ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་སྐབས། མཚོ་བྱང་གི་ས་གནས་སོ་སོའི་ཁྲོམ་རའི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འདང་ངེས་རེད།

ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཟླ་གོར་དང་འབྲུ་སྣུམ། སྔོ་ཚལ། སིལ་ཏོག ཤ སྒོ་ང་སོགས་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། ཟླ9པའི་ཚེས14ཉིན། གསར་འགོད་པས་མཚོ་བྱང་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་ཚོང་འདུས་ཁྲོམ་ར་ཁག་ཅིག་ཏུ་བཅར་འདྲི་བྱེད་སྐབས་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་ཅིང་། མཁོ་འཚོང་བྲིན་ཞིང་རིན་གོང་བརྟན་པོ་ཡོད་པ་ཤེས་རྟོགས་བྱུང་། 

ནུབ་མཚོ་ཕྱོགས་བསྡུས་གོང་སྙོམ་སྒོ་རྩིས་ཚོང་ཁང་དུ་གསར་འགོད་པས་སྒོ་རྩིས་ཚོང་ཁང་གིས་གསོག་འཇོག་བྱས་པའི་དངོས་ཟོག་སྣ་ཁ་ཚོགས་ཕུན་སུམ་ཚོགས་པ་དང་ལྷག་པར་དུ་ཟླ་གོར་དང་བྲོ་བ་སྣ་ཚོགས་གང་དགོས་གང་འཛོམས་ཡོད་ཅིང་འཛད་སྤྱོད་པས་དགའ་པོ་བྱེད་ཀྱིན་ཡོད་པ་མཐོང་ལ། གསར་འགོད་པས་ད་དུང་ཚོང་ཁང་ནང་གི་ལས་སྒྲུབ་མི་སྣས་དུས་དང་རྣམ་པ་ཀུན་ཏུ་ཟོག་སྒྲོམ་ལ་ལྟ་ཞིབ་བྱེད་པ་དང་འབྲེལ་འཕྲལ་དུ་དེ་མཚུངས་ཀྱི་ཚོང་ཟོག་ཁ་གསབ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། 

མང་ཚོགས་ཀྱིས་འཆམ་མཐུན་བདེ་སྐྱིད་ཀྱི་ཟླ་མཆོད་དུས་ཆེན་ལ་རོལ་ཐུབ་ཆེད་སྒོ་རྩིས་ཚོང་ཁང་གིས་སྣ་ཁ་འཛོམས་པའི་ཟླ་གོར་དང་སིལ་ཏོག སྔོ་ཚལ་འབོར་ཆེན་ཉོས་པ་དང་དེ་སྔའི་རྨང་གཞིའི་ཐོག་ད་དུང་མཚོ་ཟས་སྣ་ཚོགས་བསྣན་ཡོད་པ་རེད། ཟླ་མཆོད་དུས་ཆེན་རིང་རིགས་སོ་སོའི་ཚོང་ཟོག་གསོག་འཇོག་མང་པོ་ཡོད་པ་དང་མཁོ་སྤྲོད་བརྟན་པོ་ཡོད་པས་སྒོ་རྩིས་ཚོང་ཁང་གིས་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིག་མཛོད་ཉར་ཡང་འདང་ངེས་གྲ་སྒྲིག་བྱས་ཡོད"ཅེས་ནུབ་མཚོ་ཕྱོགས་བསྡུས་གོང་སྙོམ་སྒོ་རྩིས་ཚོང་ཁང་གི་སྤྱི་གཉེར་བ་ཁྲའེ་ཡུང་ཝུའུ་ཡིས་གསར་འགོད་པར་དེ་ལྟར་བཤད། 

ནུབ་མཚོ་ཕྱོགས་བསྡུས་གོང་སྙོམས་སྒོ་རྩིས་ཚོང་ཁང་གི་ལས་སྒྲུབ་མི་སྣ་བདེ་སྐྱིད་འཚོས"དེ་སྔའི་ཉམས་མྱོང་ལ་གཞིགས་ནས་ད་ལོ་ང་ཚོས་ཟླ་མཆོད་དུས་ཆེན་གྱི་ལེགས་སྐྱེས་སྒམ་སོགས་བྲིན་ཁ་རྒྱུག་པའི་ཚོང་ཟོག་ཁག་ཅིག་གི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོས་དགོས་མཁོ་ལྟར་ཉོ་རྒྱུར་སྟབས་བདེ་བསྐྲུན་ཡོད། དེ་དང་ཆབས་ཅིག་ང་ཚོས་སྒྲིག་སྲོལ་དང་མཐུན་པའི་ཐབས་ལམ་བརྒྱུད་ཚོང་ཟོག་ནང་འདྲེན་བྱས་པ་དང་འབྲེལ་གཟིགས་སྐྱོང་རིན་གོང་ཐོག་ནས་ཕྱིར་འཚོང་བྱས་པས་ཚང་མས་བློ་བདེ་མོའི་ངང་ཉོ་ཆོག"ཅེས་་གསར་འགོད་པར་དེ་ལྟར་བཤད།

