ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་པེ་ཅིང་དུ་ཀྲུང་གོའི་ཧྭ་ནེང་སྡེ་ཚོགས་དང་། ཀྲུང་གོའི་རྡོ་སོལ་ནུས་རྒྱུ་སྡེ་ཚོགས། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་བཅས་ལ་མཇལ་འཕྲད་གནང་སྟེ་ཚོང་འགུག་མ་འདྲེན་གྱི་བྱེད་སྒོ་སྤེལ།

ཟླ3པའི་ཚེས25ཉིན་ནས་ཚེས26ཉིན་བར་ལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་པེ་ཅིང་དུ་ཀྲུང་གོའི་ཧྭ་ནེང་སྡེ་ཚོགས་དང་། ཀྲུང་གོའི་རྡོ་སོལ་ནུས་རྒྱུ་སྡེ་ཚོགས། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་བཅས་ལ་མཇལ་འཕྲད་གནང་བ་དང་། ཁེ་ལས་དང་མཚོ་བྱང་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱེད་པར་དམིགས་ནས་སོ་སོར་བཞུགས་མོལ་བརྗེ་རེས་དང་ཚོང་འགུགས་མ་འདྲེན་གྱི་གྲོས་མོལ་གནང་བ།

ཀྲུང་གོའི་རྡོ་སོལ་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཝང་ཧྲུའུ་ཏུང་གིས་ཤ་བོ་སྐྱབས་འཁོར་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་རྡོ་སོལ་སྡེ་ཚོགས་ཀྱི་ལོ་རྒྱུས་གསར་བརྗེ་དང་ཐོན་ལས་འཕེལ་རྒྱས། ཐོན་སྐྱེད་གཉེར་སྐྱོང་། ཚན་རྩལ་གསར་གཏོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། དེ་བཞིན་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་འགན་སྲུང་དང"ཐཱན་གཉིས"དམིགས་འབེན་ལག་བསྟར་བྱེད་པའི་སྤྱི་ཡོངས་ཀྱི་བསམ་བཀོད་དང་འཐབ་ཇུས་བྱེད་ཐབས་ངོ་སྤྲོད་བྱས་ཤིང་། ཀྲུང་གོའི་རྡོ་སོལ་སྡེ་ཚོགས་ཀྱིས་རྡོ་སོལ་ཐོན་ལས་སྦྲེལ་ཐག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། མངའ་ཁོངས་ཐོན་ལས་ཀྱི་འཆར་འགོད་གཅིག་གྱུར་གྱིས་ཇུས་འགོད་བྱེད་པ། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་ཀྲུང་གོའི་རྡོ་སོལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བསྟན། ཤ་བོ་སྐྱབས་ཀྱིས་ཀྲུང་གོའི་རྡོ་སོལ་སྡེ་ཚོགས་ཀྱིས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་མཚོ་བྱང་གི་ནུས་རྒྱུའི་གྲུབ་ཆ་དང་ཐོན་ལས་མ་ལག འཕེལ་རྒྱས་ཀྱི་བསམ་ཕྱོགས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། སྡེ་ཚོགས་ཀྱིས་གསར་གཏོད་ལག་བསྟར་བྱས་པའི"རྡོ་སོལ་དང་གློག་མཉམ་གཉེར+ནུས་རྒྱུ་གསར་པའི"འཐབ་ཇུས་དེ་མཚོ་བྱང་གི་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པ་དང་། མཚོ་བྱང་ནི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བཏོད་པའི་འཐབ་ཇུས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། མངའ་ཁོངས་ཀྱི་རླུང་འོད་ཆུ་གསུམ་གྱི་ནུས་རྒྱུ་གཙང་མ་གསོག་འཇོག་ཕུན་སུམ་ཚོགས་པོ་ཡོད་པ་དང་། ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཆན་ཝ་ཁྲི2900ཡས་མས་ཟིན་རྒྱུའི་འཆར་འགོད་བྱས་པ་དང་། མིག་སྔར་ཐང་ཧུའུ་གློག་ཁང་གི་ཆན་ཝ་ཁྲི2×66གི་རྡོ་སོལ་གློག་འདོན་འཕྲུལ་འཁོར་ཚན་པའི་ལས་གཞི་ལག་བསྟར་བྱ་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་བཞིན་ཡོད་ཅིང་། གློག་ཁུངས་སྙོམས་སྒྲིག་དང་གློག་སྐྱེལ་གློག་སྒྱུར་གྱི་བགྲོད་ལམ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བཀོད་སྒྲིག་བྱེད་བཞིན་ཡོད་པས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་རེད། ཀྲུང་གོའི་རྡོ་སོལ་སྡེ་ཚོགས་ཀྱིས་སྤུས་ལེགས་ཐོན་ཁུངས་སྡེབ་སྒྲིག་དང་ཕྱོགས་བསྡུས་ནུས་ཁུངས་གླིང་ཕྲན་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ལྟར། རང་ཁུལ་གྱི་རྡོ་སོལ་དང་མེ་ཤུགས་གློག་འདོན། ནུས་རྒྱུ་གསར་པ་བཅས་འཛུགས་སྐྲུན་བྱེད་པར་སྤྱི་ཡོངས་ནས་འཆར་འགོད་དང་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། རྡོ་སོལ་དང་ནུས་རྒྱུ་གསར་པ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་མ་ཟད། ཆེད་ལས་ཚོགས་པ་གང་མགྱོགས་བདམས་ནས་མཚོ་བྱང་དུ་དངོས་སུ་རྟོག་ཞིབ་བྱེད་པར་མངགས་ཏེ། ངོ་འཕྲད་གྲོས་མོལ་གྱི་འདོད་བློ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡང་ཡོད་ཟེར། ཀྲུང་གོའི་རྡོ་སོལ་སྡེ་ཚོགས་ཀྱི་ཏང་ཨུའི་རྒྱུན་ཨུའམ་སྤྱི་གཉེར་བ་གཞོན་པ་ཉི་ཅ་ཡུས་ཞུགས་ཡོད།

