ཤ་བོ་སྐྱབས་ཀྱིས་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་དུ་བསྐྱོད་ནས་རྟོག་ཞིབ་དང་ཚོང་འགུག་བྱས།

ཟླ3པའི་ཚེས3ཉིན་ནས་ཚེས4ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་སུ་བསྐྱོད་དེ་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ལས་འཛིན་པ་གཞོན་པ། སྤྱི་གཉེར་བ་ཅང་ཐའོ་སོགས་དང་བཞུགས་མོལ་གནང་སྟེ་ཁེ་ལས་དང་མཚོ་བྱང་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དམིགས་ནས་བརྗེ་རེས་གཏིང་ཟབ་གནང་།

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་ཀྱིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ལ། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་དེ་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་རྣམ་པའི་འཐབ་ཇུས་གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱེད་པོ་དང་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་གཞུང་ཁོངས་མ་རྩའི་མ་འཇོག་བྱེད་པོ་ཡིན་པའི་ངོས་ནས་ལས་སྒོ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ། ས་གཤིས་གནོད་འཚེ་འགོག་བཅོས། ཐོན་ཁུངས་རྩད་ཞིབ་གསར་སྤེལ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་ཅིང་། རྩེར་སོན་གྱི་ལག་རྩལ་མང་པོ་ཡོད་པ་དང་འཕེལ་རྒྱས་མ་ལག་འཐུས་ཚང་ཡོད་པས་མིག་སྔའི་ལྗང་མདོག་འཕེལ་རྒྱས་དང་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཚད་གཞི་མཐོན་པོ་དང་མཐུན་ཡོད། དེའི་མངའ་འོག་གི་མཚོ་བྱང་ཁུལ་དུ་གནས་པའི་མཚོ་སྔོན་ཧའེ་ཞིན་གཏེར་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ལོ་མང་རིང་ཁུལ་ཡོངས་ཀྱི་ས་གནས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་དང་ལྷག་པར་ས་གནས་ཀྱི་ཁྲལ་འབབ་མང་དུ་གཏོང་བ་དང་ལས་ཞུགས་བསྡུ་ལེན། དབུལ་སྐྱོར་རོགས་སྐྱོབ། ཉེན་སྐྱོབ་གེགས་སེལ། སློབ་དངུལ་རོགས་སྐྱོར་སོགས་ཐད་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁོངས་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་བྱས་ཡོད་པའི་ངོས་འཛིན་བྱས།  

ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། མཚོ་བྱང་ལ་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། ཚོང་གཉེར་ཁོར་ཡུག་ལེགས་པ། ཐོན་ལས་ཐེག་ནུས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། མིག་སྔར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུས་བཏོན་པའི་མཚོ་བྱང་གི་འཕེལ་རྒྱས་ངེས་གནས་དང་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་དང་སྙིང་སྟོབས་ཀྱི་བཙན་ས་ནུས་ཤུགས་ཡོད་རྒུས་བཏོད་དེ་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཧུར་ཐག་གཏོང་བ། མཚོ་བྱང་གི་ཁྱད་ལྡན་ཐོན་ལས་མ་ལག་འཛུགས་པར་ཕྱི་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་རྒྱུ་ཁ་ཚ་དགོས་གཏུག་ཡིན་པས། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་ཀྱིས་སྔར་རྒྱུན་བཞིན་མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། ཁེ་ལས་ཀྱི་ཁྱད་ཆོས་དང་མཚོ་བྱང་ཐོན་ཁུངས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་གཙོ་གནད་ཐོག་ལྗང་མདོག་བློ་གྲོས་གཏེར་རི་འཛུགས་སྐྲུན་དང་ས་གཤིས་གནོད་འཚེ་འགོག་བཅོས། བདེ་འཇགས་ཐོན་སྐྱེད་འགན་སྲུང་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་ནུས་ཆེར་གཏོང་དང་ལག་རྩལ་སྒྱུར་བཀོད་སོགས་ཐད་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་རང་ཁུལ་གྱི་ལྗང་མདོག་གློག་ནུས་དང་རྩིས་ནུས་ཐོན་ལས་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་འཆར་འགོད་ཇུས་འགོད། ཀྲུང་བོད་སྨན་རྫས་བཟོ་སྐྲུན་འཕེལ་རྒྱས་སོགས་ནང་གཏིང་ཟབ་ཞུགས་ནས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ལ། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་པ་དང་སྲིད་ཇུས་འཐུས་ཚང་དང་ཞབས་ཞུ་མཁོ་འདོན་ཡག་པོ་བྱེད་དགོས་ཤིང་། ལྷག་བསམ་རྣམ་དག་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་དོན་ཚན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་ཁེ་ལས་དང་མཉམ་ལས་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་ཁེ་ལས་དང་མཚོ་བྱང་མཉམ་ལས་མཉམ་རྒྱལ་གྱི་དཔེ་མཚོན་གཏོད་དགོས། གཞན་ཡང་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་ཀྱིས་མཚོ་བྱང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་ཐད་རྒྱབ་སྐྱོར་བྱེད་དགོས་པ་དང་། སྡེ་ཚོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བ་མཚོ་བྱང་དུ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱེད་པར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས་པ་ཡིན་ཟེར།