འཇུ་ལག་རྫོང་གི་སྒོ་རྩིས་ཚོང་ཁང་ཆེ་གྲས་སོ་སོ་རུ་དངོས་ཟོག་ཉོ་མཁན་གྱི་མང་ཚོགས་རྒྱུན་ཆད་མེད་པ་དང་ཚོང་ཁང་ནང་གི་ཟླ་གོར་ལེགས་སྐྱེས་སྒམ་དང་སྔོ་ཚལ། སིལ་ཏོག ཤ་རིགས། མཚོ་ཟས་སོགས་ཚོང་ཟོག་སྣ་ཁ་གང་མང་ཡོད་ལ་འདང་ངེས་ཡིན་པས་མཁོ་ཚོང་གནས་ཚུལ་བརྟན་པོ་ཡོད།

འཇུ་ལག་རྫོང་གི་སྒོ་རྩིས་ཚོང་ཁང་གི་ལས་སྒྲུབ་མི་སྣ་ལི་ཞོའུ་ལན་གྱིས་བཤད་རྒྱུར། “ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་བ་དང་བསྟུན། ཟླ་གོར་གྱི་ཚོང་ཧ་ཅང་བྲིན་ལ་ང་ཚོས་ཟླ་གོར་རིགས་སྣ་ཚོགས་དབྱེ་ནས་བཤམས་ཏེ་ཚང་མར་སྟབས་བདེ་བསྐྲུན་ཡོད”ཟེར།

འཇུ་ལག་རྫོང་གི་སྒོ་རྩིས་ཚོང་ཁང་གི་ཞབས་ཞུ་བ་ཀྲང་ཧའེ་ལིན་གྱིས་བཤད་རྒྱུར། "ད་ལྟ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པས་ཟླ་གོར་ལེགས་སྐྱེས་ཀྱི་སྒམ་དང་རིགས་སོ་སོའི་མཚོ་ཟས་ཚོང་ཟོག་མཁོ་ཚད་ཆེ་བས། ཉིན་འདི་དག་གི་རིང་ལ་ང་ཚོ་ཧ་ཅང་བྲེལ་བ་ཆེན་པོ་འདུག"ཟེར།

རྒྱུས་ལོན་པ་ལྟར་ན། ཁྲོམ་རའི་མཁོ་སྤྲོད་ཀྱི་དགོས་མཁོ་སྐོང་ཆེད། མཚོ་བྱང་ཁུལ་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་པ་དང་བྱ་ཐབས་སྣ་མང་སྤྱད་དེ་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱས་པ་རེད། མཚོ་བྱང་ཁུལ་གྱི་ཞིང་ཟོག་ཉོ་ཚོང་ཁྲོམ་ར་གཙོ་བོ་དང་མུ་འབྲེལ་སྒོ་རྩིས་ཚོང་ཁང་། སྟབས་བདེའི་ཚོང་ཁང་། གློག་རྡུལ་ཚོང་ཁང་སོགས་ཚོང་དོན་ཁེ་ལས་ཀྱིས་ཟླ་མཆོད་དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་བར་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་དུས་ཆེན་རིང་ལས་གཉེར་བྱེད་མཚམས་མི་འཇོག་པ་དང་།    དུས་ཆེན་རིང་གི་ལས་གཉེར་དུས་ཚོད་ནར་འགྱངས་འོས་འཚམ་བྱེད་པ། འཚོ་བའི་དངོས་ཟོག་འགན་ལེན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ནས་འཚོ་བའི་མཁོ་ཆས་རྒྱུན་ཆད་མེད་པའི་འགན་ལེན་བྱས་ཡོད་པ་རེད།    

བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་འབྲུ་སྣུམ་ཏུན1423.98མཛོད་ཉར་བྱས་པའི་ནང་གྲོ་ཕྱེ་ཏུན971.98དང་། འབྲས་ཏུན364.7། བཟའ་སྣུམ་ཏུན87.3བཅས་ཡོད་པ་དང་། མཚོ་བྱང་ཁུལ་གྱི་འབྲུ་སྣུམ་དང་ཤ སྒོ་ང་།  སྔོ་ཚལ་སོགས་འཚོ་བའི་མཁོ་ཆས་གཙོ་བོ་མཁོ་སྤྲོད་འདང་ངེས་ཡོད་པ་དང་ཁྲོམ་རའི་རིན་གོང་སྤྱིའི་ཆ་ནས་འཁོར་སྐྱོད་བརྟན་པོ་ཡིན་པ་རེད།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号