མཚོ་བྱང་། གྱི་ལིང་གྱོ་རྒྱའི་ཕ་ས། རྟ་རྒྱུག་ལས་རིགས་དར་ཡོད། རྟ་ཕོའི་རིག་གནས་འཛོམས་ས། རྟ་རྒྱུད་བཟང་པོ་འཕེལ་ཡོད།
མཚོ་བྱང་ཁུལ་གྱིས་རྟའི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་དང་མདོ་ལ་རི་བོའི་འདབས་རོལ་ཏེ་སྐྱེ་ཁམས་ཀྱི་གསོན་ཤུགས་རྒྱས་ཤིང་རི་སྔོ་ཆུ་དྭངས་ཀྱི་གནས་མཆོག་མཚོ་བྱང་དུ། རྟ་ཕོ་དྲུག་ཞེང་ཅན་གྱི་འཕེལ་ཁ་དར་ཞིང་། རྟ་བདག་སྐུ་བསོད་ཅན་གྱི་བསམ་འདུན་འགྲུབ་ཡོད། དེ་ནི་མདོ་སྨད་རྟ་ཡི་ཆོལ་ཁའི་ཁོངས་སུ་གཏོགས་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་ཕྱོགས་སུ་འཚོ་བའི་གནས་ཁྱད་པར་མཚོ་བྱང་ས་ཆ་དེ་གྱི་ལིང་གྱོ་རྒྱའི་ཕ་ས་རུ་གྱུར་ཡོད། གནས་འདི་ནས་འདོ་བ་རྟ་ཡི་བང་ཁ་སྐྱི་བསེར་རླུང་ལ་འགྲན་མྱོང་ཞིང་། རྟ་ཕོའི་ལྷང་ལྷིང་འཚེར་སྐད་ཀྱིས་ས་མཐོའི་འབྲོག་སྡེ་དཀྲོགས་མྱོང་ལ། བང་ཁ་རླུང་ལ་འགྲན་པའི་རྨིག་སྒྲས་མཚོ་མོའི་རླབས་ཁ་བསྒྱུར་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་རྟ་རྒྱུད་གསོ་སྤེལ་གྱི་ལོ་རྒྱུས་རིང་ཞིང་རྟའི་རིག་གནས་ཕུན་སུམ་ཚོགས་ལ། “མཚོ་སྔོན་གྱི་ལིང་གྱོ་རྒྱའི”འབྱུང་ཁུངས་ཡིན་ཕྱིན“རྟ་ཐོག་རིག་གནས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཡོད། མཚོ་བྱང་ནས་ཐོན་པའི་འཇུ་ལག་རྟ་ལ་རྟ་ཐང་རྟ་ཟེར་ཞིང་། དེ་ནི་གཙོ་བོ་མདོ་ལ་རི་བོའི་ལྷོ་རྒྱུད་དང་མཚོ་སྔོན་པོའི་མཐའ་འཁོར། མཚོ་བྱང་ཁུལ་བཅས་ཀྱི་མངའ་ཁོངས་སུ་ཡོད། དེའི་ཕུལ་བྱུང་གཞི་རྒྱུའི་དབང་གིས་ཉིན་རེར་ལེ་དབར་སྟོང་ལ་བསྐྱོད་པའི་ངོ་མཚར་བཤད་རྒྱུན་ཡོད་པར་བརྟེན་མཚོ་སྔོན་གྱི་ལིང་གྱོ་རྒྱ་ཞེས་པའི་འགྱུར་མེད་མཚན་སྙན་ལྡན་ཞིང་། འཇུ་ལག་རྟ་མཆོག་ལ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་ཁག་ལྔ་བའི་མིང་གཞུང་ནང་བཅུག
རྒྱུད་བཟང་རྟ་མཆོག་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས《རྒྱལ་ཡོངས་རྟའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད(2020ལོ་ནས2025ལོའི་བར)》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྲིད་གཞུང་གིས་མཛུབ་ཁྲིད་དང་ཁྲོམ་རས་ཁྲིད་སྟོན། མང་ཚོགས་ཀྱིས་གཙོ་ཁྲིད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་རྟའི་ཐོན་ལས་ཀྱི་ལེགས་ལྡན་ཐོན་ཁུངས་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། རྟའི་ཐོན་ལས་གཉེར་སྐྱོང་གི་གཙོ་གཟུགས་ཁག་ཅིག་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ། གཟན་རྩྭ་གཟན་ཆས། ལུས་རྩལ་འགྲན་སྡུར། ཡུལ་སྐོར་སྤྲོ་གསེང་། རིག་གནས་སོགས་འབྲེལ་ཡོད་ཐོན་ལས་བདེ་ཐང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས། མིག་སྔར་མཚོ་བྱང་ཁུལ་དུ་རྟ་ཁྲི2.15ཡོད་ལ། མཚོ་སྔོན་གྱི་ལིང་གྱོ་རྒྱའི“འཇུ་ལག་རྟ་མཆོག”ཁྲི1.92ཡོད། མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར། རྒྱུད་བཟང་གསོ་སྤེལ་རྟེན་གཞི15བཅས་ཡོད།