ཀྲུང་གོའི་ཧྭ་ནེང་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཝུན་ཀྲུང་ཀང་གིས་ཤ་བོ་སྐྱབས་འཁོར་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་ཧྭ་ནེང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཧྭ་ནེང་ཐོན་སྐྱེད་གཉེར་སྐྱོང་དང་དེ་བཞིན་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། མཚོ་སྔོན་ནི་གཙང་གསུམ་གྱི་འབྱུང་ཁུངས་ཡིན་པ་དང་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་ལྡན་པས། ཧྭ་ནེང་གིས་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་ས་གནས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཐོན་ཁུངས་གསར་སྤེལ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་འཛད་སྤྱོད་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་ཉམས་ཞིབ་མཉམ་ལས་ལ་ཤུགས་བསྣན་ཏེ་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་པར་བསྟན། ཤ་བོ་སྐྱབས་ཀྱིས་ཀྲུང་གོའི་ཧྭ་ནེང་གིས་ཐོག་མཐའ་བར་གསུམ་དུ་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་གི་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ། མངའ་ཁོངས་ཀྱི་ནུས་རྒྱུ་གཙང་མའི་གསོག་ཚད་ཆན་ཝ་དུང་ཕྱུར1ཙམ་ཟིན་པ་དང་། རྫོང་བཞི་པོ་ཚང་མ་རྒྱལ་ཡོངས་ཀྱི་རྫོང་ཧྲིལ་པོའི་ཁང་ཀླད་ཁྱབ་ཚུལ་གྱི་འོད་ཤུགས་གསར་སྤེལ་ཚོད་ལྟའི་རྫོང་ནང་བཅུག་ནས་འོད་ཤུགས་གླིང་ཁུལ5དང་རླུང་གློག་རྟེན་གཞི3བསྐྲུན་ཟིན་པ་དང་། ད་ལྟ་ཆན་ཧྥུའུ750ཡི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན1གྲབས་འཛུགས་བྱ་རྒྱུའི་ཇུས་འགོད་བྱེད་བཞིན་ཡོད། ཧྭ་ནེང་སྡེ་ཚོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་རྡོ་སོལ་དང་གློག་མཉམ་གཉེར་དང་། ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་སོགས་ཀྱི་ཐད་དངོས་སྒྲུབ་མཉམ་ལས་བྱས་ནས་མཚོ་བྱང་གི་སྲོལ་རྒྱུན་ནུས་རྒྱུ་དང་ནུས་རྒྱུ་གཙང་མའི་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཏེ་ཁེ་ལས་དང་ས་གནས་གཉིས་ཁེ་གཉིས་ཕན་ཡོང་གང་ཐུབ་བྱ་རྒྱུའི་རེ་བ་ཡོད་ཟེར། ཧྭ་ནེང་སྡེ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལི་ཞང་ལེང་ཞུགས་ཡོད།

ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་ལས་འཛིན་པའམ་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ལིག་ཅན་ཕིང་གིས་མཚོ་བྱང་ཁུལ་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད། དེ་བཞིན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཀྲུང་གོའི་ཉིང་རྡུལ་སྡེ་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་བྱ་བ་སྒྲུབ་པའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། མཚོ་བྱང་གིས་བཏོན་པའི་རེ་ཞུ་དང་རྒྱབ་སྐྱོར་དོན་ཚན་ལ་ཧུར་ཐག་སྒོས་ལན་བཏབ། ཁོས་བཤད་རྒྱུར། མཚོ་བྱང་ཁུལ་གྱི་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་ཐད་ཀྱི་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཉིང་རྡུལ་བསྡུ་ནུས་ཀྱི“ཕྱུགས་ལས་གསོ་སྤེལ་དང་འོད་ཤུགས་གློག་འདོན་ཕན་ཚུན་གསབ་རེས”ཀྱི་སྟོང་ཝ་ཁྲི100ཡི་འོད་ཤུགས་ལས་གཞི་ཇུས་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་། “གནམ་འོད་ས་ཚན”ལས་གཞི་ཞིབ་འཇུག་དང་འཆར་འགོད་བཀོད་སྒྲིག་བྱས་ནས་མཚོ་བྱང་གི་དྲོད་འདོན་གྱི་ཞན་ཆ་ཐག་གཅོད་དང་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞིང་། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་ཀྲུང་གོའི་ཉིང་རྡུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་ནི་ཀྲུང་གོའི་ཉིང་རྡུལ་སྡེ་ཚོགས་ཀྱི“ཕ་ཡུལ”ཡིན་པས། སྡེ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་ལ་བཟུང་ཡོད། ལྷག་པར་དུ་རྒྱུ་དངོས་ཀྱི་རོགས་རམ་བྱས་ནས་རྡུལ་ཕྲན་མཁར་དྲན་གསོ་ཁང་བསྐྲུན་པ་དང་། ཀྲུང་གོའི་རེབ་དང་པོའི་འཐབ་ཇུས་འཕུར་མདེལ་གྱི་ཉིང་རྡུལ་ཆུར་འཛུལ་གྲུ་གཟིངས་དང“ཧྭ་ལུང་ཨང་དང་པོ”སོགས་ཉིང་རྡུལ་བཟོ་ལས་ཚན་རིག་ཁྱབ་གདལ་གྱི་དཔེ་དབྱིབས་ཞལ་འདེབས་སུ་ཕུལ་ཡོད་ལ། འདི་ལྟར་དངོས་གནས་དྲང་གནས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་མཚོ་བྱང་མི་དམངས་ཀྱིས་བཀའ་དྲིན་སེམས་ལ་བཟུང་ཡོད། ཀྲུང་གོའི་ཉིང་རྡུལ་སྡེ་ཚོགས་ཀྱིས་མུ་མཐུད་དུ་ལས་སྟེགས་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་ཏང་གི་སློབ་གྲྭའི་ཁང་པ་འཆར་འགོད་འཛུགས་སྐྲུན་བྱེད་པའི་ཐད་ལ་རྒྱབ་སྐྱོར་རོགས་རམ་བྱེད་པ་དང་། ཉིང་རྡུལ་བཟོ་ལས་སློབ་གླིང་དང་མཉམ་ལས་ཐུན་མོང་འཛུགས་སྐྲུན་གྱི་ལམ་སྲོལ་བཙུགས་ནས་སློབ་གཉེར་ནུས་པ་དང་ཆུ་ཚད་ཆེ་རུ་གཏོང་བ་དང་། མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་དང་སློབ་གསོ་གསོ་སྦྱོང་ལེགས་སྒྲིག་རིམ་སྤོར་བྱེད་པ། མཚོ་བྱང་གི་ངལ་རྩོལ་ནུས་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ལས་ཞུགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་སློབ་ཆེན་སློབ་མའི་ལས་ཞུགས་དང་ལས་མི་བསྡུ་བ། ངལ་ལས་ཕྱིར་གཏོང་སོགས་ཀྱི་ཐད་གཙོ་གནད་ཐོག་མཚོ་བྱང་ལ་རྒྱབ་སྐྱོར་བྱེད་པ་དང་། སྡེ་ཚོགས་ཀྱི་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་བྱང་གི་རླུང་དང་འོད། ཆུ། ས་ཚན་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་ཐད་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཟེར།       

བཞུགས་མོལ་བརྗེ་རེས་ཁྲོད། ཤ་བོ་སྐྱབས་ཀྱིས་ཀྲུང་དབྱང་ཁེ་ལས་གསུམ་གྱི་མངའ་འོག་གི་སྤྱི་གཉེར་ཁང་གི་ལས་སྒོའི་བཀོད་སྒྲིག་རྒྱ་ཆེ་བ་དང་ལས་བྱེད་ལས་བཟོ་བ་མང་བ། ནང་ཁུལ་གྱི་འཛད་སྤྱོད་གཞི་ཁྱོན་ཆེ་བ་སོགས་ཀྱི་དགེ་མཚན་ལ་གཞིགས་ནས། “832ལས་སྟེགས”བརྒྱུད་དེ་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱེད་པ་དང་། ལས་བྱེད་པ་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་དུ་ཡོང་ནས“མདེལ་གཉིས་སྐར་གཅིག”གི་བསམ་པའི་སློབ་གསོ་དང་ལེན་བྱེད་པ་སོགས་ཀྱི་དོན་དག་ཐད་རེ་བ་བཏོན་པར་མ་ཟད་ལྷག་བསམ་ཟོལ་མེད་ཀྱི་གདན་འདྲེན་ཞུས་ཤིང་།    ཀྲུང་དབྱང་ཁེ་ལས་ཀྱིས“ཐོན་ལས་སྤོ་བསྒྱུར”བརྒྱུད་དེ་མཚོ་བྱང་གི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་གསབ་སྣོན་ལ་སྐུལ་འདེད་བཏང་སྟེ། “ས་གྲོལ་དཔལ་འབྱོར”རྣམ་པ་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ་སོགས་ཐད་བརྗེ་རེས་གཏིང་ཟབ་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་དང་། རྐང་ཚ་རྫོང་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་མཇལ་འཕྲད་ལ་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号