མདོ་ལ་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ནང་མཁོའི་གབ་ཤུགས་རྩལ་དུ་བཏོན།
ན་ནིང་ནས་བཟུང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐའ་འཁྱོལ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ལ། ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།ཕན་ནུས་ལྡན་པའི་མ་འཇོག་རྒྱ་བསྐྱེད་པ། ལོ་ཧྲིལ་བོར་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལས་གཞི78གཏན་འཁེལ་བྱས་ནས་མ་འཇོག་སྒོར་དུང་ཕྱུར10.91ལེགས་འགྲུབ་བྱུང་། རྡོ་སོལ་སྔོག་འདོན་གས་རྡིབ་ཁུལ་གྱི་འོད་ཤུགས་དང་བཟོ་ལས་ལམ་ཆེན་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། བཙུན་མོ་གཞོང་གྲོང་རྡལ་གྱི་ཆུ་འབུད་ཉུང་འཕྲི་དང་ལུས་རྩལ་སྤྱི་གླིང་སོགས་འཛུགས་སྐྲུན་ལས་གཞི52ལེགས་འགྲུབ་ཐོག་ཞིབ་བཤེར་རྩིས་ལེན་བྱས་ལ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ལེན་ནུས་ལྡན་བྱུང་ཡོད། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་སྒོས་མདོ་ལ་རྫོང་གི་འཚོ་བའི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་གཞི་གཅིག་ཅན་གྱི་སྒྲིག་བཀོད་འཛུགས་སྐྲུན། བོད་སྨན་ཁང་གི་ཞག་སྡོད་དང་སྒོ་བསྟེན་ཐོག་ཁང་འཛུགས་སྐྲུན། མདོ་ལའི་མཛེས་ལྗོངས་ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྲུང་དབྱང་གི་སྔོན་རྩིས་ལས་གཞི92ཇུས་འགོད་ཧུར་ཐག་བྱས་ལ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར87.64བཏང་ཡོད།འཛད་སྤྱོད་ཁྲོམ་རར་སྐུལ་སྤེལ་བཏང་བ། འཛད་སྤྱོད་སྐུལ་སྤེལ་ལོའི་བྱེད་སྒོ་ཏན་ཏིག་ཏུ་སྤེལ་བ་དང་། “རྙིང་ཚབ་གསར་བརྗེ”སོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁ་གསབ་མ་དངུལ་སྒོར་ཁྲི236.5བཏང་ནས་ལྔ་གཅིག་ཚོང་སྐུལ། མཚོ་སྔོན་ཕན་བདེ་དང་། དབྱར་དུས་ལོངས་སྤྱོད། མདོ་ལའི་དགའ་སྟོན། དགུན་ཤའི་ཟས་མཆོག་དུས་ཆེན་སོགས་འཛད་སྤྱོད་བྱེད་སྒོ་ཧུར་ཐག་གིས་སྤེལ་ཞིང་། རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི50བཏང་ནས་འཛད་སྤྱོད་སྒོར་ཁྲི300ལ་སྐུལ་འདེད་བྱུང་།ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བ། ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ལ། རིམ་རྩིས་ལྟར་ན་ཁེ་ལས་ལ་བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་སྣ་ཚོགས་སྒོར་ཁྲི900ལྷག་ཙམ་རེ་ཞུ་བྱས་པ་དང་། ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱས་ཤིང་། ཁྲལ་འཕྲི་དངུལ་གཅོག་དང་ཁྲལ་སློག་དངུལ་འཕྲི་ཐད་འགྲོ་གྲོན་སྒོར་ཁྲི4828བཏང་ཡོད།
ན་ནིང་ནས་བཟུང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐའ་འཁྱོལ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ལ། ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
ཕན་ནུས་ལྡན་པའི་མ་འཇོག་རྒྱ་བསྐྱེད་པ། ལོ་ཧྲིལ་བོར་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལས་གཞི78གཏན་འཁེལ་བྱས་ནས་མ་འཇོག་སྒོར་དུང་ཕྱུར10.91ལེགས་འགྲུབ་བྱུང་། རྡོ་སོལ་སྔོག་འདོན་གས་རྡིབ་ཁུལ་གྱི་འོད་ཤུགས་དང་བཟོ་ལས་ལམ་ཆེན་སོགས་གཙོ་གནད་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། བཙུན་མོ་གཞོང་གྲོང་རྡལ་གྱི་ཆུ་འབུད་ཉུང་འཕྲི་དང་ལུས་རྩལ་སྤྱི་གླིང་སོགས་འཛུགས་སྐྲུན་ལས་གཞི52ལེགས་འགྲུབ་ཐོག་ཞིབ་བཤེར་རྩིས་ལེན་བྱས་ལ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ལེན་ནུས་ལྡན་བྱུང་ཡོད། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་སྒོས་མདོ་ལ་རྫོང་གི་འཚོ་བའི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་གཞི་གཅིག་ཅན་གྱི་སྒྲིག་བཀོད་འཛུགས་སྐྲུན། བོད་སྨན་ཁང་གི་ཞག་སྡོད་དང་སྒོ་བསྟེན་ཐོག་ཁང་འཛུགས་སྐྲུན། མདོ་ལའི་མཛེས་ལྗོངས་ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྲུང་དབྱང་གི་སྔོན་རྩིས་ལས་གཞི92ཇུས་འགོད་ཧུར་ཐག་བྱས་ལ། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར87.64བཏང་ཡོད།
འཛད་སྤྱོད་ཁྲོམ་རར་སྐུལ་སྤེལ་བཏང་བ། འཛད་སྤྱོད་སྐུལ་སྤེལ་ལོའི་བྱེད་སྒོ་ཏན་ཏིག་ཏུ་སྤེལ་བ་དང་། “རྙིང་ཚབ་གསར་བརྗེ”སོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁ་གསབ་མ་དངུལ་སྒོར་ཁྲི236.5བཏང་ནས་ལྔ་གཅིག་ཚོང་སྐུལ། མཚོ་སྔོན་ཕན་བདེ་དང་། དབྱར་དུས་ལོངས་སྤྱོད། མདོ་ལའི་དགའ་སྟོན། དགུན་ཤའི་ཟས་མཆོག་དུས་ཆེན་སོགས་འཛད་སྤྱོད་བྱེད་སྒོ་ཧུར་ཐག་གིས་སྤེལ་ཞིང་། རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི50བཏང་ནས་འཛད་སྤྱོད་སྒོར་ཁྲི300ལ་སྐུལ་འདེད་བྱུང་།
ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་བ། ཁེ་ལས་ལ་རོགས་སྐྱོར་དང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ལ། རིམ་རྩིས་ལྟར་ན་ཁེ་ལས་ལ་བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་སྣ་ཚོགས་སྒོར་ཁྲི900ལྷག་ཙམ་རེ་ཞུ་བྱས་པ་དང་། ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱས་ཤིང་། ཁྲལ་འཕྲི་དངུལ་གཅོག་དང་ཁྲལ་སློག་དངུལ་འཕྲི་ཐད་འགྲོ་གྲོན་སྒོར་ཁྲི4828བཏང་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注