སི་རི་ཡཱ་ཡིས་ནུབ་ཕྱོགས་མཚོ་འགྲམ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས།

སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཅཱ་ནེ་ཡིས་ཚེས10ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་སྲུང་པུའུ་ཡི་ནུབ་ཕྱོགས་མཚོ་འགྲམ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་བ་དང་། ནང་སྲིད་པུའུ་ཡི་བདེ་འཇགས་མི་སྣས་དུས་རིམ་རྗེས་མའི་འགུལ་སྐྱོད་ཁྲོད་སྔོན་ཆད་ཀྱི་སྲིད་དབང་གི་ལྷག་འཕྲོའི་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

ཅཱ་ནེ་ཡིས་བཤད་རྒྱུར། རྒྱལ་སྲུང་པུའུ་ཡི་དྲག་ཆས་དམག་དཔུང་གིས་འདས་པའི་ཉིན་འགའི་ནང་སྔོན་ཆད་ཀྱི་སྲིད་དབང་གི་ལྷག་འཕྲོའི་སྟོབས་ཤུགས་ལ་འཇབ་རྒོལ་བྱས་ཏེ། ལཱ་ཐཱ་ཅི་ཡཱ་ཞིང་ཆེན་དང་ཐཱ་ཨར་ཐུའུ་སི་ཞིང་ཆེན་གྱི་མཁར་གྲོང་མང་བོའི་ལྷག་འཕྲོའི་སྟོབས་ཤུགས་ཚར་གཅོད་བྱས་པ་དང་། ལྷག་འཕྲོའི་སྟོབས་ཤུགས་དེ་ས་ཁུལ་གཙོ་བོ་ནས་མཐར་སྐྲོད་གཏོང་རྒྱུ་རེད།

ཁོས་བསྟན་དོན། ས་ཁུལ་དེའི་སྤྱི་བའི་ལས་ཁུངས་ཀྱིས་བྱ་བ་སླར་གསོ་བྱས་པ་དང་། མང་ཚོགས་ལ་གཞི་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན། བདེ་འཇགས་སྡེ་ཁག་གིས་དུས་རིམ་རྗེས་མའི་འགུལ་སྐྱོད་ཁྲོད་མུ་མཐུད་དུ་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། སྔོན་ཆད་ཀྱི་སྲིད་དབང་གི་ལྷག་འཕྲོའི་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བའི་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

ཅཱ་ནེ་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རཀྱེན་ལ་རྟོག་ཞིབ་བྱེད་པའི་འགན་ཁུར་བའི་སྒེར་ཚུགས་ཀྱི་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེའི་བརྒྱུད་རིམ་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་པ་དང་། རྒྱལ་སྲུང་པུའུ་ཡིས་དེར་གཞོགས་འདེགས་གང་ལེགས་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号