མཚོ་བྱང་ཁུལ་དང་ཀྲུའུ་ཧའེ་ཀི་ལི་གློག་ཆས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་གན་རྒྱ་བཞག

ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གན་རྒྱ་བཞག

ཟླ3པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ཀྲུའུ་ཧའེ་ཀི་ལི་གློག་ཆས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དུ་བསྐྱོད་དེ་རྟོག་ཞིབ་གནང་ལ། ཕྱོགས་བསྡུས་ཉམས་ཞིབ་སློབ་གསོའི་རྟེན་གཞི་དང་སྤོ་འགུལ་གྲང་སྦྲེལ། ནུས་རྒྱུ་གཙང་མ་སོགས་འཛུགས་སྐྲུན་ཐད་ལ་དམིགས་ནས་མཉམ་ལས་གྲོས་མོལ་བྱས།   

ཤ་བོ་སྐྱབས་ཀྱིས་ཀི་ལི་སྡེ་ཚོགས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ལྗང་མདོག་ཚོད་འཛིན་བཟོ་ཁུལ་དང་རིག་ནུས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ཚོད་ལྟ་ཁང་སོགས་ཞིབ་འཇུག་གསར་སྤེལ་ཚན་པར་ལྟ་སྐོར་བྱས་པར་མ་ཟད།  སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ལྷག་བསམ་ཟོལ་མེད་ཀྱིས་བཞུགས་མོལ་བརྗེ་རེས་གནང་། ཤ་བོ་སྐྱབས་ཀྱིས་གླེང་དོན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུ་པར་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཚན་ཞིབ་མི་སྣ་དང་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་སོགས་མི་ཁྲི10ལྷག་གིས་མཚོ་བྱང་ཁུལ་གྱི་གསེར་དངུལ་ཐང་དུ་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོའི་ཞིབ་བཟོ་རྟེན་གཞི་བཙུགས་ཤིང་། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་དང་པོ་དེ་བདེ་བླག་ངང་ཞིབ་བཟོ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་རུ་བཅུག་ཅིང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་པའི་སྙིང་སྟོབས་དུས་ཡུན་རིང་བོར་གཏན་དུ་གནས་པས། ད་ལྟ་དུས་རབས་ཀྱི་རིན་ཐང་དེ་བས་ཆེ་བ་ཡོད། ཀི་ལི་སྡེ་ཚོགས་ཀྱི་ཁེ་ལས་རིག་གནས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་གཉིས་ཚད་མཐོའི་མཐུན་པས། ཀི་ལི་སྡེ་ཚོགས་ཀྱིས་མཚོ་བྱང་དུ་ལས་བྱེད་པ་གསོ་སྦྱོང་དང་ཉམས་ཞིབ་རྒྱ་སྐྱེད། ཏང་འཛུགས་སྐྱོང་དང་ཚོགས་པ་འཛུགས་སྐྱོང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་བསྐྲུན་རྒྱུའི་རེ་བ་ཡོད་ཟེར། ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་ཡན་ལག་བཟོ་གྲྭ18ཀྱི་གནའ་ཤུལ་གསོན་སྒྱུར་བེད་སྤྱོད་བྱས་ནས་ཉར་ཚགས་བྱས་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི54ལྷག་ཙམ་གྱི་བཟོ་གྲྭའི་ཐོག་བྱ་བ་གང་མང་བསྒྲུབས་ཡོད་པས་ཀི་ལི་སྡེ་ཚོགས་ཀྱིས་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་དང་རྒྱབ་སྐྱོར་བྱེད་རྒྱུའི་འདུན་པ་ཡོད་ཟེར།     

ཤ་བོ་སྐྱབས་ཀྱིས་མཚོ་བྱང་དང་ཁེ་ལས་མཉམ་ལས་ཀྱི་དོན་དག་ལ་དམིགས་ནས་ཀི་ལི་སྡེ་ཚོགས་ཀྱིས་རིག་ནུས་གྲང་སྦྲེལ་ཐད་ཀྱི་ལག་རྩལ་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི“འགག་ཚུགས”ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་། ནུས་རྒྱུ་གསར་པ་དང་རིག་ནུས་གློག་ཆས་བསྣན་པའི་གསར་གཏོད་གྲུབ་འབྲས་སྤྱད་དེ་མཚོ་བྱང་དུ་ཁང་ཀླད་འོད་ཤུགས་སྒྲིག་སྦྱོར་དང་དག་གཙང་ཅན་གྱི་དྲོད་འདོན། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བར་ནུས་རྒྱུ་གསར་པ་ནུས་ཆེའི་སྒོ་ནས་བེད་སྤྱོད་བྱེད་པའི་མ་དཔེ་བསྐྲུན་རྒྱུའི་རེ་བ་ཡོད་ཟེར། 

