ཧྥ་རན་སིའི་དཔོན་རིགས་ཀྱིས་རྒྱལ་ཁབ་རང་གི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲོས་ཨ་མེ་རི་ཁར་བྲལ་བའི་འཇོན་མི་དང་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཧྥ་རན་སིའི་བཅིངས་འགྲོལ་ཚགས་པར་གྱིས་ཚེས9ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་འགན་ཁུར་བའི་པུའུ་ཀྲང་རིམ་པའི་འཐུས་མི་པཱ་ཏིས་སི་ཐི་ཡིས་ཧྥ་རན་སིའི་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་གྱིས་ཨ་མེ་རི་ཁ་དང་བྲལ་བའི་ཚན་རིག་ཞིབ་འཇུག་གི་འཇོན་མི་དང་ལེན་བྱེད་པར་བསམ་བློ་གཏོང་དགོས་པའི་རེ་བ་བཏོན།
བསྒྲགས་པ་ལྟར་ན། པཱ་ཏིས་སི་ཐི་ཡིས་ཧྥ་རན་སིའི་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་ལ་འཕྲིན་ཡིག་བསྐུར་ནས། ཨ་མེ་རི་ཁ་དང་བྲལ་བའི་ཚན་རིག་ཞིབ་འཇུག་མི་སྣ་དང་ལེན་བྱེད་པའི་ཇུས་གཞི་བསམ་བློ་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་ཐོག་མར་ནང་འདྲེན་བྱེད་པའི་ལག་རྩལ་དང་ཞིབ་འཇུག་ཁྱབ་ཁོངས་ནས་གྲོས་གཞི་འདོན་དགོས་པའི་རེ་བ་བཏོན།
གཞན་ཡང་བསྒྲགས་པ་ལྟར་ན། ཨེ་ཁི་སི་མཱ་སེ་སློབ་ཆེན་གྱིས་ཐོག་མར་ལས་གཞི་དེ་ལག་བསྟར་བྱས་པ་དང་། གཙོ་བོ་ནམ་ཟླའི་ཚན་རིག་སོགས་ཁྱབ་ཁོངས་སུ་འཇོན་མི་གདན་ཞུ་བྱེད་དགོས་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཕྱིར་ཕོ་བྲང་དཀར་པོར་ལོག་རྗེས། སྤྱི་བའི་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལས་ཕྱིར་འབུད་པ། སྨན་བཅོས་འཕྲོད་བསྟེན་དང་ནམ་ཟླའི་ཞིབ་འཇུག་གི་བྱ་བ་གཉེར་བའི་མཉམ་འབྲེལ་ལས་ཁུངས་ཀྱི་མི་སྣ་སྐོར་ཞིག་ལས་གནས་ལས་ཕྱིར་ཕུད་རྒྱུ་ཁྱབ་བསྒྲགས་བྱས་པར་ཚན་རིག་ཞིབ་འཇུག་ལས་རིགས་ཀྱིས་མི་འཐད་པའི་ཚུལ་བསྟན།
ཧྥ་རན་སིའི་སྨྱན་བྱད་དང་ཞིབ་འཇུག་ལས་ཁུངས་མང་བོས་ཉེ་སྔོན་ཨ་མེ་རི་ཁའི་ཚན་རིག་ཞིབ་འཇུག་མི་སྣའི་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་པའི་ཚུལ་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注