མཚོ་བྱང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི"ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང'མདེལ་གཉིས་སྐར་གཅིག'གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རང་སའི་བྱེད་སྒོའི་མཚོ་བྱང་བྱ་བའི་སྤྱི་བསྡོམས་ཚོགས་འདུ་འཚོགས།
ཟླ10བའི་ཚེས8ཉིན། མཚོ་བྱང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱིས"ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང'མདེལ་གཉིས་སྐར་གཅིག'གི་སྙིང་སྟོབས"རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རང་སའི་བྱེད་སྒོའི་མཚོ་བྱང་བྱ་བའི་ཕྱོགས་བསྡོམས་ཚོགས་འདུ་འཚོགས། རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོ་བྱང་བྱ་བའི་བཀྲག་མདངས་འཚེར་བའི་བྱེད་ཐབས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་དང་རྩིས་བཤེར་བྱས་ཏེ། ལྷག་པའི་གནད་དོན་གྱི་ཞན་ཆར་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་བྱ་བའི་བསམ་ཕྱོགས་ཞིབ་འཇུག་དང་ཇུས་འགོད་བྱས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་སུང་ཞུག་ཙུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་།
ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཏང་ཨུས་སྤེལ་བའི་ཐེངས་འདིའི་བྱེད་སྒོའི་ཚད་གཞི་མཐོ་བ་དང་གཞི་ཁྱོན་ཆེ་བ། སྤུས་ཚད་མཐོ་བ། ཤུགས་རྐྱེན་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། གྲུབ་འབྲས་གཡུར་དུ་ཟ་བ་བཅས་ཡོད། དེའི་རིང་མཚོ་བྱང་གིས་འགན་སྒྲུབ་བྱས་པའི་བྱེད་སྒོ་རབ་དང་རིམ་པ་གོ་རིམ་ཡག་ཅིང་ངོ་མཚར་ལྡན་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་ཐོག་ནས་རྒན་རབས་པ་ཚོས་གསེར་དངུལ་ཐང་དུ"གནམ་ས་འགུལ་བའི་བྱ་གཞག་སྒྲུབ་ཅིང་རུས་མིང་སྦས་གསང་གནང་བའི་མི་བུ་བྱེད་པའི"བླ་ན་མེད་པའི་སྙིང་སྟོབས་གང་ལེགས་མཚོན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་རིང་མཚོ་བྱང་གི་ས་གཞི་ཆེན་མོར་འགྱུར་ལྡོག་མངོན་གསལ་བྱུང་བ་དང་མཚོ་བྱང་མི་དམངས་ཀྱིས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པར་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་ཕྱོགས་སོ་སོའི་སྐུ་མགྲོན་གྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ནས་སྤྱི་ཚོགས་ལས་རིགས་སོ་སོར་ཤུགས་རྐྱེན་རྒྱ་ཁྱབ་ཐེབས་ཡོད་ཟེར།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འབྲེལ་ཡོད་སྡེ་ཁག་སོ་སོས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་བསམ་པའི་བཙན་ས་གཏོད་རྒྱུ་དང་། གསར་བརྗེའི་ཉམས་ཞིབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཏེ་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔོག་འདོན་ལེགས་སྒྲིག་དང་གསོན་འགྱུར་བེད་སྤྱོད་སོགས་ཀྱི་བྱ་བར་ཤུགས་སྣོན་དགོས་ཤིང་། "མཚོ་བྱང་གི་གཏམ་རྒྱུད་ངས་བཤད"ཅེས་པའི་བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། སྨྱན་སྦྱོར་ཡོངས་ཀྱི་བྱེད་སྒོ་ཕྱོགས་བསྡུས་བེད་སྤྱོད་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ལ། རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཐོག་གྲོས་མཐུན་བཞག་པའི<<བྱ་བའི་བྱེད་ཐབས>>ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་བསྡུར་ནས་རང་འགུལ་ངང་ངོས་འཛིན་རྩིས་ལེན་དང་དོན་འཁྱོལ་དམ་འཛིན། ཏན་ཏན་ཏིག་ཏིག་བཅས་ཀྱི་སྒོ་ནས་ལེའུ་རྗེས་མ་ཡག་པོར་སྒྲུབ་པ་བཅས་བྱས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱ་བར་རྒྱུན་ཆད་མེད་པར་སྔར་ལས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注