མཚོ་བྱང་ཁུལ་གྱིས་ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་བཅོས་སྒྲིག་ཁྱོན་ཡོངས་ནས་ལེགས་གྲུབ་བྱས་པ།
2024ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱིར་འཐེན་རིགས་ཀྱི་ཆུ་ཤུགས་གློག་ཁང7དང་བཅོས་སྒྲིག་རིགས་ཀྱི་ཆུ་ཤུགས་གློག་ཁང33ཡོངས་སུ་བཅོས་སྒྲིག་ལེགས་གྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད། མཚོ་བྱང་ཁུལ་གྱིས་གནད་དོན་གྱི་ཁྲིད་སྟོན་དང་དམིགས་འབེན་གྱི་ཁྲིད་སྟོན་། མཇུག་འབྲས་ཀྱི་ཁྲིད་སྟོན་བཅས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་འཁོར་སྐྱོད་དོ་དམ་ལྟ་སྐུལ་གྱི་འགན་འཁྲི་འཁུར་ནས། 《མཚོ་བྱང་ཁུལ་གྱི་ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་བཅོས་སྒྲིག་ལས་དོན་ལག་བསྟར་ཇུས་གཞི》བཟོས་པ་དང་། ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་བཅོས་སྒྲིག་ལས་དོན་མགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། 《ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་བཅོས་སྒྲིག་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆོད་དོན》ཞེས་པའི་སྤྱི་ཁྱབ་ཆུ་མཚེའུ་དཔོན་གྱི་བཀའ་རྒྱ་ལ་མིང་རྟགས་བཀོད་ལ། ཏང་སྲིད་ཀྱི་མགོ་ཁྲིད་དང་པོས་དངོས་སུ་བཀོད་སྒྲིག་དང་། སྲིད་གཞུང་གི་བགོས་གཉེར་མགོ་ཁྲིད་ཀྱིས་ལས་ཡུལ་དུ་རྟོག་འདོམས་དང་ཡུལ་དངོས་སུ་བཀོད་འདོམས་བྱས་པ། ཁོངས་མིའི་ལས་ཁུངས་ཀྱིས་འགན་འཁྲི་རང་སྒྲུབ་བྱས་ཏེ། གནོན་ཤུགས་རིམ་པ་རེ་རེར་བརྒྱུད་སྤྲོད་དང་འགན་འཁྲི་རིམ་པ་རེ་རེར་དོན་འཁྱོལ་བྱས། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་གྱིས་ཆེད་ལས་འཛིན་གྲྭ་བཙུགས་ནས། འཕེལ་སྒྱུར་དང་སྐྱེ་ཁམས། ཆུ་བེད། རང་བྱུང་ཐོན་ཁུངས། ཞིང་ཕྱུགས། ནགས་རྩྭ། གློག་ཤུགས་སོགས་སྡེ་ཁག་སྒྲིག་འཛུགས་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཆུ་གློག་ས་ཚིགས་ཆུང་གྲས་ཡོད་ཚད་ཀྱི་ཁྲིམས་མཐུན་སྒྲིག་མཐུན་རང་བཞིན་དང་ཐོན་སྐྱེད་བདེ་འཇགས་གནས་ཚུལ། སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་དེ་བཞིན་གཞན་པའི་བཀག་སྡོམ་གསར་སྤེལ་ཁུལ་སོགས་དང་འབྲེལ་བའི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་བྱས་ནས། ཞིབ་བཤེར་རྩིས་ཐོ་བཟོས། མཚོ་བྱང་ཁུལ་གྱི་ཁོངས་གཏོགས་ཁུལ་དུ་ཁྱོན་ཆུ་ཤུགས་གློག་ཁང་ཆུང་གྲས40ཡོད་པ་དང་། སྤྱིའི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་སྟོང་ཝ་ཁྲི21.036ཡིན། ད་ཐེངས་ཀྱི་བཅོས་སྒྲིག་ལས་དོན་ཁྲོད་ཕྱིར་འཐེན་རིགས་ཀྱི་ཆུ་ཤུགས་གློག་ཁང7ཡོད་པ་དང་། འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་སྟོང་ཝ་ཁྲི1.174ཡིན། བཅོས་སྒྲིག་རིགས་ཀྱི་ཆུ་ཤུགས་གློག་ཁང35ཡོད་པ་དང་། འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་སྟོང་ཝ་ཁྲི19.014ཡིན།
