2023ལོའི་རི་ཀླུང་བརྒལ་ནས་མགོ་ཁུངས་འཚོལ། རྨ་ཆུ་བརྒྱུད་ནས་རྒྱ་མཚོ་མཐོང་ཞེས་པའི་ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ཕན་ཚུན་ཡུལ་སྐོར་དང་བརྗེ་རེས་བྱེད་པ་དང“མི་འབུམ་གཉིས་ཀྱིས་མཚོ་བྱང་ལ་ཡུལ་སྐོར་བྱེད”པའི་མུ་འབྲེལ་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས་པ།


ཟླ7པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཀྲུང་གུང་འཇུ་ལག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་གནང་བའི་ཧྲན་ཏུང་གི་མཚོ་སྐྱོར་ལས་གཞི་སྟེ། 2023ལོའི་རི་ཀླུང་བརྒལ་ནས་མགོ་ཁུངས་འཚོལ། རྨ་ཆུ་བརྒྱུད་ནས་རྒྱ་མཚོ་མཐོང་ཞེས་པའི་ཧྲན་ཏུང་དང་མཚོ་སྔོན་གཉིས་ཀྱིས་ཕན་ཚུན་ཡུལ་སྐོར་དང་བརྗེ་རེས་བྱེད་པ་དང“མི་འབུམ་གཉིས་ཀྱིས་མཚོ་བྱང་ལ་ཡུལ་སྐོར་བྱེད”པའི་མུ་འབྲེལ་བྱེད་སྒོའི་མགོ་རྩོམ་མཛད་སྒོ་མཚོ་བྱང་ཁུལ་འཇུ་ལག་རྫོང་གངས་དཀར་རི་བོའི་འདབས་སུ་སྤེལ།

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཁྲིན་དབྱིན་པང་། ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ནོར་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པའམ་རིམ་པ་གསུམ་པའི་བརྟག་ཞིབ་པ་པི་ཧའེ་ཡན། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཀྲེང་ཆིང་སོགས་བྱེད་སྒོར་ཞུགས་ལ། ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཧྲན་ཏུང་གི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་དང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཡིས་མགོ་རྩོམ་མཛད་སྒོ་གཙོ་སྐྱོང་གནང་། ཧྲན་ཏུང་ཞིང་ཆེན་གྱི་ཝུའེ་ཧའེ་དང་ལིན་དབྱི། ལེའོ་ཁྲེང་། པིན་ཀྲོའུ་བཅས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲོང་ཁྱེར་བཞིའི་རིག་གནས་ཡུལ་སྐོར་སྡེ་ཁག་དང་གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས།  ཀན་སུའུ་འབྲོང་ཡུལ་གྲོང་ཁྱེར་དང་ཅིན་ཁྲང་གྲོང་ཁྱེར། ཞིང་ཆེན་ནང་ཁུལ་གྱི་མཚོ་ཤར་གྲོང་ཁྱེར་བཅས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་དང་།   ཁུལ་ནང་ཁུལ་གྱི་རྫོང་བཞིའི་རིག་གནས་ཡུལ་སྐོར་སྡེ་ཁག གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་མི། དེ་བཞིན་འཇུ་ལག་རྫོང་གི་ལས་བྱེད་མང་ཚོགས་བཅས་ཁྱོན་མི400ལྷག་ཙམ་བྱེད་སྒོར་ཞུགས།     

ཐེངས་འདིའི་བྱེད་སྒོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ་དང་ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཁ་གཏད་རོགས་སྐྱོར་འབྲེལ་བ་རྒྱུན་མཐུད་སྲ་བརྟན་དུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་པ་ཞིག་ཡིན་ལ། ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་རང་བྱུང་མི་ཆོས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང“མགྲོན་བཟང་ཧྲན་ཏུང”དང“དག་སྣང་མཚོ་བྱང”ལག་གདང་སྦྲེལ་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད། 

