ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧྥུའུ་ཅན་ཞིང་ཆེན་དུ་བརྟག་ཞིབ་དང་ཚོང་འགུག་མ་འདྲེན་བྱེད་སྒོ་སྤེལ།
ཟླ3པའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ། མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་དང་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་། གསར་བརྗེའི་ཉམས་ཞིབ་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་ཀྱི་ནུས་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་དུ་སྔོན་ཐོན་གྱི་བྱེད་སྟངས་ལ་སློབ་སྦྱོང་བྱས་པར་མ་ཟད་ཚོང་འགུག་མ་འདྲེན་དང་རྟོག་ཞིབ་བརྗེ་རེས་གནང་།
ཤ་བོ་སྐྱབས་འཁོར་དང་བཅས་པ་ཐོག་མར་ཧྥུའུ་ཅན་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་དུ་ཕེབས་ནས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་འབྲུབ་འགོག་གེགས་སེལ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྐོར་གྱི་ཕྱོགས་བསྡུས”དྲིལ་སྒྲོག་བརྙན་ཐུང་ལ་བལྟས་ཤིང་། ཧྥུའུ་ཅན་ཞིང་ཆེན་གྱི་གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་ཀྱི་བྱ་བའི་ཁྲོད་གྲུབ་པའི་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་བྱེད་སྟངས་ལ་སློབ་སྦྱོང་བྱས་པ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ། མཁོ་བསྟུན་རོགས་སྐྱོབ་བཀོད་འདོམས་སོགས་ཐད་ཀྱི་འཐུས་ཚང་གི་རྣམ་པ་དཔྱད་གཞིར་བྱས་ཏེ། མཚོ་བྱང་གིས་བདེ་འཇགས་གཏེར་རི་འཛུགས་སྐྲུན་དང་མཁོ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བར་རོགས་རམ་བྱེད་པའི་ཐད་ངོས་འཛིན་གཅིག་མཐུན་བྱུང་། ཧྥུའུ་ཅན་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཐིན་ཀྲང་ཆིག་དབྱི་ཡིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་བྱས་ནས་འབྲེལ་ཡོད་བྱེད་སྒོར་ཞུགས།
དེའི་རྗེས་སུ། ཤ་བོ་སྐྱབས་འཁོར་དང་བཅས་པས་ཚོང་འགུག་མ་འདྲེན་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་ཧྥུའུ་ཅན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་དང་ཁྲུན་ལུན་སྡེ་ཚོགས། ཅིན་ཁྲ་ཇ་ལས་ཚད་ཡོད་སྤྱི་གཉེར་ཁང་། ཙི་ཅིན་གཏེར་ལས་སྡེ་ཚོགས། ཏ་ལིས་ཟས་རིགས་སྡེ་ཚོགས། ཕེན་ཙེ་ཧོང་སྡེ་ཚོགས། ཧྥུའུ་ཀྲིག་ཏིང་ལི་ཁྱིམ་ཆས་སོགས་ཁེ་ལས་དང་བཞུགས་མོལ་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་ངོ་སྤྲོད་དྲིལ་སྒྲོག་བརྙན་ཐུང་ལ་བལྟས་པ་དང་ཁེ་ལས་སོ་སོའི་ཐོན་ལས་འཕེལ་རྒྱས་དང་གོམ་སྟབས་རྗེས་མའི་མཉམ་ལས་བསམ་ཚུལ་ཕྱོགས་ཀྱི་གཏམ་བཤད་ལ་ཉན། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཚོགས་ཞུགས་ཁེ་ལས་ཀྱིས་རང་སོ་སོའི་ཁྱབ་ཁོངས་སུ་གཞི་ཚུགས་ནས་མུ་མཐུད་དུ་མི་ཤུགས་རྒྱུ་ཤུགས་གང་མང་བཏང་བས་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པ་ཚང་མར་མིག་མཐོང་ལག་ཟིན་ཡིན་པ། མཚོ་བྱང་ཁུལ་གྱིས་རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ་དང་མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་སྟེ“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་བདག་ཉིད་དུ་གྲུབ་པའི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས། མདོ་ལ་རི་བོའི་མེ་ལྷ་གངས་དཀར་དང་སྟོང་སོ་ནགས་ཀློང་། མཚོ་སྔོན་པོའི་ལྷ་ཆབ་ཁུག སྨོན་ལམ་མཐོན་པོའི་ལྗོངས་ཁུལ་སོགས་གསར་གཏོད་ཀྱིས་བསྐྲུན་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་སོགས་ཡུལ་སྐོར་ཐོན་ཁུངས་གཅིག་ཏུ་བསྡུས་ཏེ་ནོར་གནག་དང་བོད་ལུག