“གསེར་དངུལ་ཐང་དུ་བསྐྱོད་ནས་གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་ཆེད་བཏང་མེ་འཁོར”ཞེས་པ་ལམ་ལ་ཆས།

དམར་དམག་གི་རྐང་རྗེས་འཚོལ་ཞིབ་དང་གསར་བརྗེ་པའི་སྙིང་སྟོབས་རྒྱུད་འཛིན་བྱེད་ཆེད།  ཟླ4བའི་ཚེས6ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས“གསེར་དངུལ་ཐང་དུ་བསྐྱོད་ནས་གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་ཆེད་བཏང་མེ་འཁོར”ཞེས་པའི་མེ་འཁོར་གཏོང་བའི་མཛད་སྒོ་ཟི་ལིང་མེ་འཁོར་ས་ཚིགས་སུ་སྤེལ།

མཚོ་སྔོན་ཉེན་རྟོག་པའི་སློབ་གླིང་དང་མཚོ་སྔོན་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།  མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ཆུ་བེད་ཨར་ལས་བཟོ་བསྐྲུན་སློབ་གླིང་སོགས་སློབ་གྲྭ་ནས་ཡོང་བའི་སློབ་མ640མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དང་སྨོན་ལམ་མཐོན་པོ།  སྔར་གྱི་མཁའ་དམག་གི་ས་གཏོང་འཕུར་འདེལ་སྒེར་ཚུགས་དམག་སྒར་བཅུ་གཉིས་པའི་གནས་རྙིང་དུ་བསྐྱོད་ནས།  ཀྲུང་གོའི་ཉིང་རྡུལ་བཟོ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་།  ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་ཆིང་རྡུལ་འབར་མདེལ་ཐོག་མ་གསར་བཟོ་ལེགས་འགྲུབ་བྱས་པའི་དཀའ་སྡུག་གི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པ་མ་ཟད།  གསར་བརྗེའི་སྔོན་བྱོན་པའི་མཐོ་སྒང་ལ་དགའ་བ་དང་མཐོ་སྒང་ལ་གཞི་ཚུགས་པ།  མཐོ་སྒང་ནས་བྱས་རྗེས་འཇོག་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་མྱོང་རྟོགས་བྱས་པ་དང་། སྨོན་ལམ་མཐོན་པོའི་སྟེང་འཛུགས་བསྐྲུན་བྱེད་པའི་མཐོ་སྒང་བཟོ་སྐྲུན་དམག་ལྡིང་ཤོག་བཅུ་བའི་རྗེས་ཤུལ་འཚོལ་ཞིབ་བྱས།

མདའ་བཞི་རྫོང་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་ཤིང་།  ལོ་རྒྱུས་ཀྱི་རྒྱུན་རིང་ལ་གསར་བརྗེའི་རྨང་གཞི་མཐུག  ལྗོངས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས།  འབར་མདེལ་གཉིས་ཀྱི་ཕ་ས་དང་།  ནུབ་མཚོའི་གནའ་ཤུལ།  ལྷ་མཚོའི་བྱང་འགྲམ།  ཙོང་ཆུའི་མགོ་ཁུངས་སོགས་ཀྱི་མཚན་སྙན་ཡོད་ལ།  མདེལ་གཉིས་སྐར་གཅིག་གི་རླབས་ཆེའི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན།  ཉེ་བའི་ལོ་འགའི་རིང་།  མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གསར་བརྗེའི་རིག་གནས་ཀྱི་སྐད་གྲགས་ཅན་གྱི་གྲོང་ཁྱེར་འཛུགས་པ་དམིགས་འབེན་དུ་བྱས་ཏེ།  སྔ་རྗེས་སུ་ཀྲུང་གོའི་རྡུལ་ཕྲན་མཁར་ན་གཞོན་གསར་བརྗེའི་སློབ་སྦྱོང་ཞིབ་འཇུག་སྒར་ས་དང་།  བརྒྱ་ཤོག་བཅུ་གཉིས་པའི་རྗེས་ཤུལ་སོགས་ནང་དོན་ཕུན་སུམ་ཚོགས་ཤིང་སློབ་སྦྱོང་གི་དོན་སྙིང་ལྡན་པའི་གསར་བརྗེའི་སློབ་གསོའི་ལག་ལེན་གནས་ཡུལ་བཙུགས་ཡོད་ལ།  གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  ཤུགས་ཆེན་པོས་གསར་བརྗེའི་སློབ་སྦྱོང་ཞིབ་འཇུག་གི་ཐོན་ལས་གསོ་སྤེལ་དང་འཕེལ་རྒྱས་བཏང་།  དེ་དང་ཆབས་ཅིག  གསར་བརྗེ་དང་སྐྱེ་ཁམས། གསར་བརྗེ་དང་དམངས་སྲོལ། གསར་བརྗེ་དང་གྲོང་གསེབ་ཉམས་སུ་མྱོང་བ་བཅས་མཉམ་བསྲེས་སྒོས་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་དང་།  ན་ཆུང་གཞོན་ནུའི་ལག་ལེན་སློབ་སྦྱོང་གི་ཁྱབ་ཁོངས་སོ་སོ་དང་གོ་རིམ་ཧྲིལ་བོར་འདྲེས་བར་བྱས་ཤིང་།  ལས་རིགས་སྣ་མང་མཉམ་འདྲེས་སྒོས་རིག་གནས་ཡུལ་སྒོར་ཐོན་ལས་འཕེལ་རྒྱས་དང་།  རིན་ཐང་མཐོར་འདེགས།  ཡོང་འབབ་འཕར་སྣོན་བཅས་བྱས་ཏེ།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐོར་འདེགས་གཉིས་མངོན་འགྱུར་བྱེད་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号