འཇུ་ལག་རྫོང་གི་ནས་དང་ལོག་དཀར་ཁྱོན་ཡོངས་ནས་འབྲེག་མགོ་ཚུགས།   

འཇུ་ལག་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ནས་དང་ལོག་དཀར་ཐོན་སྐྱེད་བྱེད་ཁུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་། མིག་སྔར་ནས་དང་ལོག་དཀར་བསྡུ་བའི་དུས་ཚིགས་དང་འཁེལ་ཡོད། ཐེངས་བདུན་པའི་ཞིང་པའི་ལོ་ལེགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ནས་དང་ལོག་དཀར་ཞིང་ནང་དུ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་དག་ཕར་འགྲོ་ཚུར་འོང་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱིས་གནམ་གཤིས་བཟང་བའི་གོ་སྐབས་བཟང་བོ་དམ་འཛིན་ལེགས་པོ་བྱས་ཏེ། སྟོན་བསྡུ་བའི་ལས་ཀ་བྲེལ་འཚུབ་ཀྱིས་སྤེལ་བཞིན་ཡོད་ལ། ལྟ་ན་སྡུག་པའི་སྟོན་བསྡུའི་རྣམ་པ་ཞིག་མིག་འདུན་དུ་ལྷང་ངེར་མངོན་ཡོང་།  

འཇུ་ལག་རྫོང་ཞིང་ཕྱུགས་ཆུ་བེད་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཡན་ཀྲེ་ཕུང་གིས་བཤད་རྒྱུར། 2024ལོར་འཇུ་ལག་རྫོང་གི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་ས་མུའུ་ཁྲི27.7དང་སྣུམ་རྒྱུའི་ལོ་ཏོག་ས་མུའུ་ཁྲི་28.7ཡོད། ཉེ་དུས་འཇུ་ལག་གི་ཞིང་ལས་ལག་རྩལ་སྡེ་ཚན་གྱིས་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས450གཏོང་འདྲེན་བྱས་པ་དང་འབྲེལ་ཆེད་ལས་མཉམ་ལས་ཁང་ཆེ་གྲས་ཁག་རྩ་འཛུགས་བྱས་ཏེ། གནམ་གཤིས་བཟང་བོའི་གོ་སྐབས་འདི་དང་བསྟུན་ནས་ཚ་ཚ་འུར་འུར་གྱིས་སྟོན་བསྡུ་མགོ་བརྩམས་ལ། འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་དུ་འཇུག་ཐུབ་པར་ཁག་ཐེག་བྱེད་བཞིན་ཡོད་ཟེར།

འཇུ་ལག་རྫོང་ཧོང་ཁྲེང་ཞིང་འཕྲུལ་མཉམ་གཉེར་ཆེད་ལས་མཉམ་ལས་ཁང་གི་ལག་རྩལ་མི་སྣ་ཡེ་ཧྥུའུ་ཧའེ་ཡིས་བཤད་རྒྱུར། ད་ལོར་ང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་ནས་ས་མུའུ5000བཏབ་ཡོད་ལ།  གནམ་གཤིས་ཀྱི་ཤུགས་རྐྱེན་གྱིས་ན་ནིང་དང་བསྡུར་ན་བརྔ་བསྡུ་བྱེད་པའི་དུས་ཚོད་ཉིན་7ནར་འགྱངས་བྱས་འདུག ཁ་སང་དེ་རིང་གི་གནམ་གཤིས་ལེགས་པས་་བརྔ་བསྡུ་བྱས་པ་ཡིན། ད་ལོའི་ནས་ཀྱི་སྐྱེ་ཚུལ་བཟང་ལ་མུའུ་རེའི་ཐོན་ཚད་རྒྱ་མ650ཡན་ཟིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号