མཚོ་སྔོན་གྱི་སྤྱི་བདེ་ཡིས་ནུས་ཤུགས་ཡོད་རྒུས་དགུན་དུས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་འབུར་ཐོན་བྱ་སྤྱོད་བཅོས་སྒྲིག་བྱ་བ་སྤེལ།
ཟླ12པའི་ཚེས4ཉིན། གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་པ་ལྟར་ན། དགུན་དུས་ཀྱི་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྤྱི་བདེ་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། མགྱོགས་མྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། རྩ་འཛུགས་དང་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བ། གཞུང་ལས་བཀོད་སྒྲིག་ལ་ཤུགས་སྣོན་པ། དགུན་དུས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་འབུར་ཐོན་ལ་ཞིབ་བཤེར་ནན་མོ་བཅས་བྱས་ནས། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་གནས་བབ་བརྟན་པོ་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱས། བྱ་སྤྱོད་སྤེལ་བའི་ཚུན་ལ་ཞིང་ཆེན་ཡོངས་སུ་རིགས་སོ་སོའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་བསྡོམས་པས་ཁྲི་དྲུག་དང་སྟོང་གཅིག་དགུ་བརྒྱ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཞིང་ཆེན་ཡོངས་སུ་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དུས་མཚུངས་ལས་བརྒྱ་ཆའི་ཉེར་གསུམ་ལྷག་མར་ཆག་ཡོད།
ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་བྱ་བའི་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། 《བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱས་ཏེ་དགུན་དུས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་འབུར་ཐོན་གཅིག་བསྡུས་བཅོས་སྒྲིག་བྱ་སྤྱོད་སྤེལ་བའི་བྱ་བའི་ཇུས་གཞི》པར་འགྲེམས་བྱས་ཏེ། ཕྱོགས4དང་ཞིབ་ཕྲའི་བྱེད་ཐབས་སྣ16གསལ་བོར་བཟོས་ནས་དགུན་དུས་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས“ཉེན་རྟོག་པའི་སྟོབས་ཤུགས་གནས་ཚུལ་དང་བསྟུན་ནས་སྐྱོད་པ་དང་། དགོས་མཁོ་དང་བསྟུན་ནས་སྐྱོད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རང་ས་གནས་ཀྱི་གཙོ་གནད་རླངས་འཁོར་འགྲིམ་འགྲུལ་ཕྱིར་སྐྱོད་དང་། འགྲིམ་འགྲུལ་ཁྲིམས་འགལ། འགྲིམ་འགྲུལ་ལས་འཛོལ་བཅས་ཀྱི་ཆོས་ཉིད་དང་ཁྱད་ཆོས་གསེད་བཀྲོལ་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་ལམ་ངོས་ཀྱི་ཞབས་ཞུའི་བཀོད་སྒྲིག་ལེགས་སྒྲིག་བྱེད་པ། སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་འགྲིམ་འགྲུལ་ཉེན་རྟོག་ཁྲིམས་འཛིན་ས་ཚིགས་ལ་བརྟེན་ནས། གཙོ་གནད་ལམ་དུམ་དུ་གནས་སྐབས་ལས་སྒྲུབ་ས་ཚིགས་ཇེ་མང་དུ་བཏང་སྟེ་ཉེན་རྟོག་པའི་ལས་ཕྱོད་དང་ལམ་ངོས་སུ་ཉེན་རྟོག་པ་མཐོང་ཚད། དོ་དམ་བྱེད་ཚད་བཅས་མཐོ་རུ་བཏང་། དེ་དང་ཆབས་ཅིག སློབ་གསོའི་སྡེ་ཁག་དང་སློབ་གྲྭར་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་རང་འགུལ་ངང་ཤུགས་བསྣན་ནས། ཧུར་ཐག་གིས་སློབ་གྲྭའི་སྒོ་ཁ་དང་མཐའ་འཁོར་གྱི་བགྲོད་ལམ་བདེ་འཇགས་ཀྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། སློབ་མ་རླངས་འཁོར་དུ་འབུད་པ་དང་སློབ་གྲྭའི་རླངས་འཁོར་ཕྱིར་འགྲོ་བ་དམ་འཛིན་ཡག་པོ་བྱས་ཏེ། སློབ་གྲྭའི་མཐའ་འཁོར་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་ནན་མོ་བྱས།
བཅོས་སྒྲིག་བྱ་སྤྱོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས“དཔལ་ཡོན་གྱི་འགྲིམ་འགྲུལ་ལག་གདང་སྦྲེལ་ནས་མཉམ་དུ་བསྐྲུན”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། 122“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བྱེད་སྒོ་ཐེངས13སེམས་ཞིབ་མོས་རྩ་འཛུགས་བྱས་ནས་སྤེལ་བ་དང་། མང་ཚོགས་ཀྱི་གོ་བདེ་ཤེས་སླ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་སྒྲོག་འགྲེལ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ། འགྲིམ་འགྲུལ་དཔལ་ཡོན་གྱི་འདུ་ཤེས་བརྒྱུད་བསྒྲགས་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོབ་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས། མང་ཚོགས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ལ་དོ་ཁུར་བྱེད་པ་དང་། ཧུར་ཐག་གིས་སྤྱི་ཚོགས་ཡོངས་ཀྱིས་དཔལ་ཡོན་འགྲིམ་འགྲུལ་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注