ཙེ་ལིན་སི་ཅི་ཆེད་བཏང་གནམ་གྲུར་བསྡད་དེ་སོ་ཏི་ཨ་རབ་ཏུ་འབྱོར།
ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཆེད་བཏང་གནམ་གྲུར་བསྡད་ནས་ཉིན་དེའི་ཕྱི་དྲོར་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲོང་ཁྱེར་དུ་འབྱོར་ཡོད་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཙེ་ལིན་སི་ཅི་བསྡད་ཡོད་པའི་ཆེད་བཏང་གནམ་གྲུ་དེ་ཕའོ་ལན་གྱི་རི་ཧྲུའུ་ཧྥུའུ་དང་ཡཱ་ཞི་ཝུན་ཁཱ་གནམ་གྲུ་ཐང་ནས་འཕུར་བ་དང་། ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཞི་བཅུའི་སྟེང་ཅི་ཏཱ་གྲོང་ཁྱེར་གྱི་ཨ་པུའུ་ཏུའུ་ལེ་ཨ་ཆི་ཙི་རྒྱལ་བོའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་རེད་ཟེར།
བསྒྲགས་པ་ལྟར་ན། ཁོའི་འགྲོ་རོགས་མི་སྣས་ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡེ་ཨར་མཱ་ཁི་དང་། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ། རྒྱལ་སྲུང་བློན་ཆེན་ཝུའུ་མཱེ་ལོ་ཧྥུའུ་བཅས་ཡོད།
བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས11ཉིན་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱི་ཚོགས་ཞུགས་མི་སྣར་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་དང་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ། ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྭ་ཨར་ཙི་བཅས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注