མཚོ་བྱང་གི་སྡེ་བ(སྡེ་ཁུལ)175ལ“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱུང་བ།

ཟླ9པའི་ཚེས2ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཉིང་ཞ་སྡེ་བའི“གཅེས་སེམས་སྒོ་རྩིས་ཚོང་ཁང”ཡོངས་སུ་གྲུབ་པ་དེས་ཉིང་ཞ་སྡེ་བའི“བཅུ་ལྡན”བཟོ་སྐྲུན་གྱི་ཡན་ལག་ལས་གཞི10ཚང་མ་ལེགས་གྲུབ་ཟིན་པ་མཚོན་ཡོད། མིག་སྔའི་བར་མཚོ་བྱང་ཁུལ་གྱི་སྡེ་བ(སྡེ་ཁུལ)242ཁྲོད175ལ“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱུང་ཞིང་། ལོ་མཇུག་ཏུ“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་གྱི་དམིགས་ཚད་ཁྱོན་ཡོངས་ལ་ཁྱབ་པ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་རྒྱུ་རེད།      

ད་ལོ་ནས་བཟུང་མཚོ་བྱང་ཁུལ་གྱིས<<མཚོ་བྱང་ཁུལ་གྱི་སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་བགོས་ཇུས་གཞི>>ཞིབ་འཇུག་བྱས་ནས་བཟོས་ཏེ། སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་དེ2024ལོའི་གཙོ་གནད་ཏང་འཛུགས་སྐྱོང་གི་ལས་གཞི་རུ་བརྩིས་ནས་སྣེ་ཁྲིད་དེ་དཀའ་གནད་སྒྲོལ་བ་དང་མཐོ་ས་ནས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཤིང་། བཟོ་སྐྲུན་ལག་བསྟར་བྱས་ཚུན་མཚོ་བྱང་ཁུལ་གྱིས་མ་དངུལ་སྒོར་ཁྲི2919.32བཏང་ནས་སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་གསར་གཏོད་ལག་བསྟར་བྱས་ལ། དེར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས(ཏང་དམངས་ཞབས་ཞུ་ལྟེ་གནས)ཡོད་པས་ཏང་ཡོན་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་དང་སྡེ་བའི་ལོ་རྒྱུས་འགྲེམས་སྟོན་ཁང་ཡོད་པས་དུས་རབས་གསར་པ་དང་དར་སྲོལ་གསར་བ་ལག་བསྟར་བྱེད་པ། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་སྒྲུབ་ཁང་ཡོད་པས་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པ། སྡེ་བའི(སྡེ་ཁུལ)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཡོད་པས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ཡོད་པས་སྨན་པར་བསྟེན་བདེ་བ།  བདེ་སྐྱིད་ཟ་ཁང་ཡོད་པས་ལོ་ལོན་དང་བྱིས་པའི་འཚོ་བར་སྟབས་བདེ་སྐྲུན་པ། ཉལ་ཁང་ཡོད་པས་སྡེ་སྡོད་ལས་བྱེད་པའི་ཞག་སྡོད་ཐག་གཅོད་བྱེད་པ། གཅེས་སེམས་སྒོ་རྩིས་ཚོང་ཁང(མྱུར་སྐྱེལ་ཚབ་ལེན་ས་ཚིགས)ཡོད་པས་འཚོ་བར་སྟབས་བདེ་བསྐྲུན་པ་དང་། ལུས་རྩལ་ཐང་ཡོད་པས་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ་དང་འཕྲོད་བསྟེན་གསང་སྤྱོད་ཁང་ཡོད་པས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།

སྡེ་བའི(སྡེ་ཁུལ)"བཅུ་ལྡན"བཟོ་སྐྲུན་ལག་བསྟར་བྱས་པ་དེས་གྲོང་གསེབ(སྡེ་ཁུལ)ཀྱི་བྱ་བ་སྒྲུབ་པའི་མཁྲེགས་ཆས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཞིང་། མང་ཚོགས་ལ་དྲིལ་སྒྲོག་དང་སློབ་གསོ། ཞབས་ཞུ་བཅས་བྱེད་པའི"མཐའ་མའི་འགག་གནད"ཤར་གཏོང་ཐུབ་ནས་ཏང་རྩ་འཛུགས་ཀྱི་བྱེད་སྒོ་དང་ཏང་ཡོན་གྱི་སློབ་གསོ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་ཕྱིན་ལ། གཞི་རིམ་གྱི་སྲིད་དབང་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་པ་དང་གཞི་རིམ་གྱི་ཏང་རྩ་འཛུགས་གོང་བུ་གཅིག་ཏུ་སྒྲིལ་བ། ཏང་ཡོན་གྱི་བློ་ཁ་ཕྱོགས་ཤུགས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེས་ཆེར་འཕར་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号