དབྱི་སི་རལ་གྱི་ཙུང་ལི་ཡིས་རྒྱལ་མཚམས་ཀྱི་གནད་དོན་ཐད་ནས་ལེ་པཱ་ནུན་བར་གྲོས་མོལ་བྱས་པའི་ཚུལ་བསྟན།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས11ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་འཐུས་མིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནཱ་ཀུའུ་ལཱ་ནས་ཨ་མེ་རི་ཁ་དང་ཧྥ་རན་སི། ལེ་པཱ་ནུན་བཅས་ཀྱི་འཐུས་མི་དང་མཉམ་དུ་དབྱི་སི་རལ་དང་ལེ་པཱ་ནུན་གྱི་གནས་སྐབས་རྒྱལ་མཚམས་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། གྲོས་མོལ་ལས་མཉམ་འབྲེལ་བྱ་བའི་ཚན་ཆུང་གསུམ་འཛུགས་རྒྱུ་ཐག་བཅད་པ་དང་། དམིགས་ཡུལ་ནི་ས་ཁུལ་དེའི་གནས་བབ་གཏན་འཇགས་གཏོང་བའི་ཆེད་ཡིན། བྱ་བའི་ཚན་ཆུང་གིས་གཙོ་བོ་གནད་དོན་གསུམ་ལ་དོ་སྣང་བྱེད་རྒྱུ་ཡིན་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཚོད་འཛིན་བྱེད་པའི་གནས་ཡུལ་ལྔ་དང་། གནས་སྐབས་རྒྱལ་མཚམས་དང་རྩོད་གཞིར་གྱུར་བའི་ས་གནས་གཞན་པའི་གནད་དོན། དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་ལེ་པཱ་ནུན་གྱི་མི་སྣ་བཅས་ཡིན་ཟེར།
གསལ་སྒྲོག་ལས་ད་རུང་ཨ་མེ་རི་ཁའི་ཕྱོགས་བར་མཐུན་སྦྱོར་བྱས་རྗེས། དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་ལེ་པཱ་ནུན་གྱི་མི་ལྔ་ཕྱིར་གཏོང་བར་འཐད་པ་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注