མདོ་ལ་རྫོང་གིས་མི་ལྟེ་བར་འཛིན་པའི་གསར་དར་མཁར་གྲོང་ཅན་ལ་སྐུལ་འདེད་བཏང་།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་གསར་དར་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས། སྐྱེ་ཁམས་སྔོན་ཐོན་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་བཟུང་ཞིང་། བར་སྟོང་བཀོད་སྒྲིག་ལེགས་སྒྱུར། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་བརྒྱུད་བདེ་སྡོད་ལས་བརྩོན་གྱི་མཁར་གྲོང་གསར་བ་ཧུར་གྱིས་བསྐྲུན། འཆར་འགོད་བཀོད་སྒྲིག་རྒྱུན་མཐུད་ཇེ་ལེགས་སུ་བཏང་། རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ལ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་། རྫོང་ཁོངས་ཀྱི་མཁར་གྲོང་གསར་སྤེལ་མཐའ་ཚད་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ8.62ལ་ཐོན་ཡོད། ཡུལ་གྲོང་འཆར་འགོད2དང་སྡེ་བའི་འཆར་འགོད31བཟོས་ནས་ལེགས་འགྲུབ་བྱུང་སྟེ་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་འཆར་འགོད་མ་ལག་མགྱོགས་མྱུར་གྱིས་བསྐྲུན།གྲོང་ཁྱེར་བྱེད་ནུས་རྒྱུན་མཐུད་ཇེ་ལེགས་སུ་བཏང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས21ལ་མ་དངུལ་སྒོར་དུང་ཕྱུར3.39བཏང་། མི་དམངས་ཟམ་པ་བཙུགས་ནས་རླངས་འཁོར་ཤར་བགྲོད་བྱས་ཤིང་མི་བགྲོད་མཁའ་ཟམ1བཙུགས། གྲོང་སྲིད་བགྲོད་ལམ་སྤྱི་ལེ4.8དང་གཞིས་ཁུལ་རྙིང་བ11ལེགས་སྒྱུར་བཏང་། སྟོང་སོ་ཆུ་བོའི་བཙོག་ཆུའི་སྦུག་དྲ་དང་བཙུན་མོ་གཞོང་འཕྲེད་ལམ་སོགས་ལམ་དུམ་གྱི་ཆར་ཆུའི་སྦུག་དྲ། བརྒྱད་གཅིག་ལམ་སོགས་ཀྱི་ཕྱོགས་བསྡུས་སྦུག་ལམ་ལས་གྲྭ། ལྷོ་སྐོར་ལམ་གྱི་བཙོག་འབུད་འབྲུབ་འགོག་སོགས་རྣམ་གྲངས་བསྐྲུན་ནས་སྤྱོད་མགོ་ཚུགས་ཤིང་། རྫོང་ཁོངས་ཀྱི་ཆར་ཆུ་དང་བཙོག་ཆུའི་བགོ་བཞུར་ཚད70%ལ་སླེབས་ཤིང་འཚོ་བའི་བཙོག་ཆུའི་སྡུད་རུབ་ཚད90.7%ལ་ཐོན་ཡོད།གྲོང་ཞང་རྣམ་པ་རྒྱུན་མཐུད་ཇེ་ལེགས་སུ་བཏང་། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་ལས་དོན་ཏན་ཏིག་གིས་སྤེལ། ལམ་དཔོན་དང་སྲང་དཔོན། ཐོག་ཁང་དཔོན་གྱི་རིམ་གསུམ་མཉམ་འགུལ་བཅོས་སྐྱོང་མ་ལག་རིམ་གྱིས་བཙུགས། རྫོང་མཁར་གྱི་ཁོར་ཡུག་འཕྲོད་བསྟེན་ཞིབ་ཚགས་ཅན་གྱི་དོ་དམ་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་། ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གྲོང་ཞང་ཁོར་སྲུང་གཞི་གཅིག་ཅན་ལ་ཕན་འབྲས་མངོན། གད་སྙིགས་གཙང་འདྲེན་ཚད་དང་གནོད་མེད་ཅན་གྱི་ཐག་གཅོད་ཚད་གཉིས་ཀ98%ཡན་ན་ཡོད། ཞིང་སྡེའི་རང་སྐྲུན་ཁང་པའི་གྲལ་བཤེར་བཅོས་སྒྲིག་ལ་རྒྱུན་མཐུད་ཤུགས་བསྣན་ནས་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ37དང་། གཉེར་སྐྱོང་མ་ཡིན་པའི་རང་སྐྲུན་ཁང་པ20ཡོངས་སུ་བཅོས་སྒྲིག་ལེགས་འགྲུབ་བྱུང་