མདའ་བཞི་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ལ་མུ་མཐུད་དུ་ཤུགས་བསྣན་པ།

ད་ལོ་ནས་བཟུང་། མདའ་བཞི་རྫོང་པུའུ་དང་ཞིང་ཆེན་གྱིས་མཉམ་སྐྲུན་བྱས་པའི་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གྱི་ལས་དོན་ནང་ཧུར་ཐག་ཞུགས་ནས། རྫོང་གི་དོན་དངོས་གནས་ཚུལ་ལ་གཞི་ཚུགས་ཏེ། ཞིང་ཆེན་དང་ཁུལ་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་དང་། བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་བཏང་ནས་རང་འགུལ་ངང“གནས་བཞི”འཛུགས་སྐྲུན་ནང་ཞུགས་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི“མཁར་གྲོང་གཅིག་ལ་ལས་རིགས་ལྔ་དང་ཡུལ་ཁོངས་ཧྲིལ་བོའི་སྐྱེ་ཁམས”ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། བོད་ལུག་དང་ནོར་གནག  ནས། ལོག་དཀར། གཟན་རྩྭ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཆེ་གྲས་ལྔ་ལ་དམིགས་ནས་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་འཕར་སྣོན་དང་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་བྱ་རྒྱུ་དེ་དམིགས་ཡུལ་ཏུ་བཟུང་ནས་ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་གི་བྱེད་པོ་གསོ་སྐྱོང་དང་། ཞིང་ཕྱུགས་ཐོན་རྫས་རྒྱུན་མཐུད་ངང་ཕྱིར་གཏོང་བྱེད་པར་རོགས་རམ་བྱས།

མདའ་བཞི་རྫོང་གིས་ཤར་ནུབ་མཉམ་ལས་ལམ་སྲོལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་དང་། ཧྲན་ཏུང་གི་རོགས་སྐྱོར་ལས་སྟེགས་ལ་བརྟེན་ནས་འཛད་སྤྱོད་རོགས་སྐྱོར་ཐབས་ལམ་རྒྱ་ཆེར་བཏང་ཞིང་། མདའ་བཞི་རྫོང་གི་ཁེ་ལས་སྒྲིག་འཛུགས་སྒོས་ཕྱི་ཕྱོགས་དྲིལ་སྒྲོག་དང་འོས་སྦྱོར་བྱེད་སྒོར་ཐེངས4ཞུགས་པ་དང་། ཧྲན་ཏུང་ལིན་དབྱི་གྲོང་ཁྱེར་དུ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཆེད་འཚོང་ཁང2བཙུགས་ནས་ཆིན་ཧའོ་ཡོན་དང་ཧྲན་ཧེ་ཆིན། ཁྲང་མིན་ཞང་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་ལ་རོགས་རམ་བྱས་ཏེ། ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཐོན་རྫས་མ་ལག་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་། 

མདའ་བཞིའི་ནས་དང་ལོག་དཀར། ནོར་གནག་གི་ཤ་སོགས་ཐོན་རྫས9ལ་ལྗང་མདོག་བཟའ་བཅའི་ཐོན་རྫས་ཀྱི་ཁས་ལེན་ཐོབ་ནས“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་ཞུ་འབུལ་མེད་པའི་ལོ་རྒྱུས་མཇུག་གྲིལ། ཞ་ཧྭ་ཤ་རིགས་ཚད་ཡོད་ཀུང་སི་དེ་མཚོ་བྱང་ཁུལ་གྱི“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཁེ་ལས་ཁག་དང་པོའི་ནང་བདམས་ཐོན་བྱུང་ཞིང་། ཞ་ཧྭའི་ཤ་རིགས་དང་ཁུའུ་ཁུའུ་ནོ་ཨར། ཆིང་ཧུའུ་ཡོན་སོགས་ཁེ་ལས3དེ་སྤུས་ལེགས་ཐོན་རྫས་བརྒྱའི་ནང་ཚུད་པ་དང་། ཁེ་ལས5ཡི་ཐོན་རྫས་སྣ་ཁ29“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”སྤུས་ལེགས་ཐོན་རྫས་ནང་ཚུད་ཡོད་པར་མ་ཟད། “མཚོ་སྔོན་མཐོ་སྒང་རྐང་གྲུག་འགྲན་སྡུར”གོ་སྐབས་སུ་བཟུང་ནས་མདའ་བཞིའི་ཟས་རིགས་དྲིལ་སྒྲོག་དང་། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག་འོས་སྦྱོར་བྱས་ཏེ། གྲོང་གསེབ་ཀྱི་སྐྱེ་ཁམས་དགེ་མཚན་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་སྤྲོ་གསེང་ཞིང་ཕྱུགས་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར། ཁྱད་ལྡན་འགྲུལ་ཤག་སོགས་ཐོན་ལས་གསར་པ་དང་ལས་རིགས་གསར་པ་སྐྱེད་སྲིང་དང་། ལྗང་མདོག་འཕེལ་རྒྱས་དང་ལྗང་མདོག་ལས་སྤེལ། ལྗང་མདོག་དམངས་ཕྱུག་བཅས་ཀྱི་ལམ་ཁར་བསྐྱོད་དེ་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།

གོམ་སྟབས་རྗེས་མར། མདའ་བཞིས་རྫོང་ཁོངས་སྣེ་འདྲེན་ཁེ་ལས་ཀྱི་ཆས་རྟགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་ར་ཁྲིད་སྟོན་དུ་འཛིན་པ་དང་། མང་ཚོགས་ཀྱི་འདེབས་གསོ་དགོས་མཁོ་ལྟར། སོན་བཟང་ནང་འདྲེན་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་གསོ་སྤེལ་བྱས་ཏེ། ཅོན་ཧྲན་ནོར་དང“བོད་ལུག”སོགས་སོན་བཟང་ཁྱབ་གདལ་གཏོང་རྒྱུ་ཡིན་ལ། “མཚོ་སྔོན་པོའི་ལུ་གུ་དང་གསེར་དངུལ་ཐང་གི་ལུ་གུ ཞ་ཧྭའི་ནོར་གནག”སོགས་ལྗང་མདོག་ཆས་རྟགས་འོས་སྦྱོར་བྱས་ཏེ། མདའ་བཞིའི་ཆས་རྟགས་ངོས་འཛིན་བྱེད་ཚད་དང་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཧྲན་ཏུང་གི་རོགས་སྐྲུན་ཁེ་ལས་དང་གྲོས་མོལ་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། “སྲིད་གཞུང་གི་ལྟ་སྐུལ་དོ་དམ+སྣེ་འདྲེན་ཁེ་ལས+མཉམ་ལས་ཁང+རོང་འབྲོག་ཁྱིམ་ཚང”བཅས་ཀྱི་མཉམ་ལས་གཉེར་སྐྱོང་བྱེད་སྟངས་གསོ་སྐྱོང་བྱ་རྒྱུ། དེ་དང་ཆབས་ཅིག ཡུལ་སྐོར་ཞབས་ཞུ་དང“མངགས་ཐོ་སྔོ་ཚལ”སོགས་ཕྱེད་སྨིན་རང་བཞིན་གྱི་ཞིང་ཕྱུགས་ཐོན་རྫས་གསར་པ་ཁྲོམ་རར་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མདའ་བཞིའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་ཁུངས་དང་སྤུས་ཚད་ལ་གཞི་ཚུགས་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་མཉམ་འགུལ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མདའ་བཞིའི་ཞིང་ཕྱུགས་ལས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号