ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་པ།

ཟླ9པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས76པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་དོན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་པ་དང་འབྲེལ་ཡོད་བྱ་བར་བཀོད་སྒྲིག་གནང་པ།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ནས་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། མཚོ་བྱང་གི་དོན་དངོས་དང་མཐུན་པ། ཁྱད་ཆོས་དང་དགེ་མཚན་འབུར་དུ་ཐོན་པའི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་ཇུས་འགོད་ཡག་པོ་བྱས་ཏེ་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་བྱས་ནས"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག<<བདེན་འཚོལ>>དུས་དེབ་ཀྱི་འདོན་ཐེངས17པའི་ཐོག་སྤེལ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན<<ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་དགོས>>ཞེས་པ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། "ཤུགས་སྣོན་དགོས་པ་དྲུག"གི་བྱ་བའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ། ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་ལས་འགན་དོན་འཁྱོལ་བྱེད་པ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་སློབ་གསོའི་ལས་འགན་ལ་དམ་པོར་དམིགས་པ། ཆབ་སྲིད་བསམ་བློའི་བསླབ་ཚན་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གིས་སློབ་གསོའི་བྱ་བར་མགོ་ཁྲིད་བྱེད་པ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་སྙིང་སྟོབས་ཀྱི་བཙན་ས་ཧུར་ཐག་གཏོད་པ་དང་། ཆབ་སྲིད་བསམ་བློའི་བསླབ་ཚན་གྱི་སློབ་ཁྲིད་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཚོ་བྱང་ཁོ་ནར་ཡོད་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི"གསར་བརྗེའི་ཉམས་ཞིབ"ཀྱི་སློབ་ཚན་ཆེན་པོ་སྐྲུན་གང་ཐུབ་བྱས་ནས་དུས་རབས་གསར་པའི་མཚོ་བྱང་སློབ་གསོའི་བྱ་བར་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་དགོས། དགེ་རྒན་དང་ལས་བཟོ་པས་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། ཁུལ་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་འཆད་ཁྲིད་སྟེགས་བུར་འབུད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བསམ་བློ་ཆབ་སྲིད་བསླབ་ཚན་འཛུགས་སྐྱོང་བྱེད་པའི་སྒྲིལ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ"བཞི་ཅན་ལྔའི"བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བྱ་བར་སྤྱི་འདོམས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་རིམ་པ་བཞིན་འགན་འཁྲི་ཞིབ་ཚགས་སུ་གཏོང་བ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་བྱ་བ་སོ་སོར་སྐུལ་འདེད་བཏང་བས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བསམ་བློ་ནམ་ཡང་སྒྱིད་ལུག་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་སློབ་གསོ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་དོ་དམ་ལྟ་སྐུལ་ནང་བཅུག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཤུགས་ཚད་ནམ་ཡང་ཉམས་ཞན་དུ་མི་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན་གྱི<<སྒྲིག་འགལ་ངང་བཟའ་བཏུང་བྱེད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པའི་བྱ་ཐབས་འགའ>>དོན་འཁྱོལ་ནན་མོ་བྱས་ནས་ཅི་ཙམ་རྗེས་སུ་སོང་ན་དེ་ཙམ་གྱིས་ཚབས་ཆེན་ཡིན་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་གཏོང་དགོས། སྙིང་སྟོབས་ནམ་ཡང་ལྷོད་གཡེང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། “རྣམ་པ་བཞི”བེད་སྤྱོད་ཡང་དག་བྱེད་པ་དང“འབྱེད་པ་རྣམ་གསུམ”དོན་འཁྱོལ་གནད་ལ་འཁེལ་བ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་བརྩི་སྲུང་དང་། བློ་རྒྱ་ཆེན་པོས་བྱ་བ་སྒྲུབ་པ། འགན་འཁུར་ཕོད་པ་བཅས་ཀྱི་སློབ་གསོ་གཏོང་དགོས། ལས་སྒྲུབ་ནམ་ཡང་མཚམས་མི་འཇོག་པ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དོན་འཁྱོལ་ནན་མོ་བྱེད་པ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ལོ་འཁོར་མོའི་དམིགས་འབེན་དང་ལས་འགན་གཙོ་བོ་ཆད་ལུས་ཞིབ་བཤེར་དང་ཆད་པ་ཁ་གསབ། འགག་སྒྲོལ་ཐོད་བརྒལ་བཅས་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་མཚོ་བྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མིག་སྔར། འབྲུབ་འགོག་གནོད་འགོག་གི་གནས་བབ་ཛ་དྲག་ཡིན་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། མ་མཐའི་མཚམས་ཐིག་གི་བསམ་གཞིག་དང་མཐར་ཐུག་གི་བསམ་གཞིག་བརྟན་པོར་བཙུགས་ཏེ། ཉེ་དུས་ཀྱི་གནོད་འཚེའི་ཉེན་ཁའི་ཁྲོད་བསླབ་བྱ་གཏིང་ཟབ་ལེན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲུབ་འགོག་གེགས་སེལ་བྱ་བའི་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། ལས་རེས་ལས་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྡེ་བའི(སྡེ་ཁུལ)གཞི་རིམ་གྱི་འགན་ཁུར་བར་ཐད་ཀར་ཐོན་པའི་ཉེན་བརྡའི“འབོད་བརྡ”དང“འབོད་ལན་ཡོད་པའི”བྱེད་ཐབས་དང་རྗེས་འདེད་ཚུར་ལན་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་དོགས་ཟོན་དང་གནོད་གཡོལ་ནུས་ལྡན་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། གཙོ་གནད་ཁུལ་ལ་དམ་པོར་དམིགས་ནས་མངོན་མེད་རྐྱེན་ངན་དང་ཉེན་ཁ་སེལ་ཤུགས་ཆེ་རུ་བཏང་སྟེ་ཉེན་ཁའི་ཁུལ་གྱི་མང་ཚོགས་དུས་ཐོག་དང་འཕྲལ་དུ་གནས་སྤོ་ཐུབ་པར་འགན་ལེན་བྱས་ནས་འབྲུབ་འགོག་དང་ཉེན་སེལ། གནོད་སྐྱོབ་བཅས་ཀྱི་རང་འགུལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོར་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号