མདོ་ལ་རྫོང་གིས་གསར་བརྗེའི་ཐོན་ཁུངས་ལེགས་པོར་སྤྱད་དེ་ཏང་ཡོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་རྒྱུ་དེ་ཏང་ཡོན་སློབ་གསོ་སྤེལ་བའི་འཇུ་བྱེད་གལ་ཆེན་དུ་འཛིན་པ་མཐའ་འཁྱོངས་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བརྒྱུད་ཁྱད་ཆོས་ལྡན་པའི་གསར་བརྗེ་སློབ་ཁྲིད་ཧུར་གྱིས་བཙུགས་ཤིང་། ཏང་ཡོན་སློབ་གསོའི་རྨང་གཞི་རྒྱུན་མཐུད་ཇེ་བརྟན་དུ་བཏང་ནས“གསར་བརྗེ་གཞི་རྒྱུ”ཏང་ཡོན་གྱི་ནང་སེམས་སུ་འཇགས།“གསར་བརྗེ་ཐོན་ཁུངས”གཏིང་ཟབ་སྔོག་འདོན་བྱས་ཏེ་ལོ་རྒྱུས་ཀྱི“བྲོ་བ”སླར་ཡང་མངོན་པར་བྱས། རིམ་བགོས་འགན་ཁུར་དང་རིམ་བགོས་དོ་དམ་གྱི་བླང་བྱ་ལྟར“དམར་དམག་ནུབ་ལམ་དམག་གི་འཐབ་ཕྱོགས་མདོ་ལར་བསྒྱུར་བའི་ནང་དོན”འཛིན་བྱེད་དུ་བྱས་ནས། 《ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་མདོ་ལར་འགུལ་སྐྱོད་ཀྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་ལེགས་སྒྲིག་གཏིང་ཟབ་བྱེད་པའི་སྐོར་གྱི་ལས་དོན་ཇུས་གཞི》གཏན་འབེབས་བྱས་ལ་ལས་དོན་ཚན་ཆུང་བཙུགས། ལོ་རྒྱུས་ཀྱི་དོན་དག་དངོས་ལ་ཞུགས་མྱོང་མཁན་དང་དཔང་བོ་དག་ལ་འདྲི་བཅར་བརྒྱུད་ལོ་རྒྱུས་ཀྱི་དོན་དངོས་སྔར་བས་ར་སྤྲད། གསར་བརྗེའི་གཏམ་རྒྱུད་དང་ཡིག་ཚང་རྒྱུ་ཆ། གསར་བརྗེ་རིག་དངོས་སོགས་གསར་བརྗེ་རིག་གནས་ཐོན་ཁུངས་དུས་ཐོག་ཏུ་འཚོལ་སྡུད་བྱས། སྡོམ་པའི་དམར་དམག་ནུབ་ལམ་དམག་གི་ལོ་རྒྱུས་ཞིབ་འཇུག་ཆེད་རྩོམ་དང་འབྲེལ་ཡོད་ཀྱི་གཞུང་ལུགས38ཀྱི་དཔེ་ཆ121 རྩོམ་ཡིག2140གི་ཡིག་འབྲུ་ཁྲི720སྔོག་འདོན་བྱས། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་འགྲེམས་སྟོན་དངོས་རྫས141ཉོས་ཤིང་། རྟོག་ཞིབ་སྙན་ཞུ2དང་། ནུབ་ལམ་དམག་གི་མདོ་ལ་ཡི་གསར་བརྗེ་གཏམ་རྒྱུད30ལྷག་གསར་རྩོམ་བྱས། ཁོངས་ནང་གི་ནུབ་ལམ་དམག་གི་གསར་བརྗེ་སྔོན་ཤུལ་གནས5གཏན་འབེབས་བྱས་ཏེ་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལ་ཁུངས་ཚད་ཐུབ་དང་གནས་ངོ་མ་ཡོད་པར་གྱུར།“གསར་བརྗེ་སློབ་ཁྲིད”བཙུགས་ནས་རིག་གནས་ཀྱི“ནང་རྫོང”ལ་ཉམས་སུ་མྱངས། གསར་བརྗེ་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་གཙིགས་སུ་བཟུང་ཞིང་། “གསར་བརྗེ་སློབ་ཁྲིད”ཚད་གཞི་མཐོན་པས་བཙུགས། མདོ་ལ་རྫོང་གསར་བརྗེ་ཞིབ་སློབ་རྟེན་གཞི་དང《མདོ་ལ་ཡི་དམར་དམག་ནུབ་ལམ་དམག》དཔྱད་གཞི་ཕྱོགས་སྒྲིག 