རྟ་རྒྱུག
འཇུ་ལག་རྟ་གསོ་ར་བ་ནི་མཚོ་སྔོན་ཞིང་ཆེན་གྱི་འཇུ་ལག་རྟའི་རྒྱལ་ཁབ་རིམ་པའི་རིགས་རྒྱུད་སྲུང་སྐྱོབ་ར་བ་ཡིན་པ་དང་། རྟ200ལྷག་ཙམ་ཡོད། མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་ཀྲོའུ་ཡུས་ཆིང་གིས་བཤད་རྒྱུར། 2023ལོར་ང་ཚོས་མཚོ་བྱང་རྟ་མཆོག་ལས་རིགས་སྤྱི་གཉེར་ཁང་དང་མཉམ་དུ་རྒྱུད་བཟང་རྟ་གསོ་སྤེལ་རྟེན་གཞི་བཙུགས་ནས་འཇུ་ལག་རྟའི་རྒྱུད་བཟང་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཏེ་གསོ་སྤེལ+བྱེད་སྟངས་ཀྱིས་རྒྱུད་བཟང་རྟ་ནང་འདྲེན་དང་རྒྱུད་སྤེལ་ལེགས་བཅོས། དཔེ་སྟོན་ཁྱབ་གདལ་བཅས་བྱས་ཏེ་རྒྱུད་བཟང་རྟ86ཡོད། དུས་མཉམ་རྨ་ཁུག་རྟ་མཆོག་དང་ཨ་རབ་ཀྱི་རྟ་སོགས་རྒྱུད་བཟང་རྟ21ནང་འདྲེན་བྱས་ཡོད་ཟེར།
ཚད་ལྡན་རྟའི་གསོ་སྤེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་བ།
མཚོ་བྱང་ཁུལ་གྱིས་སྔ་རྗེས་སུ་རྟ་རྩལ་དང་རྟ་རྒྱུག་མཐུན་ཚོགས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་རིག་གནས་ཚོགས་པ9བཙུགས་པ་དང་ཁྱོན་ཚད་ལྡན་ཅན་གྱི་རྟ་རྒྱུག་ར་བ6བསྐྲུན། ནུབ་མཚོ་ལུས་རྩལ་ར་བ་ནི་རྟ་སྦྱོང་བརྡར་བྱེད་ས་གཙོ་བོ་ཞིག་ཡིན།
རྩྭ་ཐང་གི་རྟ་རྒྱུག
མདའ་བཞི་རྫོང་གིས་རྟ་བརྒྱ་ལྷག་ཙམ་ཤོང་བའི་རྟ་ར་བསྐྲུན་པ་དེས་མང་ཚོགས་ཀྱི་རྟ་གསོའི་མ་དངུལ་ཉུང་དུ་བཏང་བར་མ་ཟད། རྟ་གསོ་འཕེལ་དང་འདུལ་སྦྱོང་། ཉོ་ཚོང་བཅས་ལ་ལས་སྟེགས་མཁོ་འདོན་བྱས་ཡོད།
མདའ་བཞི་རྫོང་ཨུའི་རྒྱུན་ཨུའམ་ནུབ་མཚོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཅིན་ཡིའུ་ཡོན་གྱིས་བཤད་རྒྱུར། གོམ་སྟབས་རྗེས་མར་ནུབ་མཚོ་གྲོང་རྡལ་གྱིས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་རྟའི‘ཁྱིམ་གཞིས’ཀྱི་རྟེན་གཞི་དང་། རྟའི‘འགྲན་སྡུར’གྱི་རྟེན་གཞི། རྟའི‘ལྟ་སྐོར’གྱི་རྟེན་གཞི་བཅས་ཧུར་ཐག་སྒོས་བཏོད་ནས་ཞིང་ཆེན་ཕྱི་ནང་གི་རྟ་གསོ་མང་ཚོགས་མདའ་བཞི་རུ་རྟ་རྒྱུག་དང་བརྗེ་རེས། ཉོ་ཚོང་བཅས་ལ་ཡོང་རྒྱུའི་ཡིད་དབང་འགུགས་རྒྱུ་ཡིན་ཟེར།
རྟ་ལ་བརྟེན་ནས་རྟ་ཐོག་དཔལ་འབྱོར་དར་སྤེལ་བཏང་།
མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམིགས་ནས་རྟའི་ཐོན་ལས་དང་གྲོང་གསེབ་དར་སྤེལ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་དང་། ལུས་རྩལ་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། རྟ་གསོ་བ་དང་རྟ་རྒྱུག ཡུལ་སྐོར་ཉམས་ལེན། ཐོན་རྫས་གསར་སྤེལ། རིག་གནས་འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་རྟའི་རིག་གནས་ཐོན་ལས་སྦྲེལ་ཐག་སྐྱེད་སྲིང་ཤུགས་ཆེན་བྱས་ཡོད།
