མཚོ་བྱང་ཁུལ་གྱི་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན།
གསར་འགོད་པས་ཉེ་ལམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2024ལོར། མཚོ་བྱང་ཁུལ་གྱིས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དམངས་ཚིས་འགན་སྲུང་ཞབས་ཞུ་སྔར་ལས་ནུས་ལྡན་དུ་གྱུར་པ་དང་། ཁུལ་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་སུ་འཛུགས་སྐྲུན་ལས་གཞི91ལག་བསྟར་བྱས་ནས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཅིག་བྱེ་བ་བདུན་ས་ཡ་གསུམ་བཏང་། ལས་གཞི57ལེགས་གྲུབ་བྱུང་བ་དང་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་གསུམ་བཏང་བ་དང་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
2024ལོར། མཚོ་བྱང་ཁུལ་གྱིས་ནུབ་མཚོ་གྲོང་རྡལ་གྱི་དངུལ་མཚེའུ་ཟམ་ཆེན་འཛུགས་སྐྲུན་དང་། རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་ཁྱད་ལྡན་གྲོང་རྡལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འཛུགས་སྐྲུན། མདའ་བཞི་རྫོང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་གཅིག་བསྡུས་དྲོད་འདོན་ཚ་ཁུངས་རྒྱས་སྐྲུན་བྱེད་པ། རྐང་ཚ་རྫོང་ཁོངས་ཀྱི་ནུས་ཁུངས་གཙང་མའི་དྲོད་འདོན། མདོ་ལ་རྫོང་ཡོན་ཐུང་གཞིས་ཁུལ་དང་གཞིས་ཁུལ་རྙིང་པའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས་བགྲོད་ལམ་དང་ཟམ་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས། ཆུའི་འདོན་སྤྲོད་དང་དྲོད་འདོན་སྦུག་ལམ་བསྒྱུར་བཀོད་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས། མཚོ་བྱང་ཁུལ་གྱིས་མཁར་གྲོང་གི་བགྲོད་ལམ་གསར་སྒྱུར་སྤྱི་ལེ་ཞེ་གསུམ་ལྷག་བྱས་ཡོད་པ་དང་། ཆུའི་འདོན་སྤྲོད་དང་དྲོད་འདོན་སྦུ་གུའི་དྲ་བ་བསྒྱུར་བཀོད་སྤྱི་ལེ་བཞི་བཅུ་ཙམ་བྱས་ཡོད་ལ། ས་འོག་ཆུ་འབུད་སྦུ་གུའི་དྲ་བ་སྤྱི་ལེ་རེ་ལྔ་ལྷག་བཅས་ལེགས་གྲུབ་བྱས། ས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལས་གཞི24ལག་བསྟར་བྱས་ནས་ཁང་བའི་ཕྱི་ངོས་སྨི་ཁྲི་གཉིས་དང་སྟོང་དྲུག་བསྒྱུར་བཀོད་བྱས་པ་དང་། རླངས་འཁོར་འཇོག་ས་ཉེར་གསུམ་ལས་ནས་རླངས་འཁོར་སྟོང་གཅིག་དང་བརྒྱད་བརྒྱ་ང་དགུ་འཇོག་ཐུབ། གློག་གསོག་རླངས་འཁོར་འཇོག་ས་བཅུ་བདུན་ལས་པ་དང་རླངས་འཁོར་ཉིས་བརྒྱ་གྱ་གཅིག་གིས་མཉམ་དུ་གློག་གསོག་ཐུབ། སྤྱི་གླིང་ཆུང་བ12སོགས་འཛུགས་སྐྲུན་བྱས་ཡོད་ལ། བསྡོམས་འབོར་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་དགུ་ཁྲི་གཉིས་ལྷག་བཏང་ནས་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགན་དགུ་ཡོངས་འགྲུབ་བྱས།