《མདོ་ལའི་བླ་སྲོག》གསར་བརྗེ་གར་སྟེགས་ཟློས་གར། 《མདོ་ལ་རིང་མོའི་གསར་བརྗེ་ཕྱིར་དྲན་གཏམ་རྒྱུད》སྣང་མཚོན་སློབ་ཁྲིད། གསར་བརྗེ་རིག་གནས་ཡུལ་སྐོར་ཚོང་གཉེར་དྲིལ་སྒྲོག་འོས་སྦྱོར་མནའ་འབྲེལ་གྱི“གནས་གཅིག་དཔེ་གཅིག་བྲོ་གཅིག་དང་། ཁྲིད་གཅིག་མནའ་འབྲེལ་གཅིག”གི་གསར་བརྗེ་ཞིབ་སློབ་མ་ལག་བསྐྲུན། དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་། སྟག་སྣ་འཐབ་ཤུལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་དུས་ཡུན་རིང་པོའི་ཚན་རིག་ཞིབ་འཇུག་རྟེན་གཞི་སོགས་གསར་བརྗེ་ཞིབ་སློབ་གནས20བཏོན། ཁྲ་གཟེབ་ལུང་བ་སྡེ་བའི་ལོ་རྒྱུས་ཁང་དང་ར་གདོང་བདག་དོམ་ས་ཚིགས་སོགས་ཏང་ཀྲི་པུའུ་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གནས5བསྐྲུན། སློབ་གསོ་དང་སློབ་སྦྱོང་། ཉམས་ལེན། འགྲེམས་སྟོན་བཅས་གཞི་གཅིག་གི“གསར་བརྗེ་སློབ་སྦྱོང་ཚོམས”བསྐྲུན་ཏེ་གསར་བརྗེ་ཐོན་ཁུངས་དེ་སློབ་ཁྲིད་སྟེང་ནས་གསོན་ཤུགས་རྒྱས།“གསར་བརྗེ་ལག་ལེན”རྒྱ་བསྐྱེད་དེ་སློབ་སྦྱོང་གི“སྤྲོ་བ”ཇེ་དྲག་ཏུ་བཏང་། “གསར་བརྗེ་ཐོན་ཁུངས་བེད་སྤྱོད་ལེགས་པོ་དང་གསར་བརྗེ་སྲོལ་རྒྱུན་དར་སྤེལ་བཟང་བོ། གསར་བརྗེ་གཞི་རྒྱུ་རྒྱུན་འཛིན་ལེགས་པོ”བྱེད་པའི་འདུ་ཤེས་མཐའ་འཁྱོངས་སྒོས། ཏང་གི་དར་ཆ་མཐོ་སྒྲེང་དང་ཏང་གི་འདུ་ཤེས་ཕྱིར་མཚོན། ཏང་གི་འགན་བབ་འཁུར་བ་གསུམ་པོ་གསར་བརྗེ་སློབ་གསོ་ཡི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས། “གསར་བརྗེའི་སློབ་ཁྲིད”དུ་བསྐྱོད་པ་དང“གསར་བརྗེའི་རྗེས་ཤུལ”འཚོལ་བ། “གསར་བརྗེའི་དཔེ་དེབ”ལ་བལྟས་ནས“གསར་བརྗེའི་རྟེན་གཞི”རུ་ཕྱིན་པ་སོགས་ལག་ལེན་བྱེད་སྒོ་ལ་བརྟེན་ཏང་གཤིས་སློབ་གསོ་ཡི་འགུག་ཤུགས་ཁྱབ་ཚད་ཇེ་དྲག་ཏུ་བཏང་། ཏང་ཡོན་ནུས་པའི་འདོན་སྤེལ་དེ་གསར་བརྗེ་སློབ་གསོའི་ཤུགས་འདོན་ས་དང་གཞི་འབབ་ས་རུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས། གསར་བརྗེ་རིག་གནས་ཐོན་ཁུངས་དང་གྲོང་གསེབ་དར་སྤེལ་སོགས་ལས་དོན་དང་ཟུང་འབྲེལ་སྒོས་གྲོང་གསེབ་ཀྱི་རིག་གནས་དང་སྐྱེ་ཁམས་རིག་གནས། དམངས་སྲོལ་རིག་གནས། གསར་བརྗེ་གཞི་རྒྱུ་བཅས་ཕྱོགས་གཅིག་ལ་ཤུགས་བཏོན་ནས་གསར་བརྗེ་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བ་དང་ལག་ལེན་དངོས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་རྒྱུ་དེ་ཏང་ཡོན་སློབ་གསོ་སྤེལ་བའི་འཇུ་བྱེད་གལ་ཆེན་དུ་འཛིན་པ་མཐའ་འཁྱོངས་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བརྒྱུད་ཁྱད་ཆོས་ལྡན་པའི་གསར་བརྗེ་སློབ་ཁྲིད་ཧུར་གྱིས་བཙུགས་ཤིང་། ཏང་ཡོན་སློབ་གསོའི་རྨང་གཞི་རྒྱུན་མཐུད་ཇེ་བརྟན་དུ་བཏང་ནས“གསར་བརྗེ་གཞི་རྒྱུ”ཏང་ཡོན་གྱི་ནང་སེམས་སུ་འཇགས།
“གསར་བརྗེ་ཐོན་ཁུངས”གཏིང་ཟབ་སྔོག་འདོན་བྱས་ཏེ་ལོ་རྒྱུས་ཀྱི“བྲོ་བ”སླར་ཡང་མངོན་པར་བྱས། རིམ་བགོས་འགན་ཁུར་དང་རིམ་བགོས་དོ་དམ་གྱི་བླང་བྱ་ལྟར“དམར་དམག་ནུབ་ལམ་དམག་གི་འཐབ་ཕྱོགས་མདོ་ལར་བསྒྱུར་བའི་ནང་དོན”འཛིན་བྱེད་དུ་བྱས་ནས། 《ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་མདོ་ལར་འགུལ་སྐྱོད་ཀྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་ལེགས་སྒྲིག་གཏིང་ཟབ་བྱེད་པའི་སྐོར་གྱི་ལས་དོན་ཇུས་གཞི》གཏན་འབེབས་བྱས་ལ་ལས་དོན་ཚན་ཆུང་བཙུགས། ལོ་རྒྱུས་ཀྱི་དོན་དག་དངོས་ལ་ཞུགས་མྱོང་མཁན་དང་དཔང་བོ་དག་ལ་འདྲི་བཅར་བརྒྱུད་ལོ་རྒྱུས་ཀྱི་དོན་དངོས་སྔར་བས་ར་སྤྲད། གསར་བརྗེའི་གཏམ་རྒྱུད་དང་ཡིག་ཚང་རྒྱུ་ཆ། གསར་བརྗེ་རིག་དངོས་སོགས་གསར་བརྗེ་རིག་གནས་ཐོན་ཁུངས་དུས་ཐོག་ཏུ་འཚོལ་སྡུད་བྱས། སྡོམ་པའི་དམར་དམག་ནུབ་ལམ་དམག་གི་ལོ་རྒྱུས་ཞིབ་འཇུག་ཆེད་རྩོམ་དང་འབྲེལ་ཡོད་ཀྱི་གཞུང་ལུགས38ཀྱི་དཔེ་ཆ121 རྩོམ་ཡིག2140གི་ཡིག་འབྲུ་ཁྲི720སྔོག་འདོན་བྱས། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་འགྲེམས་སྟོན་དངོས་རྫས141ཉོས་ཤིང་། རྟོག་ཞིབ་སྙན་ཞུ2དང་། ནུབ་ལམ་དམག་གི་མདོ་ལ་ཡི་གསར་བརྗེ་གཏམ་རྒྱུད30ལྷག་གསར་རྩོམ་བྱས། ཁོངས་ནང་གི་ནུབ་ལམ་དམག་གི་གསར་བརྗེ་སྔོན་ཤུལ་གནས5གཏན་འབེབས་བྱས་ཏེ་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལ་ཁུངས་ཚད་ཐུབ་དང་གནས་ངོ་མ་ཡོད་པར་གྱུར།
“གསར་བརྗེ་སློབ་ཁྲིད”བཙུགས་ནས་རིག་གནས་ཀྱི“ནང་རྫོང”ལ་ཉམས་སུ་མྱངས། གསར་བརྗེ་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་གཙིགས་སུ་བཟུང་ཞིང་། “གསར་བརྗེ་སློབ་ཁྲིད”ཚད་གཞི་མཐོན་པས་བཙུགས། མདོ་ལ་རྫོང་གསར་བརྗེ་ཞིབ་སློབ་རྟེན་གཞི་དང《མདོ་ལ་ཡི་དམར་དམག་ནུབ་ལམ་དམག》དཔྱད་གཞི་ཕྱོགས་སྒྲིག 《མདོ་ལའི་བླ་སྲོག》གསར་བརྗེ་གར་སྟེགས་ཟློས་གར། 《མདོ་ལ་རིང་མོའི་གསར་བརྗེ་ཕྱིར་དྲན་གཏམ་རྒྱུད》སྣང་མཚོན་སློབ་ཁྲིད། གསར་བརྗེ་རིག་གནས་ཡུལ་སྐོར་ཚོང་གཉེར་དྲིལ་སྒྲོག་འོས་སྦྱོར་མནའ་འབྲེལ་གྱི“གནས་གཅིག་དཔེ་གཅིག་བྲོ་གཅིག་དང་། ཁྲིད་གཅིག་མནའ་འབྲེལ་གཅིག”གི་གསར་བརྗེ་ཞིབ་སློབ་མ་ལག་བསྐྲུན། དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་། སྟག་སྣ་འཐབ་ཤུལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་དུས་ཡུན་རིང་པོའི་ཚན་རིག་ཞིབ་འཇུག་རྟེན་གཞི་སོགས་གསར་བརྗེ་ཞིབ་སློབ་གནས20བཏོན། ཁྲ་གཟེབ་ལུང་བ་སྡེ་བའི་ལོ་རྒྱུས་ཁང་དང་ར་གདོང་བདག་དོམ་ས་ཚིགས་སོགས་ཏང་ཀྲི་པུའུ་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གནས5བསྐྲུན། སློབ་གསོ་དང་སློབ་སྦྱོང་། ཉམས་ལེན། འགྲེམས་སྟོན་བཅས་གཞི་གཅིག་གི“གསར་བརྗེ་སློབ་སྦྱོང་ཚོམས”བསྐྲུན་ཏེ་གསར་བརྗེ་ཐོན་ཁུངས་དེ་སློབ་ཁྲིད་སྟེང་ནས་གསོན་ཤུགས་རྒྱས།
“གསར་བརྗེ་ལག་ལེན”རྒྱ་བསྐྱེད་དེ་སློབ་སྦྱོང་གི“སྤྲོ་བ”ཇེ་དྲག་ཏུ་བཏང་། “གསར་བརྗེ་ཐོན་ཁུངས་བེད་སྤྱོད་ལེགས་པོ་དང་གསར་བརྗེ་སྲོལ་རྒྱུན་དར་སྤེལ་བཟང་བོ། གསར་བརྗེ་གཞི་རྒྱུ་རྒྱུན་འཛིན་ལེགས་པོ”བྱེད་པའི་འདུ་ཤེས་མཐའ་འཁྱོངས་སྒོས། ཏང་གི་དར་ཆ་མཐོ་སྒྲེང་དང་ཏང་གི་འདུ་ཤེས་ཕྱིར་མཚོན། ཏང་གི་འགན་བབ་འཁུར་བ་གསུམ་པོ་གསར་བརྗེ་སློབ་གསོ་ཡི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས། “གསར་བརྗེའི་སློབ་ཁྲིད”དུ་བསྐྱོད་པ་དང“གསར་བརྗེའི་རྗེས་ཤུལ”འཚོལ་བ། “གསར་བརྗེའི་དཔེ་དེབ”ལ་བལྟས་ནས“གསར་བརྗེའི་རྟེན་གཞི”རུ་ཕྱིན་པ་སོགས་ལག་ལེན་བྱེད་སྒོ་ལ་བརྟེན་ཏང་གཤིས་སློབ་གསོ་ཡི་འགུག་ཤུགས་ཁྱབ་ཚད་ཇེ་དྲག་ཏུ་བཏང་། ཏང་ཡོན་ནུས་པའི་འདོན་སྤེལ་དེ་གསར་བརྗེ་སློབ་གསོའི་ཤུགས་འདོན་ས་དང་གཞི་འབབ་ས་རུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས། གསར་བརྗེ་རིག་གནས་ཐོན་ཁུངས་དང་གྲོང་གསེབ་དར་སྤེལ་སོགས་ལས་དོན་དང་ཟུང་འབྲེལ་སྒོས་གྲོང་གསེབ་ཀྱི་རིག་གནས་དང་སྐྱེ་ཁམས་རིག་གནས། དམངས་སྲོལ་རིག་གནས། གསར་བརྗེ་གཞི་རྒྱུ་བཅས་ཕྱོགས་གཅིག་ལ་ཤུགས་བཏོན་ནས་གསར་བརྗེ་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བ་དང་ལག་ལེན་དངོས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注