བྱེད་སྒོའི་ཁྲོད། ཤ་བོ་སྐྱབས་ཀྱིས“མཚོ་བྱང་ཁུལ་ལ་ལམ་དུ་ཆས།”ཞེས་པའི་རྒྱལ་ཡོངས་སྨྱན་སྦྱོར་མནའ་འབྲེལ་གྱི་དར་ཆ་སྤྲད་པ་དང་། ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས18ཀྱིས་གྲུབ་འབྲས་ཐོབ་པའི་ངང་མནའ་འབྲེལ་བཞག བྱེད་སྒོའི་ནང་ད་དུང་ཧྲན་ཏུང་དང་། ཀྲེ་ཅང་། ཐེན་ཅིན་སོགས་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀན་སུའུ་དང་། སི་ཁྲོན། ཉིང་ཞ་སོགས་ཉེ་འཁོར་གྱི་འགྲུལ་ཁུངས་ས་གནས་ཀྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་དགའ་མོས་བྱེད་མཁན་གདན་དྲངས་ནས། ཁང་འཁོར་དང་བྱེས་བགྲོད་རླངས་འཁོར་སོགས་སྒེར་འཁོར་གཏོང་མཁན100ལྷག་ཙམ་མགོ་རྩོམ་མཛད་སྒོར་ཞུགས།  རླངས་འཁོར་དེ་དག་གངས་དཀར་རི་བོ་ནས་ཐོན་ཏེ་ལོག་དཀར་མེ་ཏོག་གི་རྒྱ་མཚོ་བརྒལ་ཞིང་། ཟླ་བདུན་པའི་མཛེས་སྡུག་ལྡན་པའི་ལྗོངས་ཁུལ་ཞིག་ཏུ་གྲུབ་པར་བྱས།  ཧྲན་ཏུང་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། སི་ཁྲོན་བརྙན་འཕྲིན་ཁང་། མཚོ་སྔོན་དཔལ་འབྱོར་འཚོ་བའི་འཕྲིན་ལམ་སོགས་རྒྱལ་ཡོངས་ཀྱི་གཙོ་རྒྱུག་སྨྱན་སྦྱོར་ཉི་ཤུ་ལྷག་ཙམ་མཚོ་བྱང་དུ་འཛོམས་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཚོགས་འདུ་གཟབ་རྒྱས་དེ་མགོ་བརྩམས། དྲ་སྟེང་གི་ཡུལ་སྐོར་ཞེན་མི་ཁྲི3000ལྷག་གིས་བྱེད་སྒོར་ཞུགས་པ་དང་འབྲེལ་མཚོ་བྱང་གི་མཛེས་ཉམས་མཉམ་སྤྱོད་བྱས། གཙོ་རྒྱུག་སྨྱན་སྦྱོར་དང་རང་སྨྱན་སྦྱོར་གྱིས་མཉམ་འབྲེལ་ཐོག་ཤུགས་བསྣན་ནས། ཐུན་མོང་ཐོག་རྒྱལ་ཡོངས་མི་དམངས་ལ་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་འོས་སྦྱོར་བྱས་ཡོད། དེའི་རྗེས་ཀྱི་དུས་ཚོད་ནང་། སྨྱན་སྦྱོར་མནའ་འབྲེལ་ད་དུང་གསེར་མདོག་འཇུ་ལག་དང་ལྷ་ཡུལ་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི་བཅས་སུ་བསྐྱོད་དེ་བརྙན་མིག་ལ་བརྟེན་ནས་མཛེས་སྡུག་ཡོད་ཚད་ཟིན་ཐོར་འགོད་པ་དང་། ལྟ་ཉན་ལ་བརྟེན་ནས་བརྩེ་སེམས་བརྒྱུད་སྤྲོད་བྱས་ཏེ། ཟུར་ཚད་མང་པོའི་ཐོག་ནས་མཚོ་བྱང་གི་མཛེས་ལྗོངས་ཡག་པོ་དྲིལ་སྒྲོག་དང་འོས་སྦྱོར་བྱ་རྒྱུ་རེད།

undefined

རྨ་ཆུ་སྔོན་མོ་མཉམ་འཐུང་བྱས་ནས་ཧྲན་ཏུང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ། མཚོ་སྔོན་ནས་ཆུའི་མགོ་ཁུངས་ཡིན་པ་ནས་ཧྲན་ཏུང་དུ་རྒྱ་མཚོར་འབབ་པའི་རྨ་ཆུས་ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ལ་རང་བྱུང་གི་མཛའ་གྲོགས་སྦྲེལ་ཟམ་བསྐྲུན་ཡོད་ལ། བློ་སེམས་གཅིག་ཏུ་སྒྲིལ་ནས་རི་ཀླུང་བརྒལ། ལག་གདང་གཅིག་ཏུ་སྦྲེལ་ནས་འབྱུང་འགྱུར་ལས་རྒྱལ། ཧྲན་ཏུང་དང་མཚོ་སྔོན་གྱིས་རོགས་སྐྱོར་མཉམ་ལས་ཁྲོད་མཉམ་ལས་གཏིང་ཟབ་དང་ལེགས་ཆ་གསབ་རེས་ཁྲོད་ཚོང་ལས་ཀྱི་གོ་སྐབས་བཙལ་ནས། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་ལས་བརྗེ་རེས་ཐད་ཁྱབ་ཁོངས་སྔར་བས་ཆེ་བ་དང་མངའ་ཁོངས་སྔར་བས་ཡངས་པ། རིམ་པ་སྔར་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号