2023ལོའི་མཚོ་བྱང་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གཉིས་པ“སྨོན་ལམ་མཐོན་པོ་རྟགས་མའི”ཁུལ་ཡོངས་ཀྱི་ལས་བཟོ་བའི་ལག་རྩེད་སྤོ་ལོའི་འགྲན་སྡུར་ནུབ་མཚོ་གྲོང་རྡལ་དུ་མགོ་བརྩམས།

   

   ཟླ5བའི་ཚེས15ཉིན། ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ཀྲུང་གོ་སྦྲག་སྲིད་དངུལ་ཁང་མཚོ་བྱང་ཁུལ་ཉིང་ལག་དངུལ་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་དང་ཁུལ་ལུས་རྩལ་སྤྱི་ཁྱབ་ཚོགས་པ། ཁུལ་ལག་རྩེད་སྤོ་ལོའི་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བའི2023ལོའི་མཚོ་བྱང་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གཉིས་པ“སྨོན་ལམ་མཐོན་པོ་རྟགས་མའི”ཁུལ་ཡོངས་ཀྱི་ལས་བཟོ་བའི་ལག་རྩེད་སྤོ་ལོའི་འགྲན་སྡུར་ནུབ་མཚོ་གྲོང་རྡལ་དུ་མགོ་བརྩམས།

   ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་མགོ་རྩོམ་མཛད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན་མགོ་རྩོམ་མཛད་སྒོར་ཕེབས་ལ། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་གཙོ་སྐྱོང་གནང་།    

   གཡུ་སྒྲོན་མཚོས་ཤིས་ཚིག་ཁྲོད2023ལོའི་མཚོ་བྱང་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གཉིས་པ“སྨོན་ལམ་མཐོན་པོ་རྟགས་མའི”ཁུལ་ཡོངས་ཀྱི་ལས་བཟོ་བའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ནི། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས། རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་གཙོ་རྐང་དུ་བྱེད་པ་དང། མཚོ་བྱང་གི་བྱ་གཞག་སོ་སོར་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་འགྱུར་ལྡོག་ཆེན་པོ་གང་ལེགས་སྒོས་མངོན་པར་བྱས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུར་ཤུགས་སྣོན་པ། བཟོ་ཚོགས་རྩ་འཛུགས་ཀྱི་འགན་ཁུར་གཙོ་བོ་དང་ལས་རིགས་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་རྒྱུར་སྐུལ་འདེད་གཏོང་བ། བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ། ལས་བཟོ་བའི་རིག་གནས་ལུས་རྩལ་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་ལས་བཟོ་བའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། ང་ཚོས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པར་གཞི་ཚུགས་པ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མཚོ་བྱང་གི་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་གཏོད་པའི་ལག་ལེན་ཞིག་ཀྱང་ཡིན་པར་མ་ཟད། ལྷག་པར་དུ་འགྲན་བསྡུར་ནང་ཞུགས་མཁན་འཐུས་མི་རུ་ཁག་གི་འགྲན་རྩོད་ཀྱི་འདུ་ཤེས་དང་ཚོགས་པའི་སྙིང་སྟོབས། ལས་ཁུངས་ཀྱི་སྣང་བརྙན། མཉམ་སྡེབ་ཀྱི་སྟོབས་ཤུགས། ལས་བཟོ་བའི་ཉམས་འགྱུར་བཅས་འགྲེམས་སྟོན་དང་སྐུལ་འདེད། དྲིལ་སྒྲོག་བྱས་པ་ཞིག་ཀྱང་རེད། ཐེངས་འདིའི་འགྲན་བསྡུར་གཉེར་བ་དེས་སྐྱོན་བྲལ་ཡར་ཐོན་གྱི་ལས་བཟོ་བའི་རིག་གནས་སྔར་བས་སྐྱེད་སྲིང་དང་དར་སྤེལ་གཏོང་ངེས་ཡིན་ལ། དམངས་ཡོངས་ལུས་སྦྱོང་དང་ལུས་རྩལ་ལ་དགའ་ཞེན། ལུས་ཕུང་བདེ་ཐང་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་སྔར་བས་ལེགས་པའི་སྒོ་ནས་གཏོད་པ། རྒྱ་ཆེའི་ལས་བཟོ་བའི་སྙིང་སྟོབས་ཆེར་སྐྱེད་དང་གསར་གཏོད་བདེན་འཚོལ་ལ་སྐུལ་ལྕག་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་སྐྱིད་བཅས་ཀྱི་མཚོ་བྱང་གསར་བ་གཏོད་ཆེད་ལེགས་སྐྱེས་གསར་བ་སྔར་བས་མང་བ་འབུལ་ཐུབ་ངེས་རེད་ཅེས་བཤད།

    དེའི་རྗེས་སུ། ཤན་འབྱེད་པའི་འཐུས་མི་དང་ལུས་རྩལ་པའི་འཐུས་མིས་སོ་སོར་དམ་བཅའ་བཞག

    ཐོག་མར་ཁྲིམས་ཁང་ཁོངས་གཏོགས་དང་ཁྲལ་དོན་ཁོངས་གཏོགས་ཀྱིས་ཉིན་དེའི་འགྲན་སྐོར་དང་པོའི་འགྲན་སྡུར་བྱས།

    རྒྱུས་ལོན་པ་ལྟར་ན།    ཐེངས་འདིའི་འགྲན་སྡུར་ལ་ཁྱོན་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ་ནས་ཡོང་བའི་རུ་ཁག29ཞུགས་ཡོད་ལ། སྐྱེས་པའི་ལག་རྩེད་སྤོ་ལོའི་རུ་ཁག་གི་ཨང་དང་པོ་ནས་བརྒྱད་པའི་བར་དང་། སྐྱེས་མའི་ལག་རྩེད་སྤོ་ལོའི་རུ་ཁག་གི་ཨང་ཨང་དང་པོ་ནས་གསུམ་པ་བཅས་ལ་བྱ་དགའ་གནང་རྒྱུ་ཡིན་ཞིང་། བྱ་དགའ་ཨང་དང་པོར་སྒོར10000དང་ཨང་གཉིས་པར་སྒོར8000། ཨང་གསུམ་པར་སྒོར6000བཅས་ཡོད་པ་རེད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号