ཁུལ་ཡོངས་ཀྱི་ལྗོངས་ཁུལ་སོ་སོས་རྟ1000ཇེ་མང་དུ་བཏང་ནས"རྟའི་དཔལ་འབྱོར"གྱི་ལམ་བུ་གསར་བ་ཞིག་བཏོད་དེ། ལྗོངས་ཁུལ་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས800ལྷག་ཙམ་དེའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས་ལོ་རེར་མི་རེར་ཆ་སྙོམས་ཡོང་སྒོ་སྒོར8000ལྷག་ཙམ་འཕར་སྣོན་བྱུང་ཡོད།
མཚོ་སྔོན་གྱི་ལིང་གྱོ་རྒྱ་གསོ་སྤེལ་བྱེད་པ།
མདའ་བཞི་རྫོང་ལ་རྟ་རྒྱུག་རྫོང་གི་མཚན་སྙན་ཡོད་པ་དང་གསེར་དངུལ་ཐང་གི་རྟ་རྩལ་ཞེས་པ་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཁག་བཞི་པའི་གྲས་སུ་བཅུག་པ་དང་། 2013ལོར་ཐོག་མར་བཙུགས་པའི་རྟ་ཐོག་མི་རིགས་མཉམ་འགུལ་སྒར་སར་སོག་གུར་འགྲེམས་ཁང་དང་རྟ་རྒྱུག་ར་བ། མདའ་འཕེན་ཐང་། རྟ་རྩལ་འཁྲབ་སྟོན་ཁུལ་དང་རྟ་ཉོ་ཚོང་ཁུལ་སོགས་བཙུགས་ཡོད་པས་འདི་གར་སོག་པོའི་བསྟོད་ཚིག་དང་གསེར་དངུལ་ཐང་གི་རྟ་རྩལ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་ཐུབ་པར་མ་ཟད། ད་དུང་སྣ་མང་རིག་གནས་མཉམ་འདྲེས་དང་རྟ་ཐོག་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ།
དཔའ་ཉམས་ཆེ་བའི་སྐྱ་དམག
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་སྔ་རྗེས་སུ་མཚོ་སྔོན་པོ་རྟ་རྒྱུག་འགྲན་སྡུར་ཆེན་མོ་དང་མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི་རྟ་རྒྱུག་ལྷག་རིམ་འགྲན་སྡུར་ཆེན་མོ། མཚོ་སྔོན་འཇུ་ལག་གི་མཚོ་སྔོན་གྱོ་རྒྱ་རྟགས་མའི་རྟ་རྒྱུག་འགྲན་སྡུར་སོགས་རྟ་རྒྱུག་བྱེད་སྒོ་ཐེངས70ལྷག་ཙམ་བདེ་བླག་ངང་སྤེལ་བ་དང་། འགྲན་སྡུར་ནང་ཞུགས་མཁན་མི་གྲངས་ཁྲི1.6ལྷག་ཙམ་ཟིན་ལ། བོད་ལྗོངས་དང་ཡུན་ནན། ཀན་སུའུ། ཞིན་ཅང་། ནང་སོག ཀུའེ་ཀྲོའུ་བཅས་དང་། ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱི་རྟ་མཆོག1600ལྷག་ཙམ་འགྲན་སྡུར་ལ་ཞུགས། མང་ཚོགས་ཀྱིས་རྟ300ལྷག་ཙམ་ཉོ་ཚོང་དང་བརྗེ་རེས་བྱས་པས། ལུས་རྩལ་འགྲན་སྡུར་དེ་མི་རིགས་སྒྱུ་རྩལ་དང་རིག་གནས་རྒྱུན་འཛིན། ཡུལ་སྐོར་འཕེལ་རྒྱས། མང་ཚོགས་ཡོང་འཕར་བཅས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས།
མཚོ་སྔོན་གྱི་ལིང་གྱོ་རྒྱ།
རྟའི་རུ་ཁག་གི་འཁྲབ་སྟོན།
ད་ལྟ་མཚོ་བྱང་གི་རྟ་རྒྱུག་བྱེད་སྒོ་དེ་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་སྡུར་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན། ཡུལ་སྐོར་སྤྲོ་གསེང་། ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱས་འཛོམས་ཤིག་ཏུ་གྱུར་ཡོད་ལ། མཚོ་བྱང་གིས་ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་བཀྲག་མདངས་འཚེར་བའི་མིང་བྱང་གསར་པ་བཏོད་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注