མཚོ་བྱང་ཁུལ་གྱིས་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས།

ཤ་བོ་སྐྱབས་ཚོགས་འདུར་སླེབས་ཤིང་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།


    ཟླ5པའི་ཚེས22ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་ལ། མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་དེས་དཔེ་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་བྱ་རྒྱུའི་ཐད་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་སླེབས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་མ་ཁྲེང་ཧྥང་གིས་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་པ6དང་མཚོ་བྱང་ཁུལ་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་གྱི་དཔེ་མཚོན་གྱོད་གཞི་ཁྱབ་བརྡ་བཏང་ལ། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི“གཏན་འགོག་བཅུ”དང་མཚོ་བྱང་ཁུལ་གྱི《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྔར་ལས་དོན་འཁྱོལ་ནན་མོ་བྱས་ནས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་སྲོལ་ངན་གཏན་འགོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་བརྒྱུད་སྒྲོག་བྱས།  

    ཤ་བོ་སྐྱབས་ཀྱིས་རང་ཞིང་གི་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་ཡོད་པའི་མི་སྣའི་ཐོབ་ཐང་དམིགས་བསལ་ཡིན་པ་དང་། ངོ་བོ་ཧ་ཅང་ཚབས་ཆེན་ཡིན་པ། ཤུགས་རྐྱེན་ཧ་ཅང་ངན་པ། རིན་དོད་ཧ་ཅང་ལྕི་བ། བསླབ་བྱ་ཧ་ཅང་ཡ་ང་བ་བཅས་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དཔེ་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་དང་བསམ་བློའི་སྲུང་ར་བརྟན་དུ་བཏང་ནས“མགྲོན་པོ་རུ་ལྟ་བའི་བསམ་པ”བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། “མཐའ་ཚད”དང“དམར་ཐིག”བསྲུངས་ནས་བཅོས་སྒྲིག་ལས་འགན་སོ་སོ་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱེད་དགོས། དཔེ་གཞིར་བརྟེན་ནས་སྒྲིག་ཁྲིམས་གསལ་བཟོ་དང་རང་གཅུན་ནན་མོ་རྒྱུན་འཁྱོངས། ཉེ་འགྲམ་གྱི་དཔེ་གཞི་དང་ཞིབ་བསྡུར་བཅས་བྱས་ཏེ་གནད་དོན་གནད་འཁེལ་འཚོལ་ཞིབ་དང་། ཡོ་བསྲང་གཏིང་ཟབ་དང་ཡོ་བསྲང་མཐར་ཕྱིན་བྱ་དགོས། གྱོད་དོན་གྱིས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ཆེད་དོན་བཅོས་སྒྲིག་བྱ་བ་རང་འཁྲིའི་བྱ་བ་དང་འཁུར་འོས་པའི་འགན་ཁུར་དུ་བརྩིས་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་ནང་འདྲེས་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་དང་། དཔེ་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད། དཔེ་གཞིར་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱེད་དགོས་པར་བཤད།

    ཤ་བོ་སྐྱབས་ཀྱིས་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ནི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིམ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ལ་བཏོན་པའི་བླང་བྱ་གསལ་པོ་ཞིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མཚོ་བྱང་ཁུལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་རིག་པ་དྭངས་གསལ་ངང་མཐོང་ཐུབ་པར་བྱས་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་བསམ་བློའི་ཐད་རིག་པ་དྭངས་གསལ་དང་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་ངང་བྱ་སྤྱོད་ཐད་ཀྱི་རང་རྟོགས་འགན་ལེན་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་གང་ཐུབ་བྱས་ཏེ་ཏང་ཀྲུང་དབྱང་གིས་དར་སྤེལ་བྱས་པ་རྣམས་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་རྣམས་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་བྱ་དགོས། “འགག་རྩའི་ཉུང་ཤས”ལ་དམ་པོར་དམིགས་ནས་རིམ་སོ་སོའི“མགོ་ཁྲིད་དང་པོ”དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་རང་དཔེ་གཞན་སྟོན་དང་འགན་འཁྲི་ཡག་པོ་འཁུར་རྒྱུར་སྐུལ་འདེད་གཏོང་དགོས། “སྤྱོད་ཚུལ་བཞིའི”གནད་དོན་བཅོས་སྒྱུར་ལ་ཤུགས་བསྣན་ནས་ཚད་གཞི་ནན་མོ་དང་སྒྲིག་ཁྲིམས་ནན་མོ། བྱ་ཐབས་ནན་མོ་བཅས་ཀྱི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་བྱ་བ། མི་བཅས་ལ་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་དངོས་འབྲེལ་ཆགས་པར་བྱེད་དགོས་པ་ནན་གྱིས་བསྟན།

    ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་སྐབས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཐེངས་འདིའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་བརྒྱུད་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནི་བརྒལ་མི་རུང་བའི་དམར་ཐིག་ཅིག་ཡིན་པ་ངོས་འཛིན་ཐུབ་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ཏེ། “གཏན་འཁེལ་གཉིས”སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”བྱ་སྤྱོད་ཐོག་མངོན་པ་དང་ལས་གནས་ཐོག་དོན་འཁྱོལ་བྱེད་དགོས། རང་གཅུན་ནན་མོ་བྱས་ནས་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པའི་བློ་རྒྱ་དང་བློ་སྟོབས་གསོ་སྐྱོང་བྱས་ཏེ་ལྟ་སྐུལ་གྱི་གཅུན་སྡོམ་འོག་བྱ་བ་སྒྲུབ་པ་དང་འཚོ་བ་སྐྱེལ་བར་གོམས་པར་བྱ་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་ཤུགས་བསྣན་ནས“སྤྱོད་ཚུལ་བཞིའི”འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དམ་པོར་དམིགས་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། རྩ་དོན་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་དུས་ཡུན་རིང་པོར་མཚོ་བྱང་དུ་རྒྱུན་འཁྱོངས་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པར་བསྟན།


    ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་པ་དང་ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚན་ཁག་གི་ཁོངས་མི། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་དང་ཚན་ཁག་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ(ཏང་ཨུ)ཡི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་ཚོགས་འདུར་ཞུགས། རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་པ་དང་ཁོའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号