ནས། སྦྲང་རྩི་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཕུན་སུམ་ཚོགས་པ་དང་། ཁོངས་གཏོགས་རྫོང་བཞིའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དང་གནས་ཡུལ་གྱི་དམིགས་བསལ་ལེགས་ཆ་མངོན་གསལ་དོད་པོ་ཡིན་པ། ཚོང་གཉེར་ཁོར་ཡུག་བཟང་བོ་བཅས་ཡོད། མིག་སྔར། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤོར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཧུར་ཐག་གཏོང་བར་ཕྱི་ཕྱོགས་མཉམ་ལས་བྱེད་ཤུགས་ཇེ་ཆེ་དང་གཏིང་ཟབ་ཏུ་གཏོང་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། ཁེ་ལས་པ་སོ་སོས་མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱི་ཁྱད་ཆོས་དང་མཚོ་བྱང་ཐོན་ཁུངས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ནས་མཉམ་ལས་བརྗེ་རེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་གང་ཐུབ་བྱས་ནས་མཉམ་ལས་གཉིས་ཁེ་དང་གཉིས་ཁེ་གཉིས་ཕན་ཡོང་བ་མངོན་འགྱུར་བྱེད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཕྱོགས་ནས། རྐང་བགྲོད་དང་རི་འཛེག ཕྱི་རོལ་སྒར་འདེབས་དང་དགུན་དུས་ཡུལ་སྐོར་ཆས་རྟགས་གཏོད་པའི་ཐད་ཀྱི་མཉམ་ལས་འཚོལ་བ་དང་ཡུལ་སྐོར་ཁང་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་ལ་འགྲུལ་མང་བསྡུ་ལེན་དང་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་རམ་འདེགས་བྱེད་དགོས། ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་གཏོང་བའི་ཕྱོགས་ནས། སྐམས་ཤ་བསྙལ་མ་དང་ནས་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་ཧྥུའུ་ཅན་ཞིང་ཆེན་དུ་ཞིང་ཕྱུགས་ཐོན་རྫས་ཐད་ཚོང་ཁང་བཙུགས་ནས་མཚོ་བྱང་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པར་རམ་འདེགས་བྱེད་དགོས། ཇ་ཡི་ཐོན་ལས་འཕེལ་རྒྱས་ཕྱོགས་ནས། ཧྥུའུ་ཅན་གྱི་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་གནད་སྨིན་ཉམས་མྱོང་ལ་བརྟེན་ནས་མཚོ་བྱང་གི་སྤེན་དཀར་དང་ཧོ་ཡན་ཧྲིན་སོགས་ཇ་བཟོའི་བཟོ་རྩལ་མཐོ་རུ་བཏང་སྟེ་མཚོ་བྱང་གི་ཁྱད་ལྡན་ཇ་ལོའི་ཆས་རྟགས་གཏོད་དགོས། སྨན་བཅོས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཕྱོགས་ནས། ཕེན་ཙེ་ཧོང་སྡེ་ཚོགས་དང་མཉམ་ལས་གཏིང་ཟབ་བྱས་པ་བརྒྱུད་ནགས་གླ་དང་ཤྭ་རྭ་སོགས་མཚོ་བྱང་གི་ཁྱད་ལྡན་ཀྲུང་བོད་གསོ་རིག་སྨན་རྫས་སྣ་ཁ300ལྷག་ཙམ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱས་ཏེ། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟའི་ཐོན་སྐྱེད། ཤེས་ལྡན་མི་སྣ་བརྗེ་རེས། ཡོ་བྱད་ཉོ་སྒྲུབ་སོགས་ཀྱི་ཐད་ལ་འབྲེལ་གཏུག་དང་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཁམས་གསོ་ཐོན་ལས་ཁྱུ་ཚོགས་མཉམ་སྐྲུན་བྱ་རྒྱུའི་རེ་བ་ཡོད། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་པ་དང་སྲིད་ཇུས་ཆ་ཚང་བཟོ་པ་དང་ཞབས་ཞུ་མཁོ་འདོན་ཡག་པོ་བྱས་ཏེ། ལྷག་བསམ་རྣམ་དག་གིས་ཁེ་ལས་དང་མཉམ་ལས་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ལྷག་བསམ་ཟོལ་མེད་ངང་ཧྥུའུ་ཅན་གྱི་ཁེ་ལས་མཚོ་བྱང་དུ་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ་དུ་ཡོང་བ་དང་ཉེ་དུས་གཉེར་བའི་མཚོ་སྔོན་པོ"མཚོ་དར་འཕེན་པའི་དུས་ཚིགས"ཀྱི་བྱེད་སྒོའི་ནང་ཞུགས་པར་གདན་འདྲེན་ཞུས་པ་ཡིན་ཟེར།
བཞུགས་མོལ་ཚོགས་འདུའི་སྐབས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ཧྥུའུ་ཅན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་དང་ཧྥུའུ་ཀྲིག་ཏིང་ལི་ཁྱིམ་ཆས་སོགས་ཁེ་ལས་དང་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་ཅིང་། དེའི་ནང་དོན་ནི་ཕྱི་རོལ་དུ་སྒར་འདེབས་གསར་སྤེལ་དང་ཧྥུའུ་ཅན་གྱི་ཡུལ་སྐོར་བ་འགུག་པ། ཡུལ་སྐོར་ལས་གཞི་མཉམ་སྐྲུན། ཁྱད་ལྡན་ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད།
ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ཚོ་ཅི་ཆང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག འཇུ་ལག་རྫོང་དང་རྐང་ཚ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注