མཚོ་བྱང་གི་ལོ་སར་བཅོ་ལྔའི་དུས་ཆེན་གྱི་རིག་གནས་འགྲེམས་འཁྲབ་བྱེད་སྒོའི་སྔོན་བརྡ།
ལོ་སར་དང་ལོ་སར་བཅོ་ལྔའི་དུས་ཆེན་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྲོལ་རྒྱུན་རྒྱུས་ལོན་དང་སྲོལ་རྒྱུན་བརྩི་འཇོག སྲོལ་རྒྱུན་རྒྱུན་འཛིན་དང་སྲོལ་རྒྱུན་དར་སྤེལ་བཅས་ཀྱི་བསམ་བློའི་འདུ་ཤེས་གསོ་སྐྱོང་དང་འཛུགས་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཅས་བྱས་ཏེ་སྤྲོ་སྣང་དང་ཞི་བདེ། བདེ་འཇགས། བདེ་ཐང་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་ཧུར་ཐག་སྒོས་གཏོད་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། 2025ལོའི་ཟླ2པའི་ཚེས12ཉིན(གཟའ་ལྷག་པ། ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ)ལོ་སར་བཅོ་ལྔའི་དུས་ཆེན་གྱི་རིག་གནས་འགྲེམས་འཁྲབ་བྱེད་སྒོ་སྤེལ་རྒྱུའི་གཏན་འཁེལ་བྱས་ཡོད་ལ། བྱེད་སྒོ་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། གཤམ་གསལ་གྱི་ཇུས་གཞི་དམིགས་སུ་བཀར་ནས་བཟོས་པ་སྟེ།
དང་པོ། བྱེད་སྒོའི་བརྗོད་དོན།
གསེར་སྦྲུལ་གར་སྟབས་བསྒྱུར་བའི་མཆོད་སྤྲིན་བཞིན། དག་སྣང་མཚོ་བྱང་རྣམ་པ་གསར་བ་ངོམས།
གཉིས་པ། རྩ་འཛུགས་ལས་ཁུངས།
གཙོ་སྒྲུབ་ལས་ཁུངས།
མདའ་བཞི་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས།
འགན་སྒྲུབ་ལས་ཁུངས།
མདའ་བཞི་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས།
རོགས་སྒྲུབ་ལས་ཁུངས།
ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། འཇུ་ལག་རྫོང་མི་དམངས་སྲིད་གཞུང་། མདོ་ལ་རྫོང་མི་དམངས་སྲིད་གཞུང་། རྐང་ཚ་རྫོང་མི་དམངས་སྲིད་གཞུང་། ཁུལ་སྤྱི་བདེ་ཅུས། ཁུལ་ནོར་སྲིད་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག
གསུམ་པ། ས་གནས་དང་དུས་ཚོད། བྱེད་སྒོར་ཞུགས་པའི་མི་སྣ།
གཅིག བྱེད་སྒོའི་དུས་ཚོད།
2025ལོའི་ཟླ2པའི་ཚེས12ཉིན(གཟའ་ལྷག་པ། ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ)གྱི་སྔ་དྲོའི་ཆུ་ཚོད11:00ནས13:00བར།
གཉིས། བྱེད་སྒོ་སྤེལ་ཡུལ།
ནུབ་མཚོ་ལུས་རྩལ་ར་བ།
གསུམ། བྱེད་སྒོར་ཞུགས་པའི་མི་སྣ།
ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་སྡེ་ཁག་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ་ཡོངས། མདའ་བཞི་རྫོང་གི་ལས་བྱེད་པ་དང་ལས་བཟོ་བ། དེ་བཞིན་མང་ཚོགས་བཅས་ཡིན།
བཞི་པ། བྱེད་སྒོའི་གོ་རིམ།
གཅིག རུ་ཁག་ཚང་མ་མཉམ་འཛོམས།
འགྲེམས་འཁྲབ་རུ་ཁག་ཚང་མ་ཟླ2པའི་ཚེས12ཉིན་གྱི (གཟའ་ལྷག་པ། ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ)སྔ་དྲོའི་ཆུ་ཚོད8དང་སྐར་མ30སྟེང་ནུབ་མཚོ་ལུས་རྩལ་ར་བའི་མདའ་འཕེན་ར་བ(ལུས་རྩལ་སྲང་ལམ)དུ་འཛོམས་ནས་གོ་རིམ་ལྟར་གྲལ་བསྒྲིགས་པ་དང་། འགྲེམས་འཁྲབ་རུ་ཁག་སོ་སོའི་འགན་འཁུར་བས་རུ་ཁག་སྒྲིག་འཛུགས་བྱས་ཏེ་སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་ལུས་རྩལ་ར་བའི་ནང་དུ་འབྱོར་ནས་གོ་རིམ་ལྟར་བསྒྲིགས་པ། ཆུ་ཚོད11ཐོག་དངོས་སུ་འགྲེམས་འཁྲབ་བྱེད་མགོ་རྩོམ་པ།
གཉིས། སྟ་གོན་འཁྲབ་སྟོན།
སྔ་དྲོའི་ཆུ་ཚོད10དང་སྐར་མ50སྟེང་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མི30ཡི་རྔམ་ཟིལ་རྔ་རྡུང་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཀྲུའུ་ཞི་སྟེགས་བུའི་མདུན་དུ་སྟ་གོན་འཁྲབ་སྟོན་བྱེད་པ། འཁྲབ་སྟོན་མི་སྣ་ཚང་མས་ནང་སྦྱོང་བྱ་བ་སྔ་མོ་ནས་ཡག་པོ་བསྒྲུབ་སྟེ་འཁྲབ་སྟོན་གྱོན་ཆས་གཅིག་གྱུར་ཡོང་བ་བྱེད་དགོས།
གསུམ། འགྲེམས་འཁྲབ་གོ་རིམ།
ནུབ་མཚོ་ལུས་རྩལ་ར་བའི་ཕྱི་སྐོར(རྟ་རྒྱུག་ལམ)དང་ནང་སྐོར(འགྱིག་བཟོས་རྒྱུག་ལམ)ནས་འཁྲབ་སྟོན་བྱེད་པ།
1. ཕྱི་སྐོར(རྟ་རྒྱུག་ལམ)གྱི་འགྲེམས་འཁྲབ་གོ་རིམ།
ཁུལ་སྤྱི་བདེ་ཁོངས་གཏོགས་ཀྱི་སྐྱ་དམག་རུ་ཁག་གི་མི10——མདའ་བཞི་རྫོང་སྐྱ་མི་རུ་ཁག་གི་མི50(དེའི་ནང་སྐྱ་མི20ཡི་ཁྲབ་རྨོག་གྱོན་པ་དང་། ཁྲབ་རྨོག་ཁུལ་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་མཁོ་འདོན་བྱེད་དགོས། མི་རིགས་ཀྱི་སྐྱ་མི30ཡིས་ལག་ཏུ་རྒྱལ་དར་འཁྱེར་ནས་གཅིག་གྱུར་གྱིས་མི་རིགས་ཀྱི་གྱོན་ཆས་གྱོན་པ། རྒྱལ་དར་མདའ་བཞི་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཁོ་འདོན་བྱེད་དགོས།)——ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱི་རྟ་ཐང་ཐོ་རུའི་རུ་ཁག(རྟ25)——ཁུལ་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་གླིང་གི་རྔ་མོང་རུ་ཁག(རྔ་མོང4)——ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱི་ནོར་དཀར་རུ་ཁག(ནོར60)——ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱི་བོད་ལུག་མཚེ་རྒྱུད་རུ་ཁག(ལུག300)
2. ནང་སྐོར(འགྱིག་བཟོས་རྒྱུག་ལམ)གྱི་འགྲེམས་འཁྲབ་གོ་རིམ།
མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་རྒྱ་འཆམ་རུ་ཁག——མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་གྱི་འཁྲབ་སྟོན་རུ་ཁག(མི60)——ཁུལ་མདའ་འཕེན་མཐུན་ཚོགས་ཀྱི་མདའ་བའི་རུ་ཁག(མི30)——རྐང་ཚ་རྫོང་མདའ་འཕེན་འགྲེམས་འཁྲབ་རུ་ཁག(མི20)——མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་འཁྲབ་སྟོན་རུ་ཁག(མི60)——འཇུ་ལག་རྫོང་མཛའ་གཞས་འཁྲབ་སྟོན་རུ་ཁག(མི20)——མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་འཁྲབ་སྟོན་རུ་ཁག(མི60)——ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཁོངས་གཏོགས་ཀྱི་འཁྲབ་སྟོན་རུ་ཁག(མི30)——མདོ་ལ་རྫོང་སྒོ་མེ་རྩེད་རིག་འཁྲབ་སྟོན་རུ་ཁག(མི20)——ཁུལ་མི་རིགས་གླུ་གར་ཚོགས་པའི་ལྷ་རྩེད་འཁྲབ་སྟོན་རུ་ཁག(མི16)——མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་འཁྲབ་སྟོན་རུ་ཁག(མི60)——མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོའི་འཁྲབ་སྟོན་རུ་ཁག(མི60)——གསེར་དངུལ་ཐང་རྡུལ་ཕྲན་མཁར་སྤྱི་གཉེར་ཁང་གི་ལྕགས་རྟ་རུ་ཁག(མི30)བཞི། སྲིད་དོན་བྱེད་སྒོ།
འགྲེམས་འཁྲབ་བྱེད་སྒོ་སྤེལ་རྗེས་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་ནས་བྱེད་སྒོ་མགོ་བརྩམ་པ་ཁྱབ་བསྒྲགས་བྱ་རྒྱུ།
ལྔ། རྒྱ་འཆམ་རུ་ཁག་གི་ལོ་སར་འཚམས་འདྲིའི་བྱེད་སྒོ།“ཏིན་ཀོན་སྐུ་ངོ”དང་འབྲུག་སེང་ཞབས་བྲོའི་རུ་ཁག “དྲང་སྲོང་ཆེན་པོ་བརྒྱད”སོགས་རྒྱ་འཆམ་འཐུས་མིའི་རུ་ཁག་གིས་ཀྲུའུ་ཞིའི་སྟེགས་བུའི་མདུན་དུ་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་ལ་ལོ་སར་གྱི་འཚམས་འདྲི་གནང་པ།དྲུག འཚམས་འདྲིའི་བྱེད་སྒོ།ཁུལ་དམངས་སྲིད་ཅུས་དང་ཁུལ་སློབ་གསོ་ཅུས་ཀྱིས་ལོ་ལོན་དང་ཕུལ་བྱུང་སློབ་ཆེན་སློབ་མ་སྒྲིག་འཛུགས་བྱས་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུ།1.ཁུལ་དམངས་སྲིད་ཅུས་ཀྱིས་ནུབ་མཚོ་གྲོང་རྡལ་གྱི་ལོ75ཡན་གྱི་ལོ་ལོན་སྒྲིག་འཛུགས་བྱས་ནས་བྱེད་སྒོར་ཞུགས་པ་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཚམས་འདྲི་གནང་རྒྱུ།2.ཁུལ་སློབ་གསོ་ཅུས་ཀྱིས་མཚོ་བྱང་ནས་ཡིན་པའི་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་ཀྱི་སློབ་གྲྭ་ཆེན་མོའི་སློབ་མ་བྱེད་སྒོར་ཞུགས་རྒྱུའི་སྒྲིག་འཛུགས་བྱེད་པ་དང་འབྲེལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཚམས་འདྲི་གནང་རྒྱུ།
བདུན། རིག་རྩལ་འཁྲབ་སྟོན།སྔ་དྲོའི་ཆུ་ཚོད12:20ཐོག་ཁུལ་མི་རིགས་གླུ་གར་ཚོགས་པས་བརྗོད་དོན་གླུ་དབྱངས་དང་ཞབས་བྲོ། ཡུལ་ལྗོངས་གླུ་གར་སོགས་རིག་རྩལ་འཁྲབ་སྟོན་བྱ་རྒྱུ།1.མགོ་རྩོམ་གླུ་གར།《སྦྲུལ་ལོའི་ལོ་གཡང་།》2.འཇུ་ལག་རྫོང་གི་མཛའ་གཞས་མཐུད་ལེན།(ཞབས་བྲོའི་རམ་འདེགས)3.ལྷ་རྩེད་འཁྲབ་སྟོན། 《རྒྱང་རིང་གི་རྔ་སྒྲ》4.རྐང་ཚའི་གཟུགས་འདས་ཤུལ་བཞག་རིག་གནས་འཁྲབ་སྟོན།《ལོ་སར་གྱི་སྨོན་འདུན》4.མཇུག་བསྡུའི་གླུ་གར།《བཀྲ་ཤིས་བདེ་ལེགས།》
བརྒྱད། རྒྱ་འཆམ་འགྲེམས་འཁྲབ།
སྔ་དྲོའི་ཆུ་ཚོད12:40སྟེང་མདའ་བཞི་རྫོང་རྒྱ་འཆམ་རུ་ཁག་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཁྲབ་སྟོན་རུ་ཁག་གིས་འགྲེམས་འཁྲབ་བྱ་རྒྱུ།
1.གསེར་ཐང་ཡུལ་ཚོའི་རྒྱ་འཆམ་འགྲེམས་འཁྲབ།2.མཁར་ཟུར་གསུམ་གྲོང་རྡལ་དབྱང་ཀོང་ཞབས་བྲོ། 《སྣ་མང་ཀྲུང་གོའི་སྲོལ་རྒྱུན》3.ནུབ་མཚོ་གྲོང་རྡལ་གྱི་ཞབས་བྲོ། 《ང་ཚོའི་ཐུན་མོང་གི་ཁྱིམ་གཞིས》4.ཝ་མགྱོགས་ཡུལ་ཚོའི་རྒྱན་གོས་འཁྲབ་སྟོན། 5.དཔལ་སྦྱིན་ཡུལ་ཚོའི་རྒྱན་གོས་འཁྲབ་སྟོན།6.མཚོ་སྔོན་པོ་ཡུལ་ཚོའི་ཞབས་བྲོ། 《བཀྲ་ཤིས་སྤྲོ་གླུ》དགུ། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་སྒོ།1.བྱེད་སྒོའི་དུས་ཚོད། ཟླ2པའི་ཚེས12ཉིན། (ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན།)2.བྱེད་སྒོ་སྤེལ་ཡུལ། ནུབ་མཚོ་ལུས་རྩལ་ར་བའི་མདའ་འཕེན་ར་བ།3.བྱེད་སྒོའི་ནང་དོན། མཚོ་བྱང་ཁུལ་ཞིང་ཕྱུགས་ཁེ་ལས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས། ཤུལ་བཞག་རིག་གནས་ཐོན་རྫས། རིག་གནས་གསར་གཏོད་ཐོན་རྫས། ཟས་མཆོག་ཐོན་རྫས་སོགས་འབྲེལ་ཡོད་ཁེ་ལས་སྒྲིག་འཛུགས་བྱས་ཏེ་འགྲེམས་སྟོན་འགྲེམས་ཚོང་ངོ་སྤྲོད་བྱེད་སྒོ་སྤེལ་ནས་བྱེད་སྒོ་ཡུལ་དངོས་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་བྱ་དགོས།བཅུ། 2025ལོའི་ལོ་སར་བཅོ་ལྔའི་དུས་ཆེན་གྱི་མདའ་འཕེན་འགྲན་སྡུར་བྱེད་སྒོ།1.བྱེད་སྒོའི་དུས་ཚོད། ཟླ2པའི་ཚེས12ཉིན།(ལུགས་རྙིང་གི་ཟླ་དང་པོའི་ཟླ་བཅོ་ལྔ)ཕྱི་དྲོའི་ཆུ་ཚོད15:00ཡིན།2.བྱེད་སྒོ་སྤེལ་ཡུལ། ནུབ་མཚོ་ལུས་རྩལ་ར་བའི་མདའ་འཕེན་ར་བ།3.བྱེད་སྒོའི་ནང་དོན། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་དང་ཁུལ་མདའ་འཕེན་མཐུན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་མདའ་འཕེན་ལུས་རྩལ་པ་གདན་དྲངས་ནས་འགྲན་རྩོད་དྲག་པོ་བྱས་ཏེ། “མདའ”ལ་བརྟེན་ནས་གྲོགས་པོ་སྒྲིག་པ་དང“མདའ”ལ་བརྟེན་ནས་ལུས་པོ་བདེ་ཐང་དུ་བཏང་སྟེ་རྒྱ་ཆེའི་མང་ཚོགས་དང་མདའ་འཕེན་ལ་དགའ་མཁན་ཚོར་ངོ་མཚར་ཆེ་བའི་མདའ་འཕེན་འགྲན་སྡུར་གཟབ་རྒྱས་ཤིག་བྱ་རྒྱུ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注