བཅོས་སྒྲིག་གཙང་བཤེར་ལས་དོན་ཁྲོད། མཚོ་བྱང་ཁུལ་གྱིས་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་དབྱེ་ཐག་གཅོད་བྱེད་པའི་བསམ་འཆར་གཏན་འཁེལ་བྱས་པས། “གཅིག་གཅོད”མི་ཡོང་བ་བྱས་ཡོད། བཅོས་སྒྲིག་བྱེད་དཀའ་བ་དང་དུས་ཚོད་རིང་བའི་མདོ་ལ་རྫོང་ཉིའུ་པན་ཅིན་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་དང་འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་སྟག་ལུང་ཆུ་ཤུགས་གློག་ཁང་གཉིས་དུས་ཐོག་ཏུ་བཅོས་སྒྲིག་རིགས་ནས་ཕྱིར་འཐེན་རིགས་སུ་ལེགས་སྒྲིག་བྱས་པ་མ་ཟད། གློག་འདོན་ཚོད་འཛིན་བྱེད་ཐབས་ལ་བརྟེན་ནས་གཞོགས་འདེགས་ཧུར་ཐག་མི་བྱེད་པ་དང་བཅོས་སྒྲིག་འཕེལ་རིམ་རྗེས་ལུས་ཀྱི་ཆུ་ཤུགས་གློག་ཁང14ལ་ལྟ་སྐུལ་བྱས་ཏེ། ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་གཙང་བཤེར་བཅོས་སྒྲིག་ལས་འགན་དུས་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།
མཚོ་བྱང་ཁུལ་གྱིས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་། ཆུ་བོའི་བདེ་ཐང་དང་ཚེ་སྲོག་སྲུང་སྐྱོང་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ། ཆུ་ཤུགས་གློག་ཁང་ཆུང་གྲས་འཁོར་སྐྱོད་དོ་དམ་གྱི་གནད་དོན་མངོན་གསལ་ལ་དོ་སྣང་ཆེན་པོ་བྱས་ནས། ཁེ་ལས་ཀྱིས་བཅོས་སྒྲིག་དོན་འཁྱོལ་དང་། ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་རྗེས་འདེད་མཛུབ་ཁྲིད་བྱེད་པ། སྲིད་གཞུང་གིས་སྣེ་ཁྲིད་ནས་སྤྱི་ཡོངས་དམ་འཛིན་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་ཡོད། ཁུལ་ཡོངས་ཀྱི་ཕྱིར་འཐེན་རིགས་ཀྱི་ཆུ་ཤུགས་གློག་ཁང7གྱི་འཛུགས་སྐྲུན་དངོས་པོ་བཤིག་པ་དང་ས་ཆ་སྙོམས་པ། སྔོ་ཁེབས་སླར་གསོ་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་། བཅོས་སྒྲིག་རིགས33ཀྱི“དོན་ཚན་དྲུག་ལག་ཁྱེར་གཅིག”སོགས་སྲིད་འཛིན་ཆོག་འཐུས་འགྲོ་ལུགས་ཁ་གསབ་འཐུས་ཚང་དུ་བཏང་བ་དང་། “ས་ཚིགས་གཅིག་ལ་ཐབས་ཇུས་གཅིག”དང་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་གི་འབྲེལ་ཡོད་བྱེད་ཐབས་ཚང་མ་དོན་འཁྱོལ་བྱས་ཡོད་པ་མ་ཟད། ཁྲིམས་མཐུན་རང་བཞིན་གྱི་ངོས་འཛིན་དང་འགྲོ་ལུགས་གསབ་སྒྲུབ། སྐྱེ་ཁམས་རྨང་རྒྱུན་འགན་ལེན་བྱེད་པ། ཉ་བརྒྱུད་ལམ་བསྐྲུན་པ། བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་གྱི་ཚད་གཞི་ཚད་ལྡན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། ཆུ་ཤུགས་གློག་ཁང33གྱི“དོན་ཚན་དྲུག་ལག་ཁྱེར་གཅིག”སོགས་འབྲེལ་ཡོད་འགྲོ་ལུགས་ཁ་གསབ་འཐུས་ཚང་དུ་བཏང་བ་དང་། ཆུ་ཇེ་ཉུང་དུ་འགྲོ་བའི་ཆུ་བོའི་དུམ་བུ་སྤྱི་ལེ66.24ཉམས་གསོ་བྱས་པ། ཆུ་སྐྱེས་སྐྱེ་དངོས་ཁྱུ་ཚོགས་ཀྱི་གྲུབ་ཆ་ལེགས་སུ་བཏང་བ། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་བ་བཅས་བྱས་པས། ཆུ་བོ་དང་མཚེའུ་ཡི་ངལ་གསོ་སྐྱེ་འཚོ་ལ་སྐུལ་འདེད་ནུས་ལྡན་བྱུང་བ་དང་། སྲིད་གཞུང་གི་སྡེ་ཁག་སོ་སོ་དང་ཆུ་གློག་ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ལ། ཆུ་གློག་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཆུ་ཚད་ཇེ་མཐོར་བཏང་བ་བཅས་བྱས་པས། ཆུ་ཤུགས་གློག་ཁང་ཆུང་གྲས་སྐྱོན་བྲལ་དང་ལྗང་མདོག་འཕེལ་རྒྱས་ཡོང་བར་འགན་སྲུང་འདོན་སྤྲོད་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注