མཚོ་བྱང་ཁུལ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་གསར་འགྱུར་ལྟེ་གནས་ཀྱིས་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཟླ5པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རིན་ཁྲེན་ཞིན་ཡུན་འཁོར་དང་བཅས་པར་མཇལ་འཕྲད་གནང་བ་དང་འབྲེལ་བཞུགས་མོལ་བརྗེ་རེས་གནང་།
བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་གསར་འགྱུར་ལྟེ་གནས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མཚོ་བྱང་གིས་སྙིང་སྙིབས་ཀྱི་བཙན་ས་གཏོད་པ་དང་དུས་རབས་ཀྱི་མི་གསར་སྐྱེད་སྲིང་བྱེད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སྐྱེད་སྲིང་བྱེད་པ་སོགས་ཐད་ཐོབ་པའི་གྲུབ་འབྲས་དང་བཀྲག་མདངས་འཚེར་ས་ངོ་སྤྲོད་ཞིབ་ཕྲ་གནང་། གསར་འགྱུར་ལྟེ་གནས་ཀྱིས་མཚོ་བྱང་ལ་སྔར་བཞིན་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་མཚོ་བྱང་གི་སྲིད་དབང་བཙུགས་ནས་ལོ70འཁོར་བར་དམིགས་ཏེ“243”འཕེལ་རྒྱས་བཀོད་པ་ཧུར་ཐག་བཏོད་དེ“མཚོ་བྱང་ལྔ”མགྱོགས་མྱུར་བསྐྲུན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་བཙན་ས་དང་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སོགས“གནས་བཞིའི”ཐད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་གསར་གཏོད་བྱ་ཐབས་དང་འཕེལ་རིམ་གྱི་ཕན་འབྲས་དྲིལ་སྒྲོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཚོ་བྱང་གིས་དྲིལ་སྒྲོག་གླེང་ཕྱོགས་ཀྱི་རྣམ་པ་ནུས་ལྡན་ཞིག་གཏོད་རྒྱུའི་རེ་བ་ཡོད་ཟེར།
ཁྲེན་ཞིན་ཡུན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་ལས་ཚོགས་འདུའི་སྟེང་བདམས་པའི་མཚོ་བྱང་གི་གནས་ཚུལ་དང་མཉམ་ལས་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་གསར་འགྱུར་ལྟེ་གནས་ཀྱིས་མཚོ་བྱང་གི་སྲིད་དབང་བཙུགས་ནས་ལོ70འཁོར་བའི་བྱ་གཞག་གལ་ཆེན་ལ་དམིགས་ཏེ་དྲིལ་སྒྲོག་གི་གཙོ་གནད་སྟངས་འཛིན་དང་རང་འགུལ་ངང་དྲིལ་སྒྲོག་བྱེད་པ། ཇུས་འགོད་གཏིང་ཟབ་བྱེད་པ། ཆེད་དོན་བརྙན་པར་དང་གསར་འགྱུར་ཆེད་དོན་འཕྲིན་སྤེལ་སོགས་དྲིལ་སྒྲོག་བྱེད་ཐབས་སྣ་ཚོགས་བརྒྱུད་ཕྱོགས་མང་པོ་དང་ལངས་གཟུགས་རྣམ་པའི་ཐོག་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ། མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་གཏོད་པ། རྒྱལ་ཁབ་སྤྱི་གླིང་གཉིས་གཏོད་པའི་ཐད་ཀྱི་གསར་གཏོད་བྱ་ཐབས་དང་ཕན་ལྡན་ཉམས་མྱོང་གཏོད་པ་སོགས་དྲིལ་སྒྲོག་དང་། མཚོ་བྱང་གི་ཁྱད་ཆོས་ལེགས་ཆ་གཙོ་གནད་དུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། མཚོ་བྱང་འོས་སྦྱོར་དང་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ། མཚོ་བྱང་གི་མཚན་སྙན་རྒྱུད་སྒྲོག་བཅས་བྱས་ནས་མཚོ་བྱང་གི་སྙན་པའི་གྲགས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པར་བཤད།
ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་གསར་འགྱུར་ལྟེ་གནས་དང་། མཚོ་བྱང་ཁུལ་རྒྱང་སྒྲོག་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་བརྗེ་རེས་ནང་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注