མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་ལ་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགྲན་སྡུར་སྐབས་གསུམ་པའི་ཁྲོད“ཕུལ་བྱུང་རྩ་འཛུགས་ལས་ཁུངས”ཀྱི་མཚན་སྙན་ཐོབ།

ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྩ་གནད་ལག་བསྟར་བྱ་བའི་གཞུང་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགྲན་སྡུར་སྐབས་གསུམ་པའི་མཇུག་འབྲས་དང་བྱ་དགའ་ཐོབ་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་ལ“ཕུལ་བྱུང་རྩ་འཛུགས་ལས་ཁུངས”ཀྱི་མཚན་སྙན་ཐོབ་ཡོད་པ་རེད།  

མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགྲན་སྡུར་སྐབས་གསུམ་པས“ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་དགོས”ཞེས་པ་བརྗོད་དོན་དུ་བྱས་ཏེ་གཞོན་ནུ་ལོ་ཆུང་དང་ཞིང་པ། ཐོན་ལས་བཟོ་པ། རྒན་རྒོན། མགོ་ཁྲིད་ལས་བྱེད་པ། གཞུང་ཞབས་པ་བཅས་ལ་ཁ་ཕྱོགས་ནས་སྤེལ་ལ། ཞིང་ཆེན་ཡོངས་སུ་འགྲན་སྡུར་ལ་ཞུགས་པའི་ཐོ་འགོད་མི་གྲངས69685ཟིན་པ་དང་། རིམ་རྩིས་བྱས་ན་མི་ཐེངས824796གིས་ལན་བཏབ། ས་གནས་སོ་སོའི་རྩ་འཛུགས་ཀྱི་ལན་བཏབ་པ་དང་འགྲན་སྡུར་ལ་ཞུགས་པའི་གནས་ཚུལ་ལ་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱས་ནས་ཨང་རིམ་སྒྲིག་སྟེ་ཕུལ་བྱུང་རྩ་འཛུགས་ལས་ཁུངས4དང་ཕུལ་བྱུང་མི་སྒེར10གཏན་འཁེལ་བྱས་ཡོད་པ་རེད།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་རྫོང་བཞིའི་ཚན་རྩལ་མཐུན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་གཞོགས་འདེགས་འོག མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་སྔ་མོ་ནས་བཀོད་སྒྲིག་དང་ཁྱོན་ཡོངས་ལ་ཁེབས་པ། དོན་འཁྱོལ་ཞིབ་ཚགས་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་ཚོགས་སྣ་མང་འགྲན་སྡུར་ལ་ཞུགས་པར་རྒྱ་ཁྱབ་ངང་སྐུལ་སློང་བྱས། དེའི་རིང་། མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་ད་དུང་དུས་བཀག་ལྟར་རྫོང་སོ་སོའི་འགྲན་སྡུར་ནང་ཞུགས་མཁན་གྱི་ལན་བཏབ་པའི་གནས་ཚུལ་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ཏེ། སྔོན་ཐོན་ལ་སྐུལ་ལྕག་དང་རྗེས་ལུས་ལ་སྐུལ་སློང་བྱས་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དམངས་ཡོངས་ཀྱིས་དོ་ཁུར་བྱེད་པ་དང་དམངས་ཡོངས་ཞུགས་པའི་ཚན་རྩལ་ཁྱབ་གདལ་བྱ་བའི་ཚ་རླབས་ཤིག་ཧུར་ཐག་ངང་འཕྱུར་བར་བྱས་ཏེ་ཚན་རིག་སློབ་སྦྱོང་དང་ཚན་རིག་ལ་དགའ་ཞེན། ཚན་རིག་བེད་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས།

བྱེད་སྒོ་མཇུག་སྒྲིལ་པའི་བར། མཚོ་བྱང་ཁུལ་དུ་འགྲན་སྡུར་ཁྲོད་ཞུགས་པའི་ཐོ་འགོད་མི་གྲངས6055ཟིན་པ་དང་། རིམ་རྩིས་བྱས་ན་མི་ཐེངས74619ལན་འདེབས་པར་ཞུགས་ལ། འགྲན་སྡུར་ཁྲོད་ཞུགས་ཚད28.5%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས། 

གོམ་སྟབས་རྗེས་མར། མཚོ་བྱང་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་ཐེངས་འདིའི་འགྲན་སྡུར་གྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། སྤྱི་དམངས་ལ་ཁ་ཕྱོགས་ནས་རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་ཚན་རྩལ་ཁྱབ་གདལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས། ཚན་རྩལ་ཁྱབ་གདལ་གྱི་ཕན་འབྲས་བཟང་པོ་ཐོན་པར་བྱས་ཏེ་མཚོ་བྱང་ཁུལ་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ནུས་ལྡན་ངང་མཐོ་རུ་འགྲོ་རྒྱུར་སྔར་ལས་སྐུལ་འདེད་གཏོང་རོགས་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号