ཀི་ལི་གློག་ཆས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་པ་ཀྲང་ཝེ་ཡིས་བརྗེ་རེས་བྱེད་སྐབས་གླེང་དོན། ཀི་ལི་གློག་ཆས་སྤྱི་གཉེར་ཁངབཙུགས་པ་ནས་བཟུང་ལོ་ངོ30ལྷག་ཙམ་གྱི་རིང་ལ་རང་སྟོབས་རང་སྤེལ་དང་འབད་བརྩོན་ལྷོད་མེད་བྱས་ཤིང་། ལྷག་པར་དུ་ལས་འཛིན་པ་ཏུང་མིན་ཀྲུའུ་ཡི་སྣེ་ཁྲིད་འོག་གྲུབ་འབྲས་ཐོབ་པའི་སྒོ་ནས་འཛམ་གླིང་གི་ཁེ་ལས་སྟོབས་ཆེན500ཡི་ཁྲོད་ཚུད་ལ། ལས་མི་ཁྲི9ལྷག་ཙམ་ཟིན་ཞིང་ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར1400ལས་བརྒལ་བའི་སྣ་མང་ཅན་དང་ཚན་རྩལ་རྣམ་པའི་གོ་ལ་ཧྲིལ་པོའི་བཟོ་ལས་བཟོ་སྐྲུན་སྡེ་ཚོགས་ཤིག་ཏུ་གྱུར་ཡོད། ཀི་ལི་གློག་ཆས་སྤྱི་གཉེར་ཁང་གི་གསར་གཏོད་དང་བྱས་རྗེས་འཇོག་པ། བདེན་འཚོལ་བཅས་ཀྱི་ཁེ་ལས་རིག་གནས་ནི་རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་པའི་སྙིང་སྟོབས་ཀྱི་ཀི་ལི་ལག་ལེན་ཞིག་རེད། ཀི་ལི་སྤྱི་གཉེར་ཁང་དང་མཚོ་བྱང་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་། གོམ་སྟབས་རྗེས་མར་སྤྱི་གཉེར་ཁང་གི་ཏང་ཨུའི་མགོ་ཁྲིད་ཀྱིས་རུ་ཁག་གི་སྣེ་ཁྲིད་བྱས་ཏེ་གྲོས་མཐུན་གྱི་དོན་དག་སོ་སོ་དོན་འཁྱོལ་གང་མགྱོགས་བྱེད་པ་དང་མཚོ་བྱང་ཁུལ་དང་སྦྲེལ་མཐུད་བྱས་ཏེ། ཀི་ལི་དང་མཚོ་བྱང་གི་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་འཆར་འགོད་དང་། ཏང་ཡོན་དང་ཚན་རྩལ་འཇོན་མི། ལས་སྒོའི་རྐང་འཛིན་པ་འདེམས་མངགས་བྱས་ཏེ་མཚོ་བྱང་དུ་གསོ་སྦྱོང་དང་ལེན་བྱེད་པའི་དོན་དག་དོན་འཁྱོལ་དམ་འཛིན་བྱས་ནས་ཁེ་ལས་དང་མཚོ་བྱང་གི་མཉམ་ལས་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པར་བསྟན།  

 ཤ་བོ་སྐྱབས་དང་ཀྲང་ཝེ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་གན་རྒྱ་བཞག་ཅིང་། མ་འཇོག་བྱེད་རྩིས་ཡོད་པའི་མ་དངུལ་སྒོར་དུང་ཕྱུར2ཟིན་པ་རེད། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་དང་ཀི་ལི་གློག་ཆས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་འདོམས་པ་གཞོན་པ་ཧྲུའུ་ལི་ཀྲི་གཉིས་ཀྱིས་མཚོ་བྱང་ཁུལ་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་ལས་གཞི་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་བཞག རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་ཀི་ལི་གློག་ཆས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་ནུས་རྒྱུ་གཙང་མའི་དྲོད་འདོན་དང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་། གྲང་སྦྲེལ་མཛོད་ཉར་གྱི་སྔོན་བཟོས་ཚལ་ཁྱབ་ཁོངས་ལ་དམིགས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་བཞག

དེའི་རིང་། ཤ་བོ་སྐྱབས་ད་དུང་ཆེད་དུ་ཀྲུའུ་ཧའེ་རུ་ཐུག་པའི་ཟ་ཁང་གཉེར་བའི་འཇུ་ལག་གི་ཡུལ་མི་མ་ཞའོ་མིན་དང་། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ། མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཆུ་བཟང་བོའི།”ཆས་རྟགས་ཀྱི་སྐམས་ལུག་ཤ་ཕྱིར་འཚོང་བྱེད་པའི་རྐང་ཚའི་ཡུལ་མི་བཀྲ་ཤིས་དབང་མོ་ལ་འཚམས་འདྲི་གནང་ཞིང་། ཁོ་ཚོར་མཚོ་བྱང་ཁུལ་གྱིས“ཞིང་གསུམ”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་གནང་ལ། ཁོ་ཚོར་རྨང་གཞི་ཡག་པོ་འདིང་རྒྱུ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བེད་སྤྱོད་ཡག་པོ་བྱེད་དགོས་ཤིང་། མཚོ་བྱང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པའི“ཆས་རྟགས་ཚོང་ཁང”གཉེར་སྐྱོང་ཡག་པོ་བྱས་ཏེ། “འཐེན་ཐུག་དཔལ་འབྱོར”འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་ཡུལ་མི་དེ་བས་མང་བ་ཞིག་གིས་སྐྱེ་ལྡན་ཞིང་ཕྱུགས་ལས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱས་ཏེ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་།     

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག འཇུ་ལག་རྫོང་དང་རྐང་ཚ་རྫོང་སྲིད་གཞུང་། ཁུལ་ཁོངས་གཏོགས་ཀྱི་གཙོ་གནད་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།     

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号