《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག》སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཟླ12པའི་ཚེས3ཉིན་གྱི་སྔ་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)》ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ལ། གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 《སྲོལ་ཡིག》དེར2024ལོའི་ཟླ9པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་པ་དང་། 2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

སྲོལ་ཡིག་གི་དམིགས་འབེན་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྲོལ་མ་ལག་འཛུགས་པ་བརྒྱུད་དེ། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་ཁུར་བ། དམངས་གཙོ་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་རོགས་བྱེད་པ། སྤྱི་དམངས་ཟབ་ཞུགས་བྱེད་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་དང་སྤྱོད་སྐྱོང་། རང་སྐྱོང་བཅས་གཅིག་གྱུར་ཡིན་པ། མཉམ་སྐྲུན་མཉམ་བཅོས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་བཙུགས་ནས། མཚོ་བྱང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་དེ་རེད། དུས་མཚུངས་སུ། མཚོ་བྱང་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་བའི་ཐད་ནུས་པ་བཟང་བོ་འདོན་ཐུབ་པ་དང་། མཚོ་བྱང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་མདུན་དུ་ལྷགས་པའི་གནད་དོན་ཐག་གཅོད་པར་གོ་ཆོད་ལ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号