ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་སོ་ཏི་ཨ་རབ་ནས་གྲོས་མོལ་བྱས།

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས11ཉིན་ནས་བཟུང་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲོང་ཁྱེར་གྱི་ལེ་ཙི་ཁཱ་ཨར་ཏོན་མགྲོན་ཁང་གི་གྲོས་ཚོགས་ལྟེ་གནས་སུ་གྲོས་མོལ་བྱས་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པ་ནི་གྲོས་མོལ་གྱི་ནང་དོན་གཙོ་བོ་རེད།

སོ་ཏི་ཨ་རབ་ཀྱི་ཨ་ལཱ་པུས་ཡཱ་བརྙན་འཕྲིན་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱིས་ཐེངས་འདིའི་གྲོས་མོལ་ཁྲོད་ཨ་མེ་རི་ཁར་ཨུ་རུ་སིའི་བར་འཁྲུག་རྩོད་མཚམས་འཇོག་པའི་འཆར་གཞི་ཞིག་འདོན་རྒྱུ་ཡིན་པ་དང་། འཆར་གཞི་དེ་བརྒྱུད་དེ་ཡང་བསྐྱར་ཕོ་བྲང་དཀར་པོའི་རྒྱབ་སྐྱོར་ཐོབ་པར་རེ་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་ཚིགས་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཐེངས་འདིའི་གྲོས་མོལ་ཁྲོད་ཝུའུ་ཁི་ལན་གྱི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཐད་ཀྱི་རེ་འདུན་ལ་ཉན་ནས་ཀུ་ཡངས་ཀྱི་བྱེད་ཐབས་གང་རུང་འདོན་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号