མཚོ་བྱང་མདོ་ལ་རྫོང་གིས་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བཏོད།
ཉེ་བའི་ལོ་འདི་དག་གི་རིང་། མཚོ་བྱང་ཁུལ་མདོ་ལ་རྫོང་གིས་ཞིང་ཕྱུགས་ལས་དང་བཟོ་ལས། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་ནས་ཤུགས་བཏོན་ཏེ་ཐོན་ཁུངས“གྲང་མོ”འཕེལ་རྒྱས“དྲོན་པོའི”སྒུལ་ཤུགས་སུ་བསྒྱུར་ཞིང་། གཞན་དང་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཁྱད་ཆོས་ཅན་བཏོད།
མདོ་ལ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་ལ་དམིགས་ནས“གླིང་གཉིས་ཁུལ་གཉིས་གནས་གསུམ་རྒྱུད་བཞི་རྟེན་གཞི་ལྔ”ཡི་ཐོན་ལས་གྲུབ་སྟངས་མགྱོགས་མྱུར་གྱིས་བསྐྲུན། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་བཏང་། “ཁྲི་སྟོང་རིམ་པའི”བོད་ལུག་ནོར་ནག་ཚད་ལྡན་ཅན་ཐོན་སྐྱེད་གསོ་སྤེལ་རྟེན་གཞི17བཙུགས་ཤིང་། “མདོ་ལའི་བོད་ལུག”“མདོ་ལའི་ནོར་ནག”ལ་རྒྱལ་ཁབ་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཐོ་འགོད་སྲུང་སྐྱོང་ཐོབ། ཕྱུགས་རིགས་རྒྱུད་བཟང་ཚད90%ཡིན། བོད་ལུག་རྒྱུད་བཟང་ཁྱབ་ཚད98%ལས་བརྒལ། “གནས་བརྒལ་ཕྱུགས་སྐྱོང”གི་གསོ་སྤེལ་ཐབས་ལམ་གསར་བ་བཙལ་ཞིང་། ཀན་སུའུ་འབྲོང་ཡུལ་དང་མིན་ལེ་སོགས་ས་གནས་སུ་གསོ་སྤེལ་ཁྱིམ་ཚང392ཀྱི་བོད་ལུག་ཁྲི15དང་། ནོར་ནག་ཁྲི0.7སྤར། ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་ལ་རྩྭ་ཕྱུགས་དོ་མཉམ་ལ་ནུས་པ་ཐོན།
མདོ་ལ་རྫོང་གིས“འཕར་བས་ཆད་པ་ཁ་གསབ་དང་བོགས་ནུས་བཏོན་ནས་ཕན་ནུས་འཕར་བ”ཡི་ཐབས་ལམ་ལག་བསྟར་བརྒྱུད་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྔོན་དང་བསྡུར་ན0.4%ཡི་འཕར། གསེར་ལྡན་མདོ་ལ་འོ་ལས་ཀྱིས་ཐོན་སྐྱེད་བཟོ་རྩལ་ལ་རིམ་སྤོར་བཏང་ཞིང་། ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཁེ་ལས་རྩེ་གྲ་ནང་ཚུད། དབྱི་ཏཱ་ཕྱུགས་རིགས་ཐོན་སྐྱེད་ཤ་རིགས་བཟའ་བཅའ་ཀུང་སིར་ཞིང་ཆེན་རིམ་པའི་མཐོ་གསར་ཁེ་ལས་ཀྱི་ཁས་ལེན་བྱས། མ་རྩ་སྒོར་ཁྲི50ཡི་འཛད་སྤྱོད་སྐུལ་བའི་མ་དངུལ་བཏང་ཞིང་འཛད་སྤྱོད་འཛིན་ཤོག23042ལྷག་བྱིན་ལ་འཛད་སྤྱོད་སྒོར་ཁྲི200ལས་འདས་པ་བཏང་།
དུས་མཚུངས་སུ་འཛད་སྤྱོད་རོགས་སྐྱོར་གྱི་འདེགས་ཤུགས་འོག ཐཱན་སྐྱུར་ལི་ཏུན5ཕྱི་རྒྱལ་ལ་བཙོང་ཞིང་། མདོ་ལའི་བོད་ལུག་ཐད་ཀར་ཨའོ་མོན་དུ་བྲིན་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་སྔར་བས་རྒྱ་བསྐྱེད། ཁྲལ་འཕྲི་གོང་གཅོག་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲོམ་རའི་བྱེད་པོ་མང་པོ་ཡི་སྲིད་ཇུས་ཀྱི་ཁེ་བཟང་དངོས་མ་ཉམས་སུ་མྱངས། ཚོང་འགུག་མ་འདྲེན་གྱི“འགག་སྒྲོལ་ལོ”ཡི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་ལས་གཞི34གྲབས་གསོག་བྱས་ཏེ་བཟོ་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྩལ།
མདོ་ལ་རྫོང་གིས་གནམ་གཤིས་འཁྱགས་བསིལ་དང་རང་བྱུང་མཛེས་ཉམས་ཟུང་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི“ལྟེ་གཅིག་སྐོར་གཅིག་རྒྱུད་མང”གི་སྐྱེ་ཁམས་ཡུལ་སྐོར་གྲུབ་སྟངས་ནང་ཧུར་ཐག་གིས་ཞུགས། ཨ་མྱེས་སྟོང་སོ་དང་བཙུན་མོ་སྒང་སོགས་ལྗོངས་ཁུལ་གཙོ་བོ་རིམ་སྤོར་བཏང་ཞིང་། བློན་པོ་བྱ་རྒོད་དང་ལབ་ཙེ་སྒང་། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་སོགས་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཁུལ་མང་པོ་བྱུང་། རྒྱལ་ཁབ3Aརིམ་པའི་མཛེས་ལྗོངས་ཁུལ2དང་། རྒྱལ་ཡོངས4Cརིམ་པའི་ཡུལ་སྐོར་རང་སྐོར་རླངས་འཁོར་སྒར་ས1སོགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་།
གངས་འཁྱགས་ཡུལ་སྐོར་དང་དགུན་ཤའི་ཟས་མཆོག་དུས་སྟོན་སོགས་གོ་སྐབས་སུ་བྱས་ནས“མདོ་ལར་མགྲོན་འགུག”དང་ཡུལ་སྐོར་ཁང་གི་ལམ་སྤོ། “ཞིང་ལས་ལུས་རྩལ་རིག་གནས་དང་། ཡུལ་སྐོར་ཚོང་ལས”མཉམ་འདྲེས་ཁྱབ་སྤེལ་བཏང་ནས“མདོ་ལའི་ཉིན་གཅིག་གི་སྐོར་བ”དང“གསར་བརྗེ་ཞིབ་སློབ་ཡུལ་སྐོར”སོགས་ཐོན་རྫས་བཏོན་ཞིང“མདོ་ལར་ཕྱིན་ཚེ་རི་གཞན་ལྟ་འདོད་མེད”པ་ཡི་ཆས་རྟགས་བསྐྲུན། 2024ལོར་ཡུལ་སྐོར་བ་མི་ཐེངས་ཁྲི218.98སྣེ་ལེན་བྱས་ཤིང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར14.54ལ་སླེབས། ལོ་སྔོན་མ་དང་བསྡུར་ན་སོ་སོ14.9%དང21.2%ཀྱི་འཕར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注