མདོ་ལ་རྫོང་གིས་དངོས་སྒྲུབ་སྔོན་དུ་སོང་ནས་མདོ་ལའི་གཏམ་རྒྱུད་ཧུར་གྱིས་བརྩམས།

2024ལོར། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་གལ་ཆེའི་བླང་བྱ་ལག་བསྟར་ནན་ཏན་བྱས། ཐུགས་ཁུར་ཉར་ནས་བརྩོན་པ་བསྐྱེད་ཅིང་ལག་ལེན་གྱིས་མངགས་ལན་རྫོགས་ནས་དཀའ་གནད་ངང་སེལ་དང་། ཧུར་བརྩོན་འབད་ཐག་གིས་མདོ་ལའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཞིང་། མདོ་ལའི་འགན་འཁྲི་ཕྱི་རུ་མངོན་ལ། མདོ་ལའི་སྣང་བརྙན་གསར་དུ་བཙུགས།

ཕུགས་རྒྱང་རིང་བའི་དོན་དག་སྐོར་ཞིག་ལ་ཁས་ལེན་ཐོབ་པ། མཐོ་སྒང་དམིགས་བསལ་མངའ་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་བེད་སྤྱོད་ལག་རྩལ་ཚོད་ལྟའི་ཁུལ་གྱི་ཚོད་ལྟའི་འགན་འཁྲི་ཁག་ལེགས་པར་གྲུབ། ཞིང་ཆེན་ཡོངས་ཀྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང་ཐོག་མ་མདོ་ལ་རུ་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་ཤ་མོ་སེར་བོའི་སྡུད་འགྲེམས་ལྟེ་གནས་ཐོག་མ་བཙུགས་ཤིང་ཐོན་སྐྱེད་བྱས། ཁུལ་ཡོངས་ཀྱི་མངའ་ཁོངས་སུ་ཐོག་མར་ཁོངས་ཡོངས་སྐྱེ་ལྡན་ཁས་ལེན་མངོན་འགྱུར་བྱས། ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་ལྟེ་གནས་དེ་ཁུལ་ཡོངས་ཀྱི་རྫོང་རིམ་པའི“ཁས་ལེན་ཟུང”ཐོབ་པའི་དངོས་བཤེར་ཁང་གཅིག་པུ་རུ་ཆགས། མདོ་ལའི་བོད་ལུག་དེ་ཀྲུང་གོའི་ཞིང་ལས་ཆས་རྟགས་མིང་གཞུང་གི2024ལོའི་ཞིང་ལས་ཐོན་རྫས་ཁུལ་ཁོངས་སྤྱི་པའི་ཆས་རྟགས་སུ་ཚུད། མདོ་ལའི་བོད་ལུག་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བཏང་ཞིང“གནས་གཞན་ཕྱུགས་སྤོར”གྱི་ལམ་སྲོལ་དེ་མི་དམངས་ཉིན་རེའི་ཚགས་པར་སྟེང་བརྒྱུད་སྐུར་བྱས། མདོ་ལའི2024ལོའི་དབྱར་གསེང་རིང་རྒྱལ་ཡོངས་ཀྱི་ཞག་སྡོད་དང་ལྗོངས་ཁུལ་མངག་ཉོ“ཐུང་ཁྲེང”གནས་སྐོར་གྱི་ཚ་ཚད་པང་རིམ་དུ་སླེབས། ཞིང་ཆེན་ཡོངས་ཀྱི་ཨང་རིམ་སྔོན་བཅུ་ལ་ཐོན་པའི་རྫོང་མཁར་གཅིག་པུ་དེ་ཡིན།

རྙོག་འཛིང་དང་དཀའ་ལས་ཆེ་བའི་དོན་དག་ཁག་ཅིག་ཐག་གཅོད་བྱུང་བ། རྫོང་ཡོངས་ཀྱི་ལོ་རྒྱུས་ཤུལ་བཞག་གནད་དོན་ལྡན་པའི་གཞིས་ཁུལ42ཀྱི་དཔང་ཡིག་བསྒྲུབ་དཀའ་བའི་གནད་དོན་ཐག་གཅོད་བྱས་ལ། ཐག་གཅོད་ཚད100%ཟིན་ཡོད། “སྟོན་དུས་ཕྱིར་སྐྱོད་དང་སྲིད་དངུལ་མཁའ་འགྲུལ་རོགས་སྐྱོར། སྤ་སེ་ཕབ་གཅོག་འགན་ལེན”སོགས་ཕན་བདེའི་བྱེད་སྒོ་སྤེལ་ཞིང་། སྲིད་དངུལ་མཉམ་འབྲེལ་རྒྱུན་རྣམ་ཅན་གྱི་རྣམ་པ་འཚོལ་ཞིབ་གསར་སྐྲུན་བྱས་པས། མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ལ། ཕྱིར་སྐྱོད་བདེ་འཇགས་ལ་ཁག་ཐེག་ནུས་ལྡན་ཐོབ་པ་དང་། གནམ་གྲུ་འབབ་ཚིགས་ཀྱི་ཟླ་གཅིག་རིང་གི་འགྲུལ་བ་འབྱིན་འཇུག་ཚད་དུས་མཚུངས་ལས1025%ལ་སོན་ཡོད།

མང་ཚོགས་ཀྱིས་ཐུགས་ཁུར་གནང་བའི་དོན་དངོས་ཁག་ཅིག་ལ་ཕན་འབྲས་དངོས་སུ་ཐོན་པ། བཙུན་མོ་གཞོང་གྲོང་རྡལ་དང་མཁར་དམར་གྲོང་རྡལ་སོགས་སུ་གློག་གསོག་གནས64བཟོས་པ་དང་། སྤྱི་པའི་རླངས་འཁོར་འཇོག་གནས1569དབྱེ་འབྱེད་གཏན་འཁེལ་བྱས་པས། གློག་གསོག་དཀའ་བ་དང་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་། “རུ་དཔུང་གཅིག”ལྗོངས་གནས་སུ་བསྐྱོད་པ་འཚོལ་ཞིབ་ཁྱབ་རྡལ་བྱས་པ་དང་། མཁར་དམར་གྲོང་རྡལ་གྱི་ཁྲིམས་བསྟར་ལས་དོན་ཆེད་ཚན་གྱིས་རླངས་འཁོར་གང་བྱུང་དུ་འཇོག་པ་དང་འཕྲོད་བསྟེན་མི་ལེགས་པ། དོ་དམ་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་གནས་སྐོར་བ་བག་ཕེབས་པའི་ངང་གནས་སྐོར་བྱེད་པར་རམ་འདེགས་བྱས་པས་གདེང་འཇོག་ལེགས་པོ་རྒྱ་ཆེར་ཐོབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号