མཚོ་བྱང་གི་བཟོ་ལས་ཐོན་རྫས་ཀྱི་ཐོག་མའི་ཕྱིར་གཏོང་ལེགས་འགྲུབ་བྱུང་།

ཉེ་ཆར། མཚོ་བྱང་ཁུལ་གྱི་ས་གནས་རང་གི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཨ་སྒོར་ཁྲི་བཞི་དང་སྟོང་བཞིའི་རིན་གྱི་མདོག་ལྡན་ལྕགས་རིགས་ཐོན་རྫས་ཏུན་ཉི་ཤུ་དེ་ཐེན་ཅིན་གྱི་གྲུ་ཁ་གསར་བ་ནས་རྒྱ་མཚོར་བརྒལ་ཏེ་ཧིན་རྡུ་ཉི་ཞི་ཡར་སྐྱེལ།

ཐེངས་འདིའི་མདོག་ལྡན་ལྕགས་རིགས་ཐོན་རྫས་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་ཧྲི་ཅིས་ཨོ་ཁའེ་གཏེར་ཐོན་འཕེལ་རྒྱས་ཚད་ཡོད་ཀུང་ཟི་ཡིས་ཀུང་ཟིའི་འཕེལ་རྒྱས་ཁ་ཕྱོགས་བསྒྱུར་བ་དང་། ཕྱིར་འཚོང་ཁྲོམ་ར་རྒྱ་བསྐྱེད་པའི་ཕྱིར་གཏོང་ཚོད་ལྟའི་ཐོན་རྫས་ཡིན་ཞིང་། མཚོ་བྱང་ཁུལ་གྱི་བཟོ་ལས་ཐོན་རྫས་ཀྱི་ཐོག་མའི་ཕྱིར་གཏོང་ལེགས་འགྲུབ་བྱུང་ཡོད། འདི་ནི2023ལོར་ས་གནས་རང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་མངོན་འགྱུར་བྱུང་བའི་རྨང་གཞིའི་སྟེང་དུ་ཡང་བསྐྱར་ས་གནས་རང་གི་བཟོ་ལས་ཐོན་རྫས་ཀྱི་ཕྱིར་གཏོང་མངོན་འགྱུར་བྱུང་བ་ཡིན་ལ། མཚོ་བྱང་ཁུལ་གྱིས་ལོ་ངོ་མང་པོའི་རིང་ཕྱིར་གཏོང་གི་འཐབ་ཇུས་རྒྱུན་འཁྱོངས་བྱས་པ་དང་། རང་འགུལ་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལག་བསྟར་བྱས་ཤིང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བར་ཞུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལེན་བྱས་པའི་གྲུབ་འབྲས་ཀྱང་ཡིན། 

ཉེ་བའི་ལོ་འགའི་རིང་། མཚོ་བྱང་ཁུལ་གྱིས་རྒྱལ་ནང་གི་དགོས་མཁོ་ཇེ་ཉུང་དུ་ཕྱིན་པ་དང་། ཁྲོམ་རའི་མཁོ་འདོན་གནད་དོན་ཛ་དྲག་ཆེ་བ།  ཐཱན་གཉིས་དམིགས་འབེན། ཐོན་ལས་རིགས་སྒྱུར་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཚོད་འཛིན་ཐེབས་པར་གདོང་གཏད་དེ། བློ་བརྟན་འགྱུར་མེད་ཀྱིས་ཁུལ་ཡོངས་ཀྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་གཞི་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། ཐོན་ལས་དགེ་མཚན་དང་ཐོན་ཁུངས་དགེ་མཚན། སྲིད་ཇུས་ཀྱི་དགེ་མཚན་བཅས་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ཤིང་། ཕྱི་ཕྱོགས་ཉོ་ཚོང་ཐོན་ལས་དར་སྤེལ་དང་དེར་རྒྱབ་སྐྱོར་བྱེད་ཚད་ལ་ཤུགས་བསྣན་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཁུལ་ཁོངས་ཀྱི་བཀག་རྒྱ་གཏོར་བ་དང་། ཚོང་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱལ་སྤྱིའི་ཁྲོམ་ར་རྒྱ་བསྐྱེད་པ་བཅས་ལ་སྐུལ་མ་དང་མཛུབ་སྟོན་གནང་ནས། ཕྱི་ཕྱོགས་ཁྲོམ་རའི་མངགས་ཐོའི་དགོས་མཁོར་གཞིགས་ཏེ། ཚོང་གཉེར་ཇུས་ཆོད་བསྒྱུར་བ་དང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་ཕྲེང་སྦྲེལ་གྱི་ཕྱིར་གཏོང་ཉོ་ཚོང་རྒྱ་བསྐྱེད་པ་དང་མཉམ་དུ། སྐྱེ་ལྡན་ལུད་རྫས་དང་མདོག་ལྡན་ལྕགས་རིགས་ཐོན་ལས་ཀྱི་ཕྲེང་སྦྲེལ་རྣམ་པ་ཇེ་ལེགས་སུ་བཏང་ཞིང་། རྒྱུན་མཐུད་སྒོས་ཐོན་རྫས་དང་ཞབས་ཞུ་ལེགས་སྒྱུར་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་མངགས་ཐོ་མང་པོ་མངོན་འགྱུར་བྱུང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号