2025ལོའི་མེ་ལྷ་གངས་དཀར་གངས་ཤུད་རི་འཛེག་གདན་ཞུའི་འགྲན་སྡུར་མགོ་བརྩམས།
ཟླ3པའི་ཚེས27ཉིན། 2025ལོའི་མེ་ལྷ་གངས་དཀར་གངས་ཤུད་རི་འཛེག་གདན་ཞུའི་འགྲན་སྡུར་དེ་འཇུ་ལག་རྫོང་མེ་ལྷ་གངས་དཀར་རི་བོ་ནས་དངོས་སུ་མགོ་བརྩམས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཐའོ་ཡིས་མགོ་བརྩམས་པ་ཁྱབ་བསྒྲགས་གནང་བ་དང་། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིག་ཞིན་ཧའེ་དང་ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་སོ་སོར་ཤིས་ཚིག་ཕུལ།
ཐེངས་འདིའི་འགྲན་སྡུར་ནང་ས་བབ་མཐོ་བ་དང་ཚད་གཞི་མཐོ་བ། ཆུ་ཚད་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་དང་ལེགས་ཆ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་བར་ཐག་ཐུང་བའི་འགྲན་སྡུར་དང་དྲང་འཕྱང་འགྲན་སྡུར་གྱི་རྣམ་གྲངས་ཆེ་གྲས་གཉིས་དང་རྣམ་གྲངས་ཆུང་གྲས6གི་འགྲན་སྡུར་བཀོད་སྒྲིག་བྱས་ཡོད། ཁྱོན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས8ཀྱི་ལས་ཁུངས16གི་ལུས་རྩལ་པ120འགྲན་སྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། དེའི་ནང་བོད་ལྗོངས་དང་ཧེ་ལུང་ཅང་གངས་འཁྱགས་སྟོབས་ཆེའི་ཞིང་ཆེན་གྱི་ཆེད་ལས་ལུས་རྩལ་པ་ཚུད་ཡོད། དེ་བཞིན་པེ་ཅིང་སློབ་ཆེན་རི་འཛེག་རུ་ཁག་དང་མཚོ་སྔོན་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི་སློབ་ཆེན་སློབ་མའི་ལུས་རྩལ་པ། དེ་དང་ཆབས་ཅིག་ལས་ཞོར་ཚན་ཆུང་བཙུགས་ནས་འགྲན་སྡུར་ནང་ཞུགས་ཏེ་གངས་ཤུད་རི་འཛེག་དགའ་མཁན་ལ་སློབ་སྦྱོང་བརྗེ་རེས་ཀྱི་སྟེགས་བུ་མཁོ་འདོན་བྱས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གངས་ཤུད་རི་འཛེག་གདན་ཞུའི་འགྲན་སྡུར་གཉེར་བ་དེ་ནི་མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ལུས་རྩལ་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་ནང་ཧུར་ཐག་ཞུགས་པ་དང་ཞབས་འདེགས་བྱས་པ་ཡིན་ལ། མེ་ལྷ་གངས་དཀར་རི་བོ་ནི"མི་ཚེའི་གངས་རི་དང་པོ"ཞེས་པའི་ཆས་རྟགས་བཏོད་པ་དང་གངས་འཁྱགས་འགུལ་སྐྱོད་ཁྱབ་གདལ་གཏོང་བའི་དངོས་སྒྲུབ་བྱ་ཐབས་ཤིག་དེ་བས་ཀྱང་ཡིན། མཚོ་བྱང་ཁུལ་གྱིས་ལུས་རྩལ་གྱིས་སྣེ་ཁྲིད་པ་དང་། རིག་གནས་ཀྱིས་ནུས་པ་སྦྱིན་པ། ཡུལ་སྐོར་གྱིས་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགྲན་སྡུར་གྱི་འགན་སྲུང་བྱ་བ་སོ་སོ་ལེགས་པར་བསྒྲུབས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་རམ་འདེགས་དང་སྐུལ་འདེད་གཏོང་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注