མེ་ཟོན་ཤེས་བྱ་གནད་བསྡུས།

མེ་སྐྱོན་བཀག་འགོག་དང་མེ་སྐྱོན་བདེ་འཇགས་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཆེད་ང་ཚོས་མཉམ་དུ་མེ་ཟོན་ཤེས་བྱ་ཁོང་དུ་ཆུད་པ་བྱེད་དགོས།

མི་གཅིག་གི་བདེ་འཇགས། ཁྱིམ་གང་གི་བདེ་སྐྱིད།

༡ ཁྱིམ་སྤྱོད་གློག་ཆས་ལ་སྐྱོན་བྱུང་ན་མེ་སྐྱོན་འབྱུང་སླ།

གློག་སྡུད་ཐབ་ག་དང་། གློག་གདན། བརྙན་འཕྲིན། འཁྱག་སྒམ་སོགས་གློག་ཆས་བཀོལ་སྐབས། སྐུད་ལམ་རྒས་འགྱུར་དང་། དུས་རྒྱུན་དུ་དབོར་འདྲེན་བྱས་ཏེ་གློག་སྐུད་ལ་གནོད་སྐྱོན་ཐེབས་ནས་མེ་སྐྱོན་འབྱུང་སླ་བའི་རིགས་འགོག་དགོས།

༢ མེ་སྲེག་དང་དྲོད་ལེན་བྱས་ན་མེ་སྐྱོན་འབྱུང་སླ།

དྲོད་ལེན་དངོས་པོ་སྟེ་རླངས་སྣུམ་དང་། སོལ་སྣུམ། ཆང་བཅུད་སོགས་འབར་སླའི་དངོས་རྫས་ཀྱིས་མེ་ཁ་གསོ་མི་ཆོག་པ་དང་། མེ་ཐབ་ཀྱི་མཐའ་འཁོར་དུ་འབར་སླ་བའི་དངོས་རྫས་སྤུངས་མི་ཆོག དྲོད་འདོན་མཁོ་ཆས་ཀྱིས་གྱོན་གོས་མི་བསྲེག་པ་བྱེད་དགོས།

༣ དུད་སྣེ་གང་བྱུང་དུ་གཡུགས་ན་མེ་སྐྱོན་འབྱུང་སླ།

གང་བྱུང་དུ་དུད་སྣེ་དང་འབར་ཞུན་སོགས་གད་སྙིགས་སྣོད་དུ་མི་དབྱུག་པ་གལ་ཆེ་བ་མ་ཟད་འབར་སླ་བའི་གད་སྙིགས་གཞན་དག་ཀྱང་གང་བྱུང་དུ་གཡུག་མི་འོས། ཉལ་ཁྲིའི་སྟེང་དང་འབོལ་ཁྲིའི་སྟེང་ནས་དུ་བ་མི་འཐེན་པ་གལ་ཆེ།

༤ ཤོག་སྦག་སྦར་ན་མེ་སྐྱོན་འབྱུང་སླ་བ།

ཤོག་སྦག་སྦར་སྐབས་བདེ་འཇགས་ཀྱི་ས་ཆ་འདེམས་པ་དང་ཡང་དག་པའི་སྦར་སྟངས་ཁོང་དུ་ཆུད་པ་བྱེད་དགོས་པ་མ་ཟད། ཤོག་སྦག་བཀད་རྗེས་དུས་ཐོག་ཏུ་ཞིབ་བཤེར་གཙང་སེལ་བྱས་ནས་མེ་སྐྱོན་འབྱུང་བའི་རྐྱེན་ངན་སེལ་དགོས།