ཅང་ཐའོ་ཡིས་མཚོ་བྱང་འཐུས་ཚབ་ཚོགས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོས་བཤད་རྒྱུར། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་དང་མཚོ་བྱང་ཁུལ་བར་མཉམ་ལས་བྱས་ནས་ལོ20རིང་ལ་གཏིང་ཟབ་དང་བརྟན་པོའི་མཉམ་ལས་འབྲེལ་བ་བཙུགས། མཚོ་སྔོན་ནི་སྡེ་ཚོགས་འཕེལ་རྒྱས་གཏོང་བའི་གཙོ་གནད་ས་ཁོངས་ཡིན་པའི་ངོས་ནས་མཚོ་བྱང་དུ་དེ་བས་རྨང་གཞི་བརྟན་པོ་བཏང་ཡོད། ད་ལོར་ཧའེ་ཞིན་གཏེར་ལས་ལ་སྒོར་དུང་ཕྱུར2.2བཏང་ནས་གཏེར་རིའི་སྤུས་ཚད་མཐོར་གཏོང་གི་འཆར་གཞི་ཡོད། མ་འོངས་པར་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་སྲིད་ཇུས་ཁྲིད་སྟོན་དང་དམ་འཛིན་བྱས་ཏེ་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་ས་གཤིས་གནོད་འཚེ་འགོག་བཅོས། རང་བྱུང་ཐོན་ཁུངས་ཉོ་ཚོང་། ཐོན་ཁུངས་རྩད་ཞིབ་གསར་སྤེལ། ཉེན་སྐྱོར་དཀའ་སེལ་ལ་རོགས་རམ། གསར་བརྗེའི་ཉམས་ཞིབ་གསོ་སྦྱོང་སོགས་ཀྱི་ཐད་མཉམ་ལས་སྟེགས་བུ་དེ་བས་མང་བ་བཙུགས་ནས་མཉམ་ལས་ཀྱི་རིམ་པ་མཐོ་རུ་བཏང་སྟེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཟེར།

བཞུགས་མོལ་གནང་སྐབས། མཚོ་བྱང་ཁུལ་དང་སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་བཞག་པ་དང་། ཁུལ་རང་བྱུང་ཐོན་ཁུངས་ཅུས་དང་ཧའེ་ཞིན་གཏེར་ལས་གཉིས་ཀྱིས་སྒྲོམ་གཞིའི་གན་རྒྱར་མིང་རྟགས་བཀོད།

བཞུགས་མོལ་ཚོགས་འདུའི་རྗེས་སུ། ཤ་བོ་སྐྱབས་འཁོར་དང་བཅས་པ་སྡེ་ཚོགས་ཁོངས་གཏོགས་ཀྱི་རྩད་ཞིབ་ཇུས་འགོད་སྡེ་ཚོགས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་དང་འཁོར་རྒྱུག་ཞབས་ཞུའི་སྤྱི་གཉེར་ཁང་། ཐོན་ལས་དངུལ་རྩ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། ཚན་རྩལ་གསར་གཏོད་ཐོན་ལས་གླིང་། སི་ཁྲོན་ཧོང་ཅིན་དང་སི་ཁྲོན་ཐའེ་ཧྭ་ཐང་སྨན་ལས་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཚོང་འགུག་མ་འདྲེན་བྱ་བའི་ཐད་གྲོས་མོལ་གཏིང་ཟབ་བྱས།

སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་སྡེ་ཚོགས་ཀྱི་མགོ་ཁྲིད་དབྱང་ལི་མིན་དང་ཡུས་ཁྲང་ཡན། ཞུའེ་ཧུང་། ཧི་སི་པིན། ཁུལ་གྱི་མགོ་ཁྲིད་སངས་འབུམ་དང་ཚོ་ཅི་ཆང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号