ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་གིས་རྒྱལ་སྲུང་འགྲོ་སོང་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས11ཉིན་ཧྥ་རན་སིའི་སི་ཐི་ལཱ་སི་པའོ་ནས་བསྡུས་པའི་ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་རྒྱལ་སྲུང་འགྲོ་སོང་ལྡབ་འགྱུར་གྱིས་ཇེ་མང་དུ་བཏང་སྟེ། ཨ་མེ་རི་ཁ་དང་ཨུ་རུ་སིར་བཅངས་པའི་རེ་བ་བསྐྱུར་རྒྱུ་ཡིན་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། འཇམ་འཐབ་མཇུག་སྒྲིལ་རྗེས། མི་ལ་ལས་ཨུ་རུ་སི་ཡོ་རོབ་གླིང་གི་དཔལ་འབྱོར་དང་བདེ་འཇགས་སྒྲོམ་གཞིའི་ནང་འདྲེས་ཐུབ་པར་འདོད་པ་དང་། མི་གཞན་པས་བལྟས་ན་ང་ཚོས་དུས་ནམ་ཡང་ཨ་མེ་རི་ཁའི་ཕྱོགས་ཡོངས་སྲུང་སྐྱོབ་ལ་བརྟེན་པར་རེ་བཞིན་ཡོད། སྟོང་བསམ་དེ་འདྲ་བཅངས་པའི་དུས་རབས་མཇུག་སྒྲིལ་བ་དང་། ཡོ་རོབ་གླིང་གིས་རང་ཉིད་ཀྱི་རྒྱལ་སྲུང་ཐད་འགན་འཁྲི་སྔར་ལས་མང་བོ་ཁུར་དགོས་ཟེར།
ཁོ་མོས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་གིས་རྒྱལ་སྲུང་འགྲོ་སོང་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་བར་དལ་འགོར་བྱེད་མི་རུང་བ་དང་། དེ་ནི་རིམ་བཞིན་འཕེལ་བའི་བརྒྱུད་རིམ་ཞིག་མ་ཡིན་པར། དཀའ་ཁག་གདོང་གིས་བསུ་བའི་བློ་སྤོབས་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注