༥ རླུང་གཟུགས་ཕྱིར་ཤོར་ན་མེ་སྐྱོན་འབྱུང་སླ།

གལ་ཏེ་སོལ་རླངས་ཕྱིར་ཤོར་བ་ཤེས་ཚེ། འཕྲལ་མར་དབུགས་སྒོ་དང་ཐབ་ཆས་ཀྱི་སྒོ་རྒྱག་དགོས་པ་མ་ཟད། སྒོ་དང་སྒེའུ་ཁུང་ཕྱེ་ནས་གློག་ཆས་ཀྱི་སྒོ་དེ་མུར་རྒྱག་དགོས་པ་དང་མེ་རྩ་བ་ནས་བཀོལ་མི་རུང་། སོལ་རླངས་འཛག་པའི་སར་ཁ་པར་རྩ་བ་ནས་གཏོང་མི་རུང་། ཁྱིམ་མཚེས་ཚང་གི་སོལ་རླངས་ཕྱིར་ཤོར་བ་ཤེས་ན། མྱུར་དུ་སྒོ་རྡུང་ནས་བརྡ་རྒྱག་དགོས་པ་ལས། སྒོ་དྲིལ་གཏན་ནས་བཀོལ་མི་རུང་།

༦ གློག་སྐུད་གང་བྱུང་དུ་འཐེན་ན་མེ་སྐྱོན་འབྱུང་སླ།

ཐེག་བརྒལ་གློག(不超负荷)མི་སྤྱོད་པ་དང་། མང་དྲགས་པའི་གློག་གི་སྒྲིག་ཆས་མི་སྤྱོད་པ། ཟངས་དང་། ལྕགས། ཧ་ཡང་སོགས་ཀྱིས་གློག་སྒོ་ཚབ་བྱས་པའི་ཉེན་འགོག་སྐུད་པ་མི་སྤྱོད་པ། གང་འདོད་དུ་སྐུད་ལམ་ལ་བཟོ་བཅོས་མི་རྒྱག་པ། གློག་སྒུལ་འཁོར་རིགས་ཀྱིས་སོ་སོར་གཏན་འཁེལ་བྱས་པའི་ས་ཆར་མ་གཏོགས་གཞན་དུ་གློག་གསོག་མི་རུང་།

ཚང་མས་དུས་དང་རྣམ་པ་ཀུན་ཏུ་ཁྱིམ་གྱི་མི་མངོན་པའི་མེ་སྐྱོན་རྐྱེན་ངན་ལ་བག་ཟོན་བྱས་ནས་སྒོར་འབུད་སྐབས་མེ་དང་། གློག སོལ་རླངས་བཅས་ཀྱི་སྒོ་རྒྱག་པའི་གོམས་གཤིས་བཟང་པོ་འཇགས་ཐུབ་པ་བྱེད་དགོས་པ་མ་ཟད། བར་ཁྱམས་ནང་སྒྲིག་འགལ་ངང་བཞག་པའི་གློག་སྒུལ་འཁོར་རིགས་དང་དངོས་པོ་དུས་ཐོག་ཏུ་གཙང་སེལ་བྱས་ཏེ་མེ་ཟོན་ཐར་ལམ་ཤར་གཏོང་ཐུབ་པ་བྱེད་དགོས།

མེ་ཟོན་བྱིས་གླུ།

ན་ཆུང་བྱིས་པ་རྣམས་ཀྱིས་སེམས་ལ་བཟུང་། །
མེ་ལྕེ་དམར་པོ་ཁྱོད་ཀྱི་རྩེད་ཆས་མིན། །
ཁྱོད་ལ་རྩེད་རོགས་ན་མཉམ་གྲོགས་པོ་ཡོད། །
ན་མཉམ་གྲོགས་པོ་སྐར་ཚོགས་ཤར་འདྲ་ཡོད། །

ཁྱིམ་དུ་མེ་ལྕེ་མཆེད་པ་ཤེས་བྱུང་ཚེ། །
ཐོག་མར་སྣ་སྒོ་གཅོད་བཞིན་ཕྱི་ལ་ཕྲོས། །
འབྲོ་ཞོར་འབྲོ་ལམ་གང་ཡོད་བལྟ་ཡག་བྱོས། །
མི་མང་ཚོགས་སར་ཕྲོས་དང་རོགས་རམ་ཡོད། །

མེ་ཟོན་ཉེན་བརྡ་བྱུང་ན། །
མྱུར་དུ་ཕྱི་ལ་ཕྲོས། །
མེ་ཟོན་ཤེས་བྱ་རྟོགས་ན། །
རང་གཞན་ཀུན་ལ་ཕན། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号