མཚོ་བྱང་ཁུལ་གྱིས་གྲོང་ཁྱེར་གྱི་རྣམ་པ་གསར་བརྗེས་ལས་གཞི་བྱེད་ཐབས་སུ་བྱས་ཏེ། མཁར་གྲོང་གི་རྒྱུ་ལམ་ཞིབ་ཚགས་དང་མཁར་གྲོང་གི་རྣམ་པ་མཛེས་བཟོ། མཁར་གྲོང་གི་སྤུས་ཚད་མཐོ་རུ་གཏོང་བ། འཚོ་སྡོད་ལ་འཚམ་པ་དང་སྐྱེ་ཁམས། གསར་བརྗེའི་རིག་གནས་བཅས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཁར་གྲོང་བསྐྲུན་པ། ཁུལ་ཡོངས་ཀྱི་ལྗང་མདོག་འཛུགས་སྐྲུན་གྱིས་གསར་དུ་བསྐྲུན་པའི་འཛུགས་སྐྲུན་གྱི་བསྡུར་ཚད98.56%ཟིན་ཡོད། མཁར་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་དང་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་ཚད་སོ་སོར97.65%དང93.11%ཟིན་ཡོད། མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་ཁྲི་དྲུག་བཏང་བའི་ཆུ་འབུད་དང་ཞོད་སྐྱོན་འགོག་པའི་ལས་གཞི་གཉིས་ལེགས་འགྲུབ་བྱུང་། རྐང་ཚ་དང་མདའ་བཞི། འཇུ་ལག་བཅས་རྫོང་གསུམ་གྱི་འཚོ་བའི་གད་སྙིགས་ཟི་ལིང་དུ་བརྒྱུད་འདྲེན་བྱས་ནས་གད་སྙིགས་ཏུན་ཁྲི་གཅིག་དང་སྟོང་དགུ་ལྷག་མེར་བསྲེགས་ནས་གཙང་སེལ་བྱས། “གཙང་སེལ་གསུམ་དང་བསྒྱུར་བཅོས་གསུམ”གྱི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ནས་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ཀྱི་གད་སྙིགས་ཏུན་ཁྲི་གསུམ་ལྷག་ཙམ་གཙང་སེལ་བྱས།
2024ལོར། མཚོ་བྱང་ཁུལ་གྱིས་ཚོང་འགུག་ཆེད་དོན་བཅོས་སྒྲིག་དང་གླ་ཕོགས་ཆད་འཇོག་གི་སྣང་ཚུལ་རྩ་བ་ནས་བཅོས་བསྒྱུར་བྱེད་པའི་འགུལ་སྐྱོད་མུ་མཐུད་དུ་སྤེལ་བ་དང་། སྤྱི་པའི་བོགས་གཏོང་ཁང་གི་སྒྲིག་འགལ་བེད་སྤྱོད་ཆེད་དོན་གཙང་བཤེར་བཅོས་སྒྲིག་གི་འགུལ་སྐྱོད་སྤེལ། རྩད་ཞིབ་ཇུས་འགོད་དང་དེ་མིན་བཟོ་སྐྲུན་ཇུས་གཞིའི་ཞིབ་བཤེར་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ནས། འཛུགས་སྐྲུན་བཟོ་སྐྲུན་གྱི་མེ་གསོད་ཞིབ་བཤེར་རྩིས་ལེན་ཐོ་འགོད་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་སྤྲོད་ཞབས་ཞུ་སོགས་བྱུང་ཚད་མང་བའི་དོན་དག་གི་ཞིབ་ཐོ་སྣ20ཞིབ་ཚགས་ངང་ལེགས་བཅོས་བྱས། ཁུལ་ཡོངས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་བསྡུ་རུབ་ལས་སྒོ་བསྒྲུབས་ནས་དྲ་ཐོག་ནས་ཐག་གཅོད་བྱེད་ཚད90.36%དང92.3%ཟིན་པས། མཚོ་སྔོན་གྱི་སྲིད་དོན་ཞབས་ཞུའི་དོན་དག་སྣ13དྲ་ཐོག་ནས་སྒྲུབ་པ་མངོན་འགྱུར་བྱུང་། ལོ་གཅིག་གི་ནང་ལས་གཞི་འཛུགས་སྐྲུན་གྱི་ཐོག་མའི་ཇུས་འགོད་ཞིབ་བཤེར་ལས་གཞི46ལེགས་གྲུབ་བྱས་ནས་བཏང་བའི་མ་དངུལ་སྒོར་ཐེར་འབུམ་གཅིག་ལྷག་ཟིན་ཡོད། སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་ཚོང་འགུག་དང་དངུལ་གཏོང་ལས་གཞི་སྣ207ཡོངས་འགྲུབ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注