ཟླ6པའི་ཚེས6ཉིན། 2023ལོའི་མཚོ་སྔོན·མཚོ་བྱང་འཇུ་ལག་གི“མཚོ་སྔོན་གྱོ་རྒྱ་རྟགས་མའི”རྟ་རྒྱུག་འགྲན་སྡུར་སྐབས་དང་པོའི་མགོ་བརྩམས་མཛད་སྒོ་འཇུ་ལག་རྫོང་རྒྱལ་མཁར་རྫོང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འགྲན་བསྡུར་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུན་ཞིག་ཙུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཞུས་ཡུང་ཀུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཀྲིན་ཆིན་བཅས་མཛད་སྒོ་སླེབས་ཡོད། སུན་ཞིག་ཙུང་གིས་ཤིས་ཚིག་ཕུལ།
ཉེ་བའི་ལོ་ཤས་རིང་། འཇུ་ལག་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི”མངགས་བཅོལ་ཟབ་མོ་ལག་ལེན་ཧུར་ཐག་བྱས་ནས“རི་བོ་གཅིག་དང་ཆུ་བོ་གཅིག མེ་ཏོག་གཅིག་དང་རྟ་མཆོག་གཅིག རྩྭ་ཐང་གཅིག་དང་ནགས་ཚལ་གཅིག”བཅས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྐྱེ་ཁམས་བྱེད་ནུས་རང་བཞིན་གྱི་ངེས་གནས་ལ་དམ་པོར་དམིགས་ཏེ་མཚོ་སྔོན་གྱོ་རྒྱ་རིག་གནས་གསར་སྤེལ་དང་སྲུང་སྐྱོབ་སྲོག་ཤིང་དུ་བཟུང་ནས་རྟ་གསོ་ལས་རིགས་མུ་མཐུད་རྒྱ་ཆེར་གཏོང་བ་དང་། རྟ་རྒྱུག་འགྲན་སྡུར་སྣ་མང་སྤེལ་བ་བརྒྱུད་སྲོལ་རྒྱུན་དམངས་སྲོལ་རིག་གནས་དར་སྤེལ་དང་རྟའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注