།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་གསར་དར་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས། སྐྱེ་ཁམས་སྔོན་ཐོན་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་བཟུང་ཞིང་། བར་སྟོང་བཀོད་སྒྲིག་ལེགས་སྒྱུར། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་བརྒྱུད་བདེ་སྡོད་ལས་བརྩོན་གྱི་མཁར་གྲོང་གསར་བ་ཧུར་གྱིས་བསྐྲུན།
འཆར་འགོད་བཀོད་སྒྲིག་རྒྱུན་མཐུད་ཇེ་ལེགས་སུ་བཏང་། རྫོང་རིམ་པའི་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ལ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་ཅིང་། རྫོང་ཁོངས་ཀྱི་མཁར་གྲོང་གསར་སྤེལ་མཐའ་ཚད་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ8.62ལ་ཐོན་ཡོད། ཡུལ་གྲོང་འཆར་འགོད2དང་སྡེ་བའི་འཆར་འགོད31བཟོས་ནས་ལེགས་འགྲུབ་བྱུང་སྟེ་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་འཆར་འགོད་མ་ལག་མགྱོགས་མྱུར་གྱིས་བསྐྲུན།
གྲོང་ཁྱེར་བྱེད་ནུས་རྒྱུན་མཐུད་ཇེ་ལེགས་སུ་བཏང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས21ལ་མ་དངུལ་སྒོར་དུང་ཕྱུར3.39བཏང་། མི་དམངས་ཟམ་པ་བཙུགས་ནས་རླངས་འཁོར་ཤར་བགྲོད་བྱས་ཤིང་མི་བགྲོད་མཁའ་ཟམ1བཙུགས། གྲོང་སྲིད་བགྲོད་ལམ་སྤྱི་ལེ4.8དང་གཞིས་ཁུལ་རྙིང་བ11ལེགས་སྒྱུར་བཏང་། སྟོང་སོ་ཆུ་བོའི་བཙོག་ཆུའི་སྦུག་དྲ་དང་བཙུན་མོ་གཞོང་འཕྲེད་ལམ་སོགས་ལམ་དུམ་གྱི་ཆར་ཆུའི་སྦུག་དྲ། བརྒྱད་གཅིག་ལམ་སོགས་ཀྱི་ཕྱོགས་བསྡུས་སྦུག་ལམ་ལས་གྲྭ། ལྷོ་སྐོར་ལམ་གྱི་བཙོག་འབུད་འབྲུབ་འགོག་སོགས་རྣམ་གྲངས་བསྐྲུན་ནས་སྤྱོད་མགོ་ཚུགས་ཤིང་། རྫོང་ཁོངས་ཀྱི་ཆར་ཆུ་དང་བཙོག་ཆུའི་བགོ་བཞུར་ཚད70%ལ་སླེབས་ཤིང་འཚོ་བའི་བཙོག་ཆུའི་སྡུད་རུབ་ཚད90.7%ལ་ཐོན་ཡོད།
གྲོང་ཞང་རྣམ་པ་རྒྱུན་མཐུད་ཇེ་ལེགས་སུ་བཏང་། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་ལས་དོན་ཏན་ཏིག་གིས་སྤེལ། ལམ་དཔོན་དང་སྲང་དཔོན། ཐོག་ཁང་དཔོན་གྱི་རིམ་གསུམ་མཉམ་འགུལ་བཅོས་སྐྱོང་མ་ལག་རིམ་གྱིས་བཙུགས། རྫོང་མཁར་གྱི་ཁོར་ཡུག་འཕྲོད་བསྟེན་ཞིབ་ཚགས་ཅན་གྱི་དོ་དམ་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་། ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གྲོང་ཞང་ཁོར་སྲུང་གཞི་གཅིག་ཅན་ལ་ཕན་འབྲས་མངོན། གད་སྙིགས་གཙང་འདྲེན་ཚད་དང་གནོད་མེད་ཅན་གྱི་ཐག་གཅོད་ཚད་གཉིས་ཀ98%ཡན་ན་ཡོད། ཞིང་སྡེའི་རང་སྐྲུན་ཁང་པའི་གྲལ་བཤེར་བཅོས་སྒྲིག་ལ་རྒྱུན་མཐུད་ཤུགས་བསྣན་ནས་གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ37དང་། གཉེར་སྐྱོང་མ་ཡིན་པའི་རང་སྐྲུན་ཁང་པ20ཡོངས་སུ་བཅོས་སྒྲིག་ལེགས་འགྲུབ་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注