ཨ་མེ་རི་ཁའི་སློབ་གསོ་པུའུ་ཡིས་གཞི་རྒྱ་ཆེ་བའི་སྒོ་ནས་ལས་བྱེད་མི་སྣ་ཇེ་ཉུང་དུ་གཏོང་རྒྱུ་རེད།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སློབ་གསོ་པུའུ་ཡིས་ཉིན་དེའི་དགོང་མོར་གཞི་རྒྱ་ཆེ་བའི་ལས་བྱེད་མི་སྣ་ཇེ་ཉུང་དུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་རྒྱུ་རེད་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སློབ་གསོ་པུའུ་རུ་མིག་སྔར་ལས་བྱེད་མི་སྣ་སྟོང་བཞི་ཙམ་ཡོད་པ་དང་། ཚོད་དཔག་བྱས་ན་ལས་བྱེད་མི་སྣ་སྟོང་གཅིག་དང་སུམ་བརྒྱ་ཙམ་ཇེ་ཉུང་དུ་གཏོང་རྒྱུ་རེད། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་བཀའ་རྒྱ་ལྟར་ན། ཚེས11ཉིན་གྱི་དགོང་མོར་ནས་ཚེས12ཉིན་བར། སློབ་གསོ་པུའུ་ཡི་ལས་བྱེད་མི་སྣ་ཚང་མ་གཞུང་སྒྲུབ་ཁང་དུ་འགྲོ་བར་གཏན་འགོག་བྱེད་རྒྱུ་རེད།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དེའི་སྔོན་ཐེངས་མང་བོར་སློབ་གསོ་པུའུ་མེད་པར་གཏོང་བ་དང་། དེའི་འགན་ནུས་དེ་མངའ་སྡེ་སོ་སོར་བརྒྱུད་སྤྲོད་བྱེད་དགོས་པའི་ཚུལ་བསྟན། ཁོས་བཤད་རྒྱུར། གསར་དུ་འགན་ཁུར་བའི་སློབ་གསོ་པུའུ་ཀྲང་གི་འགན་འཁྲི་གཙོ་བོ་ནི་སློབ་གསོ་པུའུ་གཏོར་རྒྱུ་དེ་ཡིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注