ཐུན་ཏེ་རྫོང་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྫོང་མཁར་གྱི་འགྲིམ་འགྲུལ་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས།
འཕྲིན་གཏོང་པ། ཚེ་རིང་དོན་གྲུབ། རྟ་མགྲིན་རྡོ་རྗེ།
ཉིན་འདི་དག་གི་རིང་ལ། གནམ་གཤིས་འཁྱག་པའི་ཤུགས་རྐྱེན་ཐེབས་ཤིང་། ཐུན་ཏེ་རྫོང་དུ་ཁ་བ་བབས་ནས་ས་གཞི་ཐམས་ཅད་གོས་དཀར་གྱི་ལྭ་བས་གཡོགས་འདུག ཟླ12པའི་ཚེས9ཉིན་ནས་བཟུང་ཁ་བ་འབབ་འགོ་ཚུགས་པ་དང་། ཚེས10ཉིན་བར་དུ་ཁ་བ་བབས་ཚད་ཧའོ་སྨི1.1ལ་སླེབས་པས། ཐུན་ཏེ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་འཁོར་སྐྱོད་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཡོད།
ཐེངས་འདིར་ཁ་བ་བབས་པ་ཅུང་མཐུག་པས། ས་གནས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་མི་ཉུང་བ་ཐེབས་ཡོད་དེ། གནམ་གཤིས་ཇེ་འཁྱགས་སུ་སོང་བ་དང་དྲོད་ཚད་མར་ལྷུང་བ། ཕྱུགས་ཟོག་གི་གཟན་ཆས་མཁོ་གལ་ཆེན་བའི་དུས་སུ་སླེབས་པས། འབྲོག་པ་མང་ཚོགས་ཀྱིས་བྱེད་ཐབས་ཧུར་ཐག་སྤྱད་དེ་ཕྱུགས་རིགས་ཀྱི་དྲོད་ཁང་དང་གཟན་ཆས་གསོག་འཇོག་གི་ལས་ཀར་ཤུགས་བསྣན་ནས། ཕྱུགས་རིགས་ཀྱི་གཟན་ཆས་འདང་ངེས་དང་འཚོ་གནས་ཁག་ཐེག་ཐུབ་པར་འགན་ལེན་ཏན་ཏིག་བྱེད་བཞིན་འདུག
གཞན་ཡང་། ཁ་བ་བབས་པའི་དུས་ཚིགས་འདི་ལ། རྫོང་འགྲིམ་འགྲུལ་སྡེ་ཁག་གི་ལས་བྱེད་མི་སྣས་མྱུར་དུ་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱས་ཤིང་། ལས་བྱེད་མི་སྣ་ཡོངས་ཀྱིས་བགྲོད་ལམ་གཙོ་བོ་དང་ཁངས་གསོག་ལམ་དུམ་གྱི་འགྲིམ་འགྲུལ་ལ་བཀོད་འདོམས་བྱེད་བཞིན་ཡོད་ལ། རླངས་འཁོར་གྱི་མྱུར་ཚད་ཇེ་དལ་དུ་གཏོང་བ་དང་། རླངས་འཁོར་གྱི་བདེ་འཇགས་བར་ཐག་རྒྱུན་སྲུང་དང་དུས་ཐོག་ཏུ་གཞུང་ལམ་གྱི་ཁངས་གཙང་བཟོ་བྱས་ནས་གཞུང་ལམ་ཤར་གཏོང་ཐུབ་པ་དང་རླངས་འཁོར་བདེ་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།
གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ཚགས་དམ་པོ་བྱས་ཤིང་། ཁངས་འབབ་པའི་སྔོན་བརྡ་གཏོང་བའི་ཆ་འཕྲིན་དང་འབྲེལ་ཡོད་གནམ་གཤིས་ཞབས་ཞུ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས། མི་དམངས་མང་ཚོགས་ཕྱིར་སྐྱོད་པ་དང་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་ཚན་རིག་དང་མཐུན་པའི་མཛུབ་སྟོན་འདོན་སྤྲོད་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་རྒྱ་ཆེའི་སྡོད་དམངས་རྣམས་ལ་གྲང་འགོག་དྲོད་སྲུང་དང་། ཆམ་རིམས་སོགས་ནད་རིགས་སྔོན་འགོག ཕྱུགས་རིགས་ཀྱི་གྲང་འགོག་དྲོད་ཁང་དང་སྒྲིག་བཀོད་ཞིང་ལས་ཀྱི་རླུང་འགོག་སོགས་བརྟན་སྲུང་ལས་ཀ་ལེགས་པོར་བསྒྲུབ་དགོས་པའི་དྲན་སྐུལ་བྱས།
དགུན་འགོ་མར་བབས་པའི་ཁ་བ་ཐོག་མས་ཐུན་ཏེ་རྫོང་ལ་དགུན་དུས་ཀྱི་མཁའ་དབུགས་གསར་པ་ཞིག་བསྣན་ཡོད་ཅིང་། ཐུན་ཏེ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཀྱང་འཕྲལ་བསྟུན་འགན་སྲུང་ནུས་པ་དང་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་སྐབས་བསྟུན་རང་བཞིན་བྱ་བ་ཚགས་དམ་པོར་སྒྲུབ་སྟེ། སྡེ་ཁག་སོ་སོའི་འབད་བརྩོན་དང་མང་ཚོགས་ཀྱི་རམ་འདེགས་འོག འཚོ་བའི་ཐོན་སྐྱེད་བདེ་འཇགས་དང་འགྲིམ་འགྲུལ་ཤར་གཏོང་བྱ་བ་སྒོ་ཀུན་ནས་ལེགས་པོར་སྒྲུབ་པར་ཁག་ཐེག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注