2025ལོར་མཐོ་སློབ་མཐར་ཕྱིན་སློབ་མ་ཁྲི1222ལ་སླེབས་རྒྱུ་རེད།

ཉེ་ཆར། སློབ་གསོ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་མཉམ་འབྲེལ་ཐོག་ལས་དོན་ཚོགས་འདུ་འཚོགས་ནས། 2025ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོར་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས། བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་གཞི་ཁྱོན་སྔོན་དཔག་བྱས་ན་མི་ཁྲི1222ཟིན་རྒྱུ་དང་། དེ་དུས་མཚུངས་ལས་མི་ཁྲི43འཕར་ཡོད།

སློབ་གསོ་པུས་ས་གནས་ཁག་དང་མཐོ་སློབ་ཁག་ལ“2025ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་དང་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་འགུལ་སྐྱོད”ལག་ལེན་བསྟར་རྒྱུའི་བཀོད་སྒྲིག་བྱས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། ཟླ9པ་ནས་བཟུང་། ས་གནས་ཁག་གི་མཐོ་སློབ་ཁག་གིས་ལས་བསྡུའི་བྱེད་སྒོ་ཐེངས་ཁྲི5.5སྤེལ་བ་དང་། ལས་གནས་ཆ་འཕྲིན་ཁྲི1093མཁོ་འདོན་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号