སོ་ཏི་ཨ་རབ་ཀྱིས་ཕྱོགས་ཁག་སོ་སོས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།

སོ་ཏི་ཨ་རབ་དང་ཝུའུ་ཁི་ལན་གྱིས་ཚེས11ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་ཀྱིས་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་བར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།

སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས10ཉིན་སོ་ཏི་ཨ་རབ་ནུབ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཅི་ཏཱ་རུ་འཚམས་འདྲི་བྱས་པར་མ་ཟད། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས།

མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རང་རང་གིས་ཝུའུ་ཁི་ལན་གྱི་ཡུན་རིང་དང་དྲང་བདེན། ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་བསྒྲུབ་པའི་བྱ་བར་ཕྱིར་དྲན་བྱས། སོ་ཏི་ཨ་རབ་ཕྱོགས་ཀྱིས་བསྟན་དོན། བྱ་བ་དེ་དག་གིས་ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་ཐུབ་པར་རེ་བཞིན་ཡོད་པར་མ་ཟད། ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བརྩི་སྲུང་བྱེད་དགོས་པ་ནན་བཤད་བྱས་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་རྒྱལ་སྤྱིས་ཡོངས་ཁྱབ་ཏུ་ཁས་ལེན་བྱེད་པའི་རྒྱལ་མཚམས་སོགས་ཀྱི་རྩ་དོན་འདུས་ཡོད།

ཝུའུ་ཁི་ལན་ཕྱོགས་ཀྱིས་གསལ་སྒྲོག་ནང་སོ་ཏི་ཨ་རབ་ཀྱིས་བསྒྲུབས་པའི་བྱ་བར་གཟེངས་བསྟོད་བྱས་པ་དང་། སོ་ཏི་ཨ་རབ་ཀྱིས་ཝུའུ་ཁི་ལན་ལ་མི་ཆོས་རིང་ལུགས་དང་འཕེལ་རྒྱས་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ནུས་ཁུངས་དང་ཟས་རིགས་བཟོ་ལས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་དང་དངུལ་གཏོང་རྒྱ་བསྐྱེད་པར་གྲོས་འཆམ་བྱུང་ཟེར།

སོ་ཏི་ཨ་རབ་ཀྱི་ཕྱོགས་གཉིས་བྱ་འགུལ་མཇུག་སྒྲིལ་རྗེས། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས11ཉིན་ནས་བཟུང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་ཅི་ཏཱ་ནས་གྲོས་མོལ་བྱེད་མགོ་བརྩམས། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་སོ་ཏི་ཨ་རབ་ཀྱི་རྒྱལ་སྲིད་བློན་ཆེན་ནམ་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་ཨེ་པན་ཡང་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号