི་གེགས་སེལ་ཐུབ་ལ་སློབ་མ་རང་ཉིད་ལ་ཡང་མ་འོངས་པའི་ལོ་ཟླའི་ནང་སྐད་ཆའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཕན་ཡོན་ཆེན་པོ་ལྡན་ཞིང་། དཔེ་ཆོས་ཀྱི་སློབ་ཚན་ཞེས་པ་དམིགས་བཀར་དུ་བྱས་ནས་ངལ་བ་བྱ་མི་དགོས་པར་དཔེ་ཆོས་རྩོམ་རིག་ཁྱབ་གདལ་གྱི་རྒྱུ་རུ་འགྲོ་བ་ཡིན།
3.གླེགས་བམ་ཕྱོགས་གཅིག་ཏུ་བསྐྱིལ་བ།
མིག་སྔའི་ཆར་རང་རེར་དཔེ་ཆོས་རིན་ཆེན་སྤུངས་པ་ཙམ་ལས་གཞན་དཔེ་ཆོས་ཀྱི་རྣམ་པ་ཐམས་ཅད་གཞི་གཅིག་ཏུ་བསྐྱིལ་བའི་གླེགས་བམ་གྱི་བམ་ཁ་དེ་ཙམ་མི་མཐུག་པས། རྣམ་པ་ཀུན་ཏུ་སློབ་མ་རྣམས་ཀྱིས་ལྟ་ཀློག་སོགས་བགྱི་བར་ངལ་བ་མི་དམན་པ་བསྐྲུན་ཡོད། དེང་གི་ཆར་སློབ་གཞིའི་ནང་རེ་གཉིས་བསྡུ་སྒྲིག་བྱས་པ་དག་ནི། དོན་གཅིག་ལ་འགྲེལ་ཚུལ་གཅིག་མཚུངས་མ་ཡིན་པ་དཔེར་ན། མཐོ་འབྲིང་བོད་ཡིག་སློབ་གཞིའི་ནང“སྒྱེའུ་ནང་སྙུང་བུ”ཞེས་བྱ་བའི་དོན་མངོན་ཆུང་ཡ་རབས་སུ་འགྲེལ་བ་དང་། དཔེ་ཆོས་བརྡ་བཀྲོལ་སོགས་སུ“ཁ་འཇམ་གཏིང་གནག”ཏུ་འགྲེལ་བ་སོགས་འགྲེལ་ཚུལ་མི་འདྲ་བར་གསུངས་པ་དང་། ཡང“ལ་ཉག་མཛོ་གཟེངས”ཀྱི་དོན་ནི། འདྲ་འདྲའི་དཀྱིལ་ནས་མི་འདྲ་བ་ཡིན་བཞིན་དུ། སློབ་གཞིའི་ནང“ངན་པ་མཉམ་ཕུང”དུ་འགྲེལ་བ་སོགས་དཔེས་མཚོན་པ་ཙམ་ཡིན་གྱིས་འདི་དང་འདྲ་བ་ད་དུང་མང་དག་མཆིས་པ་དག་གིས་སློབ་མ་རྣམས་ཐེ་ཚོམ་གྱི་གནས་སུ་གྱར་དུ་བཅུག་པ་སོགས་ཀྱི་ཆ་མང་དུ་མཆིས་པས། འདིར་ནི་གཞི་རིམ་སློབ་གསོ་སློབ་ཁྲིད་ཀྱི་གནས་སྐབས་སུ་དགེ་རྒན་དང་མཁས་པ་རྣམས་ཀྱིས་དཔེ་ཆོས་རྣམས་ཕྱོགས་གཅིག་ཏུ་བསྐྱིལ་བའི་གླེགས་བམ་མཛད་པ་དང་དེའི་དོན་འགྲེལ་ཚུལ་གཅིག་གྱུར་ཡོང་བ་སོགས་ཀྱི་གནད་ལ་འབད་པ་མཛད་ནས་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཕན་པ་འདུག་ལ་དཔེ་ཆོས་རྩོམ་རིག་གཞི་རིམ་སློབ་གསོའི་ཁྲོད་དུ་ལག་ལེན་འདེབས་པ་ལ་ཡང་ནུས་པ་ཆེན་པོ་ལྡན་པ